其他

ཐའེ་ལནྜའི་ནང་པའི་ཆོས་པ་ཞིག་གི་འདས་རྟགས་ངོ་མཚར་ཅན།泰国一个修道人圆寂时的奇异

2018-01-24 藏族歌舞网


一 个 属 于 专 属 藏 歌 舞 的 平 台

25.61万粉丝关注藏区最大微信公众平台

               


རིགས་སྲས་ལུགས་གཉིས་ཕོ་ཉའི་གླིང་།

          སྤྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༢༢ ཉིན།<br>ངོ་མཚར་བའི་པར་འདིས་ནང་པའི་དགེ་འདུན་པ་ཞིག་གི་ཞལ་རས་ཀྱི་འཛུམ་མདངས་སྟོན། དགེ་འདུན་པ་དེ་གྲོངས་ནས་ཟླ་བ་གཉིས་ཀྱི་རྗེས་སུ། ཁོའི་རྗེས་འཇུག་པ་རྣམས་ཀྱིས་ཕུང་པོ་དུར་སྒམ་ནས་བླངས།


    上面的图片是泰国的一位佛教大师圆寂时出现的种种奇异现象。大师在医院圆寂后法体被请往此处,一周后,大师的弟子和追随者们在礼拜过后将棺木打开,令人惊讶的是,法师的遗体并没有腐坏的现象!


    འདས་ལོའི་སྤྱི་ཟླ་ ༡༡ ཚེས་ ༡༦ ཉིན་དགུང་ལོ་ ༩༢ ལ་སོན་པའི་དགེ་སློང་ལུ་ཨང་ ཕོར་ ཕིན་(Luang Phor Pian) རྐྱེན་དབང་གིས་ཐའེ་ལནྜི་(Thailand) ཡི་རྒྱལ་ས་བྷན་ཀོག་(Bangkok) གི་སྨན་ཁང་ཞིག་ཏུ་དགོངས་པ་རྫོགས།


     དགེ་སློང་ཕིན་གྱི་ཕ་ཡུལ་ངོ་མ་དེ་ཁཱམ་པོ་ཊི་ཡ་(Cambodia) ཡིན་ཡང་། ཁོས་མི་ཚེ་ཧྲིལ་བོ་ཐའེ་ལནྜི་རྒྱལ་ས་བྷན་ཀོག་གི་ས་གནས་ལོ་པི་བྷུ་རི་(Lopburi) ནས་ཆོས་ཀྱི་སློབ་དཔོན་གནང་།

ཁོང་སྨན་ཁང་ནས་གྲོངས་རྗེས་སྐུ་ཕུང་ས་གནས་དེར་གདན་དྲངས། བདུན་ཕྲག་འདིར་ཁོང་གི་རྗེས་འཇུག་པ་རྣམས་ཀྱིས་དགོན་པར་ཕྱག་འཚལ་ཞིང་བསྙེན་བཀུར་བའི་སྐུ་ཕུང་དེ་བུར་སྒམ་ནས་ཕྱིར་བཏོན་པར། ཧང་སངས་དགོས་པ་ཞིག་ལ་སྐུ་ཕུང་ལ་རུལ་སྐྱོན་ཅི་ཡང་བྱུང་མེད་པ་རེད།


གསར་འགྱུར་དུ་བརྗོད་པ་ལྟར་ན་སྲིད་གཞུང་གིས་ཁོང་གི་སྐུ་ཕུང་ལ་ཏག་ཏག་རན་པའི་ན་བཟའ་གསར་པ་ཕུལ་དགོས་པའི་བཀའ་ཁྱབ་བཏང་ཡོད་འདུག


ངོ་མཚར་བ་ཞིག་ལ་འདས་པོ་ཕིན་གྱི་ཞལ་རས་ལས་འཛུམ་མདངས་ཤིག་མངོན་ཡོད་པ་དེ། རྗེས་འཇུག་པ་རྣམས་ཀྱིས་པར་བླངས་ནས་སྤྱི་ཚོགས་གསར་འགྱུར་ཁག་ལ་འགྲེམ་སྤེལ་བྱས་ཡོད་འདུག


དམ་པ་དེའི་རྗེས་འཇུག་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་གོམས་སྲོལ་བཞིན་ཁོང་སྐུ་འདས་ནས་ཉིན་ ༡༠༠ མ་ལོན་པར་ཕྱག་འཚལ་མཆོད་འབུལ་དང་། བསྙེན་བཀུར་མུ་མཐུད་ཞུ་རྒྱུ་ཡིན་འདུག

         



中国藏族歌舞网

25.61万人关注

投稿免费推广

长按二维码关注

点击下方“”查看更多精彩内容

您可能也对以下帖子感兴趣

文章有问题?点此查看未经处理的缓存