▶གཡས•དབང་གྲགས་རྡོ་རྗེའི་གཞས་གསར། ཆོལ་གསུམ་སྐོར་བྲོ།
一 个 属 于 专 属 藏 歌 舞 的 平 台
25.61万粉丝关注藏区最大微信公众平台
♪
点击下方歌曲名称播放
ཆོལ་གསུམ་སྐོར་བྲོ།
ཚིག གཡས•དབང་གྲགས་རྡོ་རྗེ།
དབྱངས། གཡས•དབང་གྲགས་རྡོ་རྗེ།
ལེན་མཁན། གཡས•དབང་གྲགས་རྡོ་རྗེ།
གསེར་གྱི་ཉི་མ་སེར་པོ།།
འཛམ་གླིང་ཡོངས་ལ་འཕྲོས་སོང་།།
དགའ་བའི་གླུ་སྒྲ་སང་སང་།།
སྐྱིད་པའི་རྡོག་སྒྲ་རིག་རིག།
མུན་པའི་འཇིག་རྟེན་འོད་ཀྱིས་ཁྱབས་སོང་།།
ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས།།
བཀྲ་ཤིས་སྐོར་བྲོ་འཁྲབ་ཤོག།
བོད་བརྒྱུད་ནང་བསྟན་ཆོས་ལུགས།།
རྒྱལ་ཁམས་ཡོངས་ལ་དར་སོང་།།
དགའ་བའི་འཛུམ་མདངས་ཤིག་ཤིག།
སྐྱིད་པའི་དགོད་སྒྲ་ལྷང་ལྷང་།།
འཛམ་གླིང་ཞི་བདེའི་གནས་ལ་བཀོད་སོང་།།
ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས།།
བཀྲ་ཤིས་སྐོར་བྲོ་འཁྲབ་ཤོག།
གངས་ཅན་བོད་མིའི་རང་གཤིས།།
མི་ཡུལ་ཡོངས་ལ་གྲགས་སོང་།།
དགའ་བའི་གླུ་སྒྲ་སང་སང་།།
སྐྱིད་པའི་རྡོག་སྒྲ་རིག་རིག།
འཇིག་རྟེན་མི་ཡི་རྒྱན་དུ་གྱུར་སོང་།།
ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས།།
བཀྲ་ཤིས་སྐོར་བྲོ་འཁྲབ་ཤོག།
ཁ་བ་བོད་པའི་རླུང་རྟ།།
མི་ཡུལ་ཡོངས་ལ་དར་སོང་།།
དགའ་བའི་འཛུམ་མདངས་ཤིག་ཤིག།
སྐྱིད་པའི་དགོད་སྒྲ་ལྷང་ལྷང་།།
ང་ཚོ་བོད་པའི་བསོད་ནམས་རྒྱས་སོང་།།
ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས།།
བཀྲ་ཤིས་སྐོར་བྲོ་འཁྲབ་ཤོག།
中国藏族歌舞网
25.61万人关注
投稿免费推广
长按二维码关注