查看原文
其他

ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་……


   

    ཟླ་1ཚེས་31ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་ཐོགཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་དང་འགན་ལེན་ནུས་ལྡན་བྱེད་དགོས》ཞེས་པའི་དཔྱད་གཏམ་སྤེལ་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་སྐོར་གླེང་འདུག


    དཔྱད་གཏམ་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་མ་ཟད། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པ་མཐའ་འཁྱོངས་ཀྱིས‘དོན་ཆེན་བཞིར’དམིགས་ནས‘འཛུགས་གཏོད་བཞིར’ཤུགས་བརྒྱབ་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་སྤྱི་ཡོངས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོསཔའི་ནན་བཤད་བྱས་ཡོད།


    དཔྱད་གཏམ་ནང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་ཀྱིས་ཐོག་མའི་གསར་གཏོད་རང་བཞིན་དང་། དམིགས་བསལ་གྱི་གསར་གཏོད་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལྡན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་རབ་དང་རིམ་པ་གསལ་པོར་བཏོན་པ་དང་། དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་གཏིང་ཟབ་བསྐྱོན་པ་མ་ཟད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཡང་གྲུབ་སྟེ། ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རིག་གནས་དར་རྒྱས་དང་རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་མུ་མཐུད་སྐུལ་འདེད་གཏོང་ཆེད་བསམ་བློའི་མཚོན་ཆ་གལ་ཆེན་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད།


    དཔྱད་གཏམ་ནང་ནན་བཤད་བྱས་དོན། དུས་རབས་གསར་པའི་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཇོག་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་མར་ཁེ་སི་རིང་ལུགས་རིག་གནས་ཀྱི་རིགས་པའི་གཞུང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དེར་གོ་བ་གཏིང་ཟབ་བླངས་ནས་རིག་གནས་འཛུགས་སྐྱོང་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཐོག་འཇོག་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་ཏང་གི་རིག་གནས་འགོ་ཁྲིད་ཀྱི་དབང་ཆ་དང་ཀྲུང་ཧྭའི་རིག་གནས་ཀྱི་བྱེད་པོའི་རང་བཞིན་བརྟན་དུ་གཏོང་བའི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པར་གོ་བ་གཏིང་ཟབ་བླངས་ནས། ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས་ལ་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་བསམ་པའི་འབྲེལ་ཐག་ཅིག་ཡིན་པར་གོ་བ་གཏིང་ཟབ་བླངས་ནས“ཟུང་འབྲེལ་གཉིས”དང་ལྷག་པར་དུ་ཟུང་འབྲེལ་གཉིས་ཀྱི་སྙིང་བཅུད་ཀྱི་དོན་སྙིང་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱེད་དགོས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་དུས་རབས་གསར་པ་དང་རིག་གནས་ཀྱི་ལས་འགན་གསར་པ་འཁུར་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་པར་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས།


འོས་སྦྱོར།

ལ་བརྒྱབ་ཀླུང་བརྒལ་གྱིས་འོངས་བ་ནི་བརྩེ་དུང་ཁོ་ནའི་ཆེད་དུ་ག་ལ་ཡིན།

འདིའི་ཆེད་དུ་ཏོག་ཙམ་མ་གཏོགས་སྒོར་ཁྲི་ཆག་1མགོ་སྐོར་ཐེབས་འདུག

ལོ་གསར་གོང་སྒོ་དང་སྒེའུ་ཁུང་ལ་ཤམ་བུ་བསྒར་དོན་གང་ཡིན་ནམ།




རྩོམ་སྒྲིག་པ་གཙོ་བོ། བློ་བསྟན།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་……

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存