查看原文
其他

ལོ་གསར་གྱི་སྐེ་མཚམས་འདིར་ནག་ཆུའི་ལས་བྱེད་པ་བཞི་བརྡ་ཁྱབ་བཏང་འདུག

    

     2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཉེན་བརྡའི་ཟིལ་ཤུགས་ཆེ་རུ་དང་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་གསར་ཡག་པོ་གཏོང་བ་དང་སྤྱོད་གཙང་རང་འདོམས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ནག་ཆུ་གྲོང་ཁྱེར་གྱི“ལས་བྱེད་པའི་སྤྱོད་ཚུལ་དག་ཐེར་ལོའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཆེད། ཟླ་2ཚེས་4ཉིན། ནག་ཆུ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་དཔེ་ཁག་གསུམ་བརྡ་ཁྱབ་བཏང་བ་གཤམ་གསལ།


     གསེར་རྙེད་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་ཁོའོ་ཡོན་ཁྲེན་ཝུའེ་ཡིས་སྒྲིག་འགལ་ངང་འབུལ་རྟེན་དངུལ་དང་ཤོག་ཆག་བླངས་པ་སོགས་ཀྱི་གནད་དོན། 2015ལོའི་ཟླ་7པ་ནས་2019ལོའི་ལོ་སྨད་བར་ཁྲེན་ཝུའེ་ཡིས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་སྒྲིག་འགལ་ངང་དོ་དམ་དང་ཞབས་འདེགས་ཞུ་ཡུལ་ས་ནས་འབུལ་རྟེན་དངུལ་དང་ཤོག་ཆག་ཁྱོན་སྒོར་ཁྲི་1.2ལྷག་ཙམ་བླངས་ཡོད། ཁོ་པར་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད་པས། སྲིད་དོན་གྱི་སྐྱོན་ཐོ་འགོད་པའི་ཆད་པ་ཕོག་ཡོད།


      ལྷ་རི་རྫོང་ལྷ་རི་གྲོང་རྡལ་གྱི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་འཇམ་དཔལ་ཚེ་རིང་གིས་གཏན་འབེབས་ལས་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱས་པ་སོགས་ཀྱི་གནད་དོན། 2018ལོར་འཇམ་དཔལ་ཚེ་རིང་གིས་དབྱར་རྩྭ་དགུན་འབུ་རྐོ་དུས་ཀྱི་དོ་དམ་གྲོན་དངུལ་ནས་སྒོར་ཁྲི་2.2ལྷག་ཙམ་རྟ་རྒྱུག་དུས་ཆེན་དང་། ལས་བྱེད་པར་དགའ་སྐྱེལ། དུས་ཆེན་དང་གུང་གསེང་གི་གསོལ་སྟོན། ལས་དོན་ཚོགས་ཆུང་ལ་སྣེ་ལེན་སོགས་ཀྱི་ཐད་སྤྱད་ཡོད། ཁོ་པར་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད་པས། ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་ཡོད།


     འབྲི་རུ་རྫོང་གཡང་ཤོད་ཤང་གི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཅ་ནུའུ་དང་དེ་སྔའི་ཤང་ཀྲང་ཁྲུའུ་ཚུང་ཧྥེ་ཡིས་སྒྲིག་འགལ་ངང་ཅ་དངོས་སྤྲད་པ་སོགས་ཀྱི་གནད་དོན། 2016ལོའི་ཟླ་4པ་ནས་ཟླ་8པའི་བར། ཅ་ནུའུ་དང་ཁྲུའུ་ཚུང་ཧྥེ་གཉིས་གྲོས་བསྡུར་བྱས་པ་བརྒྱུད་གཡང་ཤོད་ཤང་མི་དམངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། དབྱར་རྩྭ་དགུན་འབུ་བརྐོས་ཤུལ་གྱི་སྤང་ཁ་གསོ་བའི་གྲོན་དངུལ་ནས་སྒོར་ཁྲི་7ལྷག་ཙམ་བཏང་སྟེ་ཉེན་རྟོག་པའི་ལྭ་རིང་59ཉོ་རྒྱུའི་གྲོས་འཆམ་བྱུང་བ་མ་ཟད་དེ་དག་སྒྲིག་འགལ་ངང་ཤང་དེའི་ལས་བྱེད་པ་59ལ་སྤྲད་པ་རེད། 2017ལོའི་ཟླ་12པར། གཡང་ཤོད་ཤང་མི་དམངས་སྲིད་གཞུང་གིས་ལས་དོན་ཚོགས་ཆུང་ལ་ཁྱོན་སྒོར་2850ཟིན་པའི་ཐ་མག་རྡར་ཚན་4སྤྲད་ནས་སྒྲིག་འགལ་ངང་སྣེ་ལེན་ཞུས་པས། ཁོ་གཉིས་ལ་དྲན་སྐུལ་སློབ་གསོའི་ཆད་པ་ཕོག་ཡོད།


འོས་སྦྱོར།

ཞི་ཅིན་ཕིང་གིས་དཔྱིད་གསར་དུས་ཆེན་ལ་སྨོན་འདུན་བཟང་པོ་ཞུས་པ།

ལོ་གསར་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུར་ཝང་ཅུན་ཀྲེང་གིས་……

ཡས་བཟེད་ཀྱི་རྟེན་འབྲེལ་མཚོན་དོན་ཅི་ཡིན།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།ཉི་མ་བཀྲ་ཤིས།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com

继续滑动看下一个

ལོ་གསར་གྱི་སྐེ་མཚམས་འདིར་ནག་ཆུའི་ལས་བྱེད་པ་བཞི་བརྡ་ཁྱབ་བཏང་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存