其他

གསེར་ཆེན་པདྨའི་གཞས་གསར་༼ཕ་ཡུལ་གངས་ལྗོངས༽斯琴白玛新歌全网首发

2018-01-20 藏族歌舞网


一 个 属 于 专 属 藏 歌 舞 的 平 台

25.61万粉丝关注藏区最大微信公众平台

斯琴白玛

               

点击下方歌曲名称播放






ཕ་ཡུལ་གངས་ལྗོངས།  

 ཚིག:རྡོ་གྲགས། 

དབྱངས:ཨ་དི་ཆིན་མེ་ཚེ་རིང། 

ལེན་མཁན:གསར་ཆེན་བད་མ། 

གངས་རི་དཀར་པོ་ཤེལ་གྱི་མཆོད་རྟེན་འདྲ།

 གཙང་ཆབ་སྔོན་མོ་ཁ་བཏགས་འཐེན་པ་འདྲ། 

དགོན་སྡེ་གྲྭ་ཚང་ལྷ་ཡི་ཞིང་ཁམས་འདྲ།

 གྲོང་དང་གྲོང་ཚོ་བདེ་སྐྱིད་དཔལ་ལ་འགྲན། 

ཨ་ཕ་ཡུལ།ངའི་བདེ་སྐྱིད་ཀྱི་ཕ་ས་གྲུ་བཞི། 

ཁྱོད་ནི་ང་ཡི་ཨ་སྔོན་ནམ་མཁའ་ཡིན།

 ཁྱོད་ནི་ང་ཡི་སྤྲིན་པ་དཀར་པོ་ཡིན། 

ཁྱོད་ནི་ང་ཡི་མཛེས་པའི་རྩྭ་ཐང་ཡིན། 

ཁྱོད་ནི་ང་ཡི་ཡངས་པའི་ས་གཞི་ཡིན། 

 མཚོ་དང་མཚེའུ་མིག་གི་རྒྱལ་མོ་འདྲ།

 རི་དང་ལུང་བ་སེམས་ཀྱི་ནོར་བུ་འདྲ། 

མདོ་དབུས་གཙང་གསུམ་ལག་པའི་རི་མོ་འདྲ།

 ཆོལ་ཁ་གསུམ་པོ་མ་གཅིག་བུ་སྤུན་འདྲ།

 ཨ།ཕ་ཡུལ།

ངའི་བདེ་སྐྱིད་ཀྱི་གངས་་ལྗོང་ཕྱུག་མོ། 

ཁྱོད་ནི་ང་ཡི་རི་རྒྱལ་ལྷུན་པོ་ཡིན།

 ཁྱོད་ནི་ང་ཡི་རླུང་རྟའི་བསྐྱབས་གནས་ཡིན། 

ཁྱོད་ནི་ང་ཡི་ནོར་ལུག་འཚོ་གནས་ཡིན།

 ཁྱོད་ནི་ང་ཡི་ས་བོན་འདེབས་ས་ཡིན།


中国藏族歌舞网

25.61万人关注

投稿免费推广

长按二维码关注

点击下方“”查看更多精彩内容

您可能也对以下帖子感兴趣

文章有问题?点此查看未经处理的缓存