查看原文
其他

ལྷ་སར་ཡང་གངས་འབབ་རྒྱུ་རེད་བཞག


གསར་འགོད་པར་ལྷ་ས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཚེས་25ཉིན་གྱི་ཉིན་མོ་ནས་ཚེས་26ཉིན་བར་ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་གངས་ཡུད་ཙམ་འབབ་རྒྱུ་མ་ཟད། དྲོད་ཚད་ཧྲེ་ཧྲི་ཏུའུ་3ས་6བར་ཆག་རྒྱུ། ཚེས་27ཉིན་ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་ཆེ་བར་གནམ་འཐིབས་ནས་གངས་ཡུད་ཙམ་མམ་ཆུང་བ་འབབ་རྒྱུ་དང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་གངས་འབྲིང་བ་འབབ་རྒྱུ།


ཤ་ཚའི་དྲན་སྐུལ།

གཅིག གངས་བབས་ནས་དྲོད་ཚད་ཆག་པའི་དབང་གིས་ལམ་དུམ་ཁག་གཅིག་ཏུ་འཁྱགས་པ་ཐེབས་ཡོད་པས། འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས།

གཉིས། གངས་བབས་རྗེས་དྲོད་ཚད་མངོན་གསལ་དོད་པོས་ཆག་པས། ནུས་རྒྱུ་མཁོ་སྤྲོད་ལས་དོན་ཡག་པོ་སྒྲུབ་པ་དང་དེ་བཞིན་གྲོང་ཁྱེར་གྱི་མདོང་ལམ་སྒྲིག་ཆས་ལ་འགོག་སྲུང་ཡག་པོ་བྱེད་དགོས། དེ་དང་ཆབས་ཅིག་ས་བབ་མཐོ་ལ་གྲང་ངར་ཆེ་བའི་འབྲོག་ཁུལ་དུ་ཕྱུགས་ཟོག་གི་གྲང་འགོག་དྲོད་སྲུང་ལས་དོན་ཡག་པོ་སྒྲུབ་དགོས།



འོས་སྦྱོར།

ལྗོངས་སྒྲིག་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོཊ་ཐེངས་བཞི་པ་འཚོཊ་པ

བོད་ལྗོངས་ཞིང་འབྲོག་སློབ་གླིང་སློབ་ཆེན་དུ་བསྒྱུར་རྩིས་འདུག

ཁང་པ་སོཊ་གོང་ཁེ་པོས་འཚོང་རྒྱུ་ཡོད་ཟེར་མཁན“ལས་བྱེད་པ”དེ་བཟུང་འདུག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན། ཉི་མ་བཀྲ་ཤིས།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

ལྷ་སར་ཡང་གངས་འབབ་རྒྱུ་རེད་བཞག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存