查看原文
其他

བསོད་ནམས་གྲོང་ཚོའི་ནང་གི་བདེ་སྐྱིད་ལྡན་པའི་གཏམ་རྒྱུད།

ལེ་ཚན་གཏོད་པའི་གཏམ།




    འདི་ག་སྐད་འཕྲིན་གྱིས“དཔྱིད་གསར་དུས་སུ་གཞི་རིམ་དུ་སྐྱོད་པའི”ཆེད་སྒྲིག་ལེ་ཚན་བཏོད་དེ་ས་མཐོའི་བུ་ཕྲུག་གིས་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ངར་སེམས་ཆེར་སྐྱེད་དང་དྲིན་ཚོར་འབད་འབུངས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་པ་དང་། བོད་ཀྱི་འཕེལ་རྒྱས་གསར་པ་དང་། གྲུབ་འབྲས་གསར་པ། འཚོ་བ་གསར་པ་བཅས་ཕྱོགས་ཡོངས་ནས་མཚོན་པ། ལས་རིགས་ཁག་གིས་ལས་གནས་བརྟན་སྲུང་དང་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་བ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་ནས་སྤྲོ་སྣང་དོད་ལ་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་ཟབ་མོ་གཏོད་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།




   སླར་ཡང་ལོ་མཇུག་ཏུ་སླེབས་པས། ལོ་གཅིག་རིང་གཞི་རིམ་མང་ཚོགས་ཀྱིས་འཚོ་བ་ཇི་འདྲ་བསྐྱལ་ཡོད་དམ། གྲོང་ཚོར་གནས་ཚུལ་གསར་པ་གང་དག་ཐོན་ཡོད་དམ། དོགས་གནད་དེ་དག་ཁྱེར་ནས་གསར་འགོད་པ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་བསོད་ནམས་གྲོང་ཚོར་བསྐྱོད།



    མ་གཞི་གྲང་ངར་ཆེ་བའི་དགུན་དུས་ཡིན་མོད། འོན་ཀྱང་བསོད་ནམས་གྲོང་ཚོར་གད་སྙིགས་མཐོང་རྒྱུ་མེད་པ་དང་། བདེ་སྡོད་ཁང་པ་གྲལ་བསྟར་འགྲིག་པ། ཨར་འདམ་ལམ་གྲོང་ཚོ་དང་དུད་ཚང་གི་སྒོ་འགྲམ་བར་བཏིང་ཡོད་པ་བཅས་ལས་འདྲེན་བྱེད་ལམ་དུ་གམ་གཙང་ཞིང་གྲལ་སྟར་འགྲིག་པའི་ཁོར་ཡུག་ཅིག་མངོན།

    2023ལོར་སྣེ་གདོང་ཆུས་ཀྱིས་བསོད་ནམས་གྲོང་ཚོ“ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”དུ་བདམས་པས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཟླ་བར་སྤོབས་སེམས་ཆེན་པོ་སྐྱེས་ཤིང་། ཁོང་གིས“ན་ནིང་གྲོང་ཚོའི་འགྱུར་ལྡོག་ཆེ་ཤོས་དེ་ནི་ཁོར་ཡུག་བཅོས་སྒྲིག་བྱས་པ་ལས་བྱུང” “ང་ཚོས་ཁྱིམ་ཚང་ཚང་མ་སྒྲིག་འཛུགས་བྱས་ཏེ‘མཛེས་སྡུག་ལྡན་པའི་བྱ་སྤྱོད་ཆེན་པོ་བཅུའི’ནང་ཞུགས་ཏེ་གྲོང་ཚོའི་ཉེ་འཁོར་དུ་ལྕགས་དྲྭ་སྐོར་བ་དང་གྲོང་ཚོའི་གཞུང་ལམ་སྨི་གཅིག་རྒྱ་ཆེར་བཏང་བས་མང་ཚོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་འདུ་ཤེས་དེ་བས་ཟབ་ཏུ་ཕྱིན་པ་དང་སྒོ་ར་དེ་བས་གཙང་སྦྲ་དོད་ལ་གྲོང་ཚོ་དེ་བས་མཛེས་ལྡུག་ལྡན་པར་གྱུར་སོང”ཞེས་བཤད།



    བསོད་ནམས་གྲོང་ཚོའི་བདེ་སྐྱིད་ལྡན་པའི་རྣམ་པ་དེ་འཚོ་བའི་ཁོར་ཡུག་ལས་མཚོན་པ་མ་ཟད། གྲོང་མིའི་ཡོང་འབབ་མང་དུ་སོང་བ་ལས་ཀྱང་མཚོན་གྱི་ཡོད།

    ད་ཕན་ལོ་ཤས་རིང་བསོད་ནམས་གྲོང་ཚོས་ས་ཞིང་བརྒྱུད་བཤུག་དང་། རྐང་ཞུགས་བགོ་འགྲེམས། གཞན་སྒྱུར་ལས་ཞུགས། ཞིང་ལས་ལག་རྩལ་རིམ་སྤོར་སོགས་ཀྱི་རྣམ་པར་བརྟེན་ནས་སྙི་བ་འདེབས་འཛུགས་དང་། བཞོན་མ་གསོ་ཚགས། བོད་བཟོའི་ཁྱིམ་ཆས་ལས་སྣོན་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་ཐོག་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་འཕེལ་བ་དང་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཡོང་ཐབས་བྱས་ཡོད།

    “སྙི་བ་འདེབས་འཛུགས་བྱས་པ་ཁོ་ནར་མུའུ་རེར་ཁེ་སྤོགས་སྒོར་ཁྲི་3ལྷག་ཙམ་ཡོང་གི་འདུག”ཅེས་པ་སངས་ཟླ་བས་བཤད་པ་དང་ད་ཆ་གྲོང་ཚོ་ཡོངས་ཀྱི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.2ལྷག་ཙམ་ཟིན་ཡོད།

    གཞན་ཡང་། བོད་ཕག་གསོ་ཚགས་ནི་གྲོང་ཚོའི་མཉམ་སྡེབ་ཀྱིས་གསར་དུ་གཉེར་བའི་ཐོན་ལས་ཤིག་ཡིན་པས་ཐོག་མའི་དུས་མཚམས་སུ་གནས་མོད། འོན་ཀྱང་མང་ཚོགས་ལ་ཡོང་འབབ་མི་ཉུང་བ་བྱུང་ཡོད།



    བསོད་ནམས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་དང་པོ་ཝང་དབྱི་ཧྥན་གྱིས“ན་ནིང་ཟླ་12པར་གཉེར་བའི་ཡར་ཀླུང་ཚོང་འདུས་སུ་ང་ཚོའི་གྲོང་ཚོར་བོད་ཕག་གི་ཤ་བཙོངས་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་བ་དང་། མིག་སྔར་ལོ་གསར་གྱི་མཁོ་ཆས་ཉོ་བའི་དུས་སྐབས་ཡག་ཤོས་ཡིན་པས་དུས་ཆེན་གྱི་སྔ་རྗེས་སུ་ད་དུང་ཕག་ཤ་ཁག་ཅིག་བཙོངས་ན་སྔོན་དཔག་ལ་ཁེ་སྤོགས་སྒོར་ཁྲི་3ལྷག་ཙམ་ཡོང་སྲིད་པས་སྐབས་དེ་དུས་མང་ཚོགས་ལ་བགོ་འགྲེམས་དེ་བས་མང་བ་རག་སྲིད”ཅེས་བཤད།

    དཔལ་འབྱོར་ཡོང་འབབ་འཕར་སྟབས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའང་ཕུན་སུམ་ཚོགས་སུ་སོང་ཡོད།

    གྲོང་མི་སྐྲ་བཟང་གི་ཁྱིམ་དུ་སྐྱོད་སྐབས་ཁོང་གིས་གད་མོ་འཚེར་འཚེར་ངང་དོན་འོང་བ་དང་བརྙན་འཕྲིན་ནས་བརྙན་འཕྲིན་འཁྲབ་གཞུང་སྟོན་བཞིན་འདུག



    “དེ་སྔ་བརྙན་འཕྲིན་གྱི་བརྡ་རྟགས་ཡག་པོ་མེད་རྐྱེན་འཕྲིན་ལམ་ཧ་ཅང་ཉུང་ཉུང་རེད”ཅེས་སྐྲ་བཟང་གིས་བརྙན་འཕྲིན་འཕྲུལ་ཆས་ལ་མཛུབ་མོ་འཛུགས་བཞིན་དུ“ད་ཆ‘དུད་ཚང་ཀུན་ཁྱབ’གསར་པ་སྦྲེལ་མཐུད་ཐུབ་ནས་འཕྲིན་ལམ་མང་ལ་བརྡ་རྟགས་ཀྱང་བརྟན་པོ་འདུག ལྟ་འདོད་པ་ཚང་མ་ལྟ་རྒྱུ་འདུག་པས། ལོ་གསར་སྐབས་སུའང་ནང་མི་མཉམ་དུ་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དང་བོད་ཀྱི་ལོ་གསར་གྱི་མཚན་ཚོགས་ལྟ་གི་ཡིན”ཞེས་བཤད།

    2023ལོར་སྣེ་གདོང་ཆུས་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱིས་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་མཉམ་དུ་བསོད་ནམས་གྲོང་ཚོར“དུད་ཚང་ཀུན་ཁྱབ”ཀྱི་སྒྲིག་ཆས་རབས་བཞི་པ་ཆ་ཚང་156སྒྲིག་སྦྱོར་བྱས་པས་གྲོང་མི་རྣམས་ལ་ཆེས་གསལ་བརྙན་འཕྲིན་ལྟ་ཐུབ་པ་བྱུང་ཡོད།

    “སྲུང་སྐར་བརྙན་འཕྲིན་ལེ་ཚན་གྱི་འཕྲིན་ལམ་94དང་རླུང་འཕྲིན་ལེ་ཚན་གྱི་འཕྲིན་ལམ་43དུས་དང་རྣམ་པ་ཀུན་ཏུ་ལྟ་ཉན་ཐུབ་པས། ཚང་མ་བློ་ཧ་ཅང་མགུ་པོ་བྱུང་འདུག”ཅེས་པ་སངས་ཟླ་བས་བཤད།

    སྤྱིར་བཏང་གི་འཚོ་བར་བཀྲག་མདངས་འཚེར་ཞིང་བྱ་བ་ཆུང་ཙག་ལས་བདེ་སྐྱིད་ཀྱི་རྣམ་པ་མངོན། ལོ་གསར་པར་བསོད་ནམས་གྲོང་ཚོའི་མང་ཚོགས་ཀྱིས་ད་དུང་རེ་བ་གསར་པ་འཆང་བཞིན་གོམ་སྟབས་བརྟན་པོ་སྤོས་ཏེ་བདེ་སྐྱིད་ཀྱི་ལམ་བུའི་ཐོག་ལེའུ་གསར་པ་རྩོམ་ངེས་རེད།

པར་རིས་ཡོང་ཁུངས། དྲ་འཕྲིན་སྣེ་གདོང་།






འོས་སྦྱོར།

ཝང་ཅུན་ཀྲེང་གིས་སྒྲིག་གཞི་སྒྱུར་བཅོས་སྐོར་ལ་ནན་བཤད་གནང་དོན……

བསོད་ནམས་དབང་གྲགས་ལགས། བཀྲ་ཤིས་བདེ་ལེགས།

ཕྲུ་གུ་འཚུབ་ཐེར་འདིས་ཏོག་ཙམ་མ་གཏོགས་ཆག་སྒོ་བསླངས་འདུག




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com



继续滑动看下一个

བསོད་ནམས་གྲོང་ཚོའི་ནང་གི་བདེ་སྐྱིད་ལྡན་པའི་གཏམ་རྒྱུད།

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存