其他

སྒ་ཡུལ་ཞབས་བྲོ་ཚོགས་པ་ངོ་སྤྲོད་མདོར་བསྡུས།青海玉树· 嘎域舞蹈队简介

2018-01-23 藏族歌舞网


一 个 属 于 专 属 藏 歌 舞 的 平 台

25.61万粉丝关注藏区最大微信公众平台

酒歌

               

点击下方歌曲名称播放



སྒ་ཡུལ་ཞབས་བྲོ་ཚོགས་པ་ངོ་སྤྲོད་མདོར་བསྡུས།          

 ༡.སྒ་ཡུལ་ཞབས་བྲོ་ཚོགས་པ་བཙུགས་པ།

སྒ་ཡུལ་ཞབས་བྲོ་ཚོགས་པ་ནི་སྤྱི་ལོ༢༠༡༢ལོའི་ཟླ༧པར།    སྒ་ཡུལ་གྱི་ཞིང་འབྲོག་མང་ཚོགས་ཁྲོད་ནས་ལེགས་པར་བདམས་པ་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་ཁྱོན་མི༣༠ཡོད།ཁྲི་འདུ་གླུ་གར་ཚོགས་པའི་ཚོགས་མི།༢༠༠༥ལོའི་མཚོ་སྔོན་བརྙན་འཕྲིན་ཁང་གི་ལོ་གསར་དགོང་ཚོགས་སྟེང་ཞུགས་མྱོང་བ་དང་རྒྱ་ཆེ་བའི་ཆོལ་གསུམ་སྤུན་ཟླའི་དགའ་བསུ་མི་དམན་པ་ཐོབ།ད་དུང་ན་གོར་མོ་སོགས་ས་ཆ་སོ་སོ་ལ་འཁྲབ་སྟོན་བྱེད་དུ་སོང་མྱོང་བ་དང་རྒན་བཀྲ་རྣམ་ཀྱི་ཕུལ་བྱུང་སློབ་མ་ཡིན་པ་མ་ཟད་སྒ་ཡུལ་ཞབས་བྲོ་ཐད་ནས་གྲུབ་འབྲས་མི་དམན་པ་ཐོབ་མྱོང་བའི་ཞབས་བྲོ་བ་རྒན་ཚེ་དཔལ་ལགས་ཀྱི་བླ་མེད་ཀྱི་རྒྱབ་སྐྱོར་དང་སྒ་སྟོད་དམངས་ཁྲོད་ཞབས་བྲོ་ཚོགས་པའི་ཚོགས་མིའམ་ཡུལ་ཤུལ་དམངས་ཁྲོད་བྲོ་ཡི་དེད་དཔོན་མཚན་སྙན་འབར་བའི་རྒན་བཀྲ་རྣམ་གྱི་དངོས་སློབ་ཆུང་དུས་ནས་ཞབས་བྲོ་སྒྱུ་རྩལ་ལ་མོས་པའི་ཞབས་བྲོ་བ་སྐལ་བཟང་ཤཱཀྱ་ལགས་ཀྱིས་ཚོགས་གཙོའི་འགན་འཁུར་ཏེ།མཛེས་སྡུག་རྣམ་པ་བཀྲ་བའི་དབྱར་གཞུང་ལ་སྒ་ཡུལ་ལྗོངས་ལ་སྒ་ཡུལ་ཞབས་བྲོ་ཚོགས་པ་དངོས་སུ་དབུ་བརྙེས།                

༢ཚོགས་པའི་དོན་སྙིང་།                         

བོད་མི་རིགས་ཀྱི་གླུ་གར་བྱ་གཞག་རྒྱུན་འཛིན་དང་དར་སྤེལ་བཏང་ནས་སྒ་ཡུལ་གྱི་བྲོ་གར་སོགས་ཐུན་མིན་ཁྱད་ཆོས་ལྡན་པ་དང་ཡིད་དབང་འཕྲོག་པའི་དམངས་ཁྲོད་སྒྱུ་རྩལ་གར་སྟེགས་ཐོག་འཁྲབ་སྟོན་བྱ་རྒྱུའི་བརྩོན་ལེན་བྱེད་རྒྱུ་དེ་ཡིན།                                  

༣ཚོགས་པའི་དམིགས་ཡུལ།                    

བོད་རིགས་ནི་ལས་ལ་བརྩོན་ཞིང་དཔའ་རྩལ་ཆེ་ལ་བློ་གྲོས་དང་ཤེས་རབ་ཀྱི་དཔའ་འཛིན་པའི་མི་རིགས་ཤིག་ཡིན་པ་དང་།དེ་ཡང་བོད་ལ་གནའ་སྔ་མོ་ནས་སྐྱེ་བོའི་ཚོགས་ཀྱིས་´´གླུ་གར་གྱི་རྒྱ་མཚོ´´ཞེས་བསྔགས་པ་བཞིན།སྐྱེས་ཕོ་མོ་རྒན་གཞོན་བར་གསུམ་སུ་ཡིན་ཡང་བྲོ་ལ་དུངས་པ་ཞིག་ཡིན།དེ་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་ཆ་ནས་བཟོ་རིག་པའི་ཁོངས་སུ་གཏོགས་སོ།།          བོད་ཀྱི་གླུ་གར་བྲོ་གསུམ་གྱི་རིག་གནས་འདི་མི་རིགས་གཞན་གྱི་རིག་གནས་འདིའི་འཕེལ་ཚུལ་དང་འདྲ་བར།ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་ཕན་ཚུན་འགྲོགས་པ་ལས་མཆེད་པའི་རང་རེའི་མེས་པོ་རྣམས་ཀྱིས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་རང་ཉིད་ཀྱི་ཤེས་རབ་དང་བློ་གྲོས་བླ་ལྷག་ཏུ་གཅིག་བསྡུས་དང་འདོན་སྤེལ་བྱས་པའི་འབྲས་བུ་ཡིན།                           

༤  ཚོགས་པའི་འགན་ཁུར།

སྒ་ཡུལ་དངོས་མིན་ཤུལ་བཞག་རིག་གནས་ཐུགས་ཁུར་གནང་སྟེ།ད་དུང་ཡང་ཞབས་བྲོ་ལ་མོས་པ་ཡོད་པའི་མི་བུ་གང་མང་སྐྱེད་སྲིང་བྱེད་རྒྱུ་དང་སྒ་ཡུལ་ཁྱད་འཕགས་ཀྱི་ཞབས་བྲོ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ།                          

༥སྤྱི་ཚོགས་ཀྱི་གདེང་འཇོག   

སྒ་ཡུལ་ཞབས་བྲོ་ཚོགས་པའི་ལོ་ངོོ་ལྔ་ལས་བརྒལ་བའི་བྱ་བར་མུ་མཐུད་དུ་སྨྱན་གཟུགས་ཀྱི་ཐུགས་ཁུར་བྱ་ཡུལ་དུ་གྱུར།སྐལ་བཟང་ཡར་འགྲོ་འཕྲིན་སྟེགས་སོགས་ཀྱིས་རྒྱལ་ཕྱི་ནང་དུ་ཤུགས་ཆེན་པོས་ཁྱབ་བསྒྲགས་བྱས།སྡོམ་རྩིས་བྱས་པ་ཆ་ཚང་མིན་ཀྱང་།སྔ་གཞུག་ཏུ་སྨྱན་གཟུགས་ཁང༡༠༠ལྷག་གིས་ཐེངས༣༠༠ལྷག་ལ་ཁྱབ་བསྒྲགས་བྱས།དེའི་ནང་དུ་རྒྱལ་ཁབ་རིམ་པས་ཐེངས༣༥ལ་ཁྱབ་བསྒྲགས་བྱས་པ་དང་།ཕྱིའི་སྨྱན་གཟུགས་ཀྱིས་ཐེངས༤ལ་ཁྱབ་བསྒྲགས་བྱས།ད་དུང་སྒ་ཡུལ་མི་དམངས་ཀྱིས་བསྟོད་ཡུལ་དུ་གྱུར་ཡོད།        

སྒ་ཡུལ་ཞབས་བྲོ་ཚོགས་པའི་ཉེ་བའི་ལོ་ངོ་གཅིག་གི་རིང་ལ་བླངས་པའི་གཟེངས་རྟགས་ནི།

༡༢༠༡༧ལོའི་འབའ་དགོན་ཡུལ་ཚོའི་སྒ་ཇོ་བོའི་འཆམ་མཐུན་ལོ་གསར་སྤྲོ་ཚོགས་སྟེང་སྒ་ཡུལ་ཞབས་བྲོ་ཚོགས་པས་བྱ་དགའ་ཨང་དང་པོ་བླངས།

༢༠༡༧ལོའི་སྒ་ཡུལ་ནོར་བུ་གླིང་ལོ་གསར་སྤྲོ་ཚོགས་ཆེན་མོའི་སྟེང་ནས་སྒ་ཡུལ་ཞབས་བྲོ་ཚོགས་པ་ཕུལ་བྱུང་བྱ་དགའ་མཚན་སྙན་ཐོབ།ད་དུང་ཡང་ལོ་གསར་དགོང་ཚོགས་མང་པོ་དང་ས་གནས་ཀྱི་གཉེན་སྟོན་མཛད་སྒོ་སྟེང་།ན་གོར་མོ་ལ་སོགས་གྲོང་ཁྱེར་མང་པོ་རུ་འཁྲབ་སྟོན་དུ་སོང་བ་ཉུང་ཙམ་མིན།

མཇུག་མཐར་ཁྱེད་ཉིད་ལ་གསལ་འདེབས་བྱ་རྒྱུ་ནི།

སྒ་ཡུལ་ཞབས་བྲོ་ཚོགས་པས་དུས་རྟག་ཏུ་ཞབས་བྲོ་ལ་མོས་པའི་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་བཀའ་དྲིན་ཆེ་ཞུ་བ་དང་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་རེ་བ་ཞིག་ཏུ་སྨོན།   

               རྩོམ་སྒྲིག་པ།སྒ་རྟོགས་སད།       

 嘎域舞蹈队简介。

1,嘎域舞蹈队建立于公元2012年7月,是一支从嘎域农牧民中挑选组成的拥有30人的团队。在嘎域民间歌舞方面取得优异成绩的才巴老师曾是称多歌舞团会员,参加过青海广播电视台春节联欢晚会既格尔木等地进行过表演,玉树民间舞蹈家扎南老师的入门第子尕松夏加担任嘎域舞蹈队队长,因他的努力和认真的负责下,唯美形式绚丽的进行下嘎域舞团正式成立。

2团体的意义。为藏民族歌舞事业的继承及发扬嘎域舞蹈的精神。力求在舞台上表演充满魅力的民间文艺舞蹈,树立独树一帜的团队精神。

3团队的目标。藏族是勤劳朴实和智慧为旗帜的民族。人们对藏族有“歌舞的海洋”等的歌颂之词,藏族人民男女老少都热爱舞蹈。这在藏族千年历史中属于工巧明。藏族歌舞与其他民族文化发展一样,是在父猕猴和母岩罗刹女相伴的延伸下,我们的祖先们在漫长的历史中将自己的智慧和文化进一步集中和发挥的结果。

4嘎域舞蹈队近一年来取得的荣誉                           2017年巴干乡和谐新年演艺上嘎域舞蹈队舞蹈取得第一名荣誉。

 2017年嘎域诺布岭春节晚会上嘎域舞蹈队获得最佳优秀奖荣誉称号。而且新年晚会,地方婚礼仪式上,以及在 格尔木等城市有过多次的表演。他们在表演过程中,仍不忘初心,他们希望在以后的表演中能将民族舞蹈发扬光大,及传承民族舞蹈。

青海玉树《嘎域舞蹈队》团队精彩演艺视频

https://v.qq.com/txp/iframe/player.html?vid=a0537t6at78&width=500&height=375&auto=0
https://v.qq.com/txp/iframe/player.html?vid=q0537chxpqw&width=500&height=375&auto=0https://v.qq.com/txp/iframe/player.html?vid=q05371ndfld&width=500&height=375&auto=0

青海玉树《嘎域舞蹈队》团队写真!


中国藏族歌舞网

25.61万人关注

投稿免费推广

长按二维码关注

点击下方“”查看更多精彩内容

您可能也对以下帖子感兴趣

文章有问题?点此查看未经处理的缓存