其他

བསྟན་འཛིན་ཉི་མ་གཞས་གསར། ལོ་གསར་གཡང་འབོད། བཀྲ་ལ་ཤིས། 旦增尼玛新歌曲

2018-01-23 藏族歌舞网


一 个 属 于 专 属 藏 歌 舞 的 平 台

25.61万粉丝关注藏区最大微信公众平台

旦增尼玛新歌曲

               

点击下方歌曲名称播放

 བཀྲ་ལ་ཤིས།


 གླུ་ཚིག: ཁྱུང་བཟང་། 

 དབྱངས: དཀའ་ཐུབ་རྒྱལ།

 གཞས་པ: བསྟན་འཛིན་ཉི་མ།

ཞང་ཨ་ཡ་རེ་ཡ་རེ་ཕ་ཨ་ཁུ་ལོ།།

ནང་ལ་གོ་ཁའི་དཀྱིལ་གྱི་རྒན་རྒོན་ཚོ།།

གནམ་ལོ་གསར་པའི་ཉིན་མོ་འདིར།།

ཁྱེད་ཀྱི་ཁ་སེམས་བདེ་བར་ཤོག།

ཕ་ངོ་བུ་ལ་འཕྲོད་པའི་དཔལ་དུ་བཞུགས།།

ཁྱེད་ནི་ཁ་བ་དཀར་པོ་ཡིན།།

གངས་མཐོན་པོའི་མཛེས་རྒྱན་དུ་བབས་ཡོད།།

ང་ཡི་སེམས་ཀྱི་གུར་ཁང་ན།།

ཁྱེད་རྟག་ཏུ་འོད་ཟེར་དང་འགྲོགས་ཡོད།།

ཁྱེད་ནི་རྫ་ཆུ་བསིལ་མ་ཡིན།།

ས་དོག་མོའི་གཡང་དུ་འཁྱིལ་ཡོད།།

ཆད་མེད་འགག་མེད་ཀྱི་ཚེ་ལོངས་སྤྱོད།།

དུས་ནམ་ཡང་ཟད་པ་རེ་མེད་པར།།

ངས་སྨོན་ལམ་འདེབས།



ཞང་ང་ཡ་རེ་ཡ་རེ་སྤུན་ཟླ་ལོ།།

ཕྱི་ལ་ཁྲོམ་པའི་གཞུང་གི་ན་ཟླ་ཚོ།།

གནམ་ལོ་གསར་པའི་ཉིན་མོ་འདིར།།

ཁྱེད་ཀྱི་རླུང་རྟ་དར་བར་ཤོག།

ཕ་ཤུལ་བུ་ཡིས་འཛིན་པའི་དཔལ་དུ་བཞུགས།།

ཁྱེད་ནི་ཐང་དཀར་རྒོད་པོ་ཡིན།།

གནམ་སྔོན་པོའི་མཛེས་རྒྱན་དུ་བརྐྱངས་ཡོད།།

ང་ཡི་སེམས་ཀྱི་གུར་ཁང་ན།།

ཁྱེད་རྟག་ཏུ་སྤྲིན་དཀར་དང་འགྲོགས་ཡོད།།

ཁྱེད་ནི་འདོ་རིགས་རྟ་ཕོ་ཡིན།།

ཁྱོས་སྙིང་གི་བང་རྩལ་བཏོན་ཡོད།།

དགྲ་མེད་དོགས་མེད་ཀྱི་ལས་བྱ་བ།།

དུས་ནམ་ཡང་ལམ་འགྲོ་རེ་ཡོང་བར།།

ངས་སྨོན་ལམ་འདེབས།།

སྒམ་མནན་ནས་གཞས་ལ་གསན་རོགས།



中国藏族歌舞网

25.61万人关注

投稿免费推广

长按二维码关注

点击下方“”查看更多精彩内容

您可能也对以下帖子感兴趣

文章有问题?点此查看未经处理的缓存