查看原文
其他

འདིར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ལ་བཏང་བའི་ཡི་གེ་ཞིག་འདུག

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་འདིར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཚམས་འདྲིའི་ཡི་གེ་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་པའི་སྨོན་འདུན་བཟང་པོ་ཞུས་པ་རེད། འཚམས་འདྲིའི་ཡི་གེའི་ནང་དོན་ཆ་ཚང་གཤམ་གསལ།

འཚམས་འདྲིའི་ཡི་གེ


ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་། མི་རིགས་ཁག་གི་མང་ཚོགས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ། སྔོན་གཤེགས་དཔའ་བོའི་ནང་མི་དང་དམག་མིའི་ནང་མི། རྨས་སྐྱོན་ཕོག་པའི་དམག་མི། དམག་ཞབས་ཐིམ་སྟེ་ལས་སྒྱུར་བྱས་པའི་དམག་མི། ལས་བྲལ་དང་རྒན་ཡོལ་ཞུས་པའི་བློ་མཐུན་རྒན་གྲས་བཅས་ལ།
    2024ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་མཚམས་འདིར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོར་ལྷག་བསམ་ཟོལ་མེད་ཀྱི་དུས་ཆེན་གྱི་འཚམས་འདྲི་དང་ལོ་གསར་པའི་སྨོན་འདུན་བཟང་པོ་ཞུ་གི་ཡིན།
    2023ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད་ལ། བོད་ཀྱི་འཕེལ་རྒྱས་ལམ་བུའི་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་ཀྱང་རེད། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགསལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་དོན་འཁྱོལ་ནན་ཏན་བཅས་བྱས་ནས། དོན་ཆེན་བཞིརདམིགས་པ་དངའཛུགས་གཏོད་བཞིརཤུགས་བརྒྱབ་སྟེ་ཡར་རྒྱས་བརྩོན་ལེན་དང་འབད་འབུངས་མདུན་སྐྱོད་ཀྱིས་བྱ་གཞག་ཁག་ལ་སྐུལ་འདེད་བཏང་བར་ཡར་རྒྱས་གསར་པ་བྱུང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་སྤོས་ཡོད།
    ལོ་འདིར་ང་ཚོས་ཏན་ཏན་ཏིག་ཏིག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་ཡོད། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་གཏོང་གི་གླེང་སྟེགས་སྐབས་དང་པོ་བདེ་བླག་ངང་གཉེར་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་དང་མཐུན་སྒྲིལ་ཡར་ཐོན་སྐོར་གླེང་བ་དང་། མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་མཉམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་མཉམ་གཏོད་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་ཡོད། ས་ཁུལ(གྲོང་ཁྱེར)7ཚང་མར་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ(གྲོང་ཁྱེར)བསྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད། དེ་བཞིན་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་། ལས་ཀ་སྒྲུབ་སྟངས་ལེགས་བཅོས། མང་ཚོགས་ཀྱི་ལུགས་མཐུན་གྱི་འདུན་པར་མཐོང་ཆེན་བཅས་བྱས་ཡོད། རྒྱལ་ལམ་དང་ཞིང་ཆེན་ལམ་གྱི་ཞིབ་བཤེར་ས་ཚིགས་སུརེག་ཐུག་བྱེད་མི་དགོས་པར་གང་མགྱོགས་ཤར་བགྲོདམངོན་འགྱུར་བྱུང་བ་དང་། ཡུལ་སྐོར་བ་དེ་བས་མང་བ་བོད་ལ་སླེབས་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་བཅས་བྱུང་ཡོད། ལོ་འདིར་ང་ཚོས་འབད་འཐབ་ཧུར་ཐག་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསར་པ་འགོ་བཙུགས་ཡོད། ལྗོངས་ཡོངས་ཀྱི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གཙོ་བོ་གོ་རིམ་ལྡན་པའི་ངང་སྤེལ་བ། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། མ་རྩ་འཇོག་མཁན་དང་ལས་གཏོད་བྱེད་མཁན་དེ་བས་མང་བས་བོད་དུ་མ་རྩ་འཇོག་པ་དང་གཞི་ཚུགས་པ། ས་གྲོལ་སོན་འདེབསལ་ལོ་ལེགས་བྱུང་བ། ས་མཐོའི་ཐབ་ཆས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་པ། སྐྱིད་གྲོང་སོགས་ཀྱི་འགག་སྒོར་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་མང་བ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་ལམ་དུ་བསྐྱོད་པ་བཅས་བྱུང་ཡོད། ལོ་འདིར་ང་ཚོས་དམངས་འཚོར་ཕྱོགས་ནས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་རྒྱང་ལམ་གསར་པར་སྐྱོད་འགོ་འཛུགས་པར་སྐུལ་འདེད་བཏང་ཡོད། དམངས་འཚོའི་འདུ་འགོད་ཆེན་པོ་བཅུལག་ལེན་གཏིང་ཟབ་བསྟར་བར་མ་དངུལ་སྒོར་དུང་ཕྱུར་130ལྷག་ཙམ་བཏང་སྟེ་དམངས་འཚོའི་བྱ་བ་དངོས་ཁག་21དོན་འཁྱོལ་བྱས་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་པ། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ། བོད་ལྗོངས་ཁྲེང་ཏུའུ་སློབ་གྲྭ་སྐྲུན་མགྱོགས་སུ་བཏང་བ། རིམ་ཁག་དང་རིགས་ཁག་གི་སློབ་གྲྭ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་པ། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པའི་སྤྱི་འདོམས་སྔོན་ལ་ཐུབ་པ། སྤྱི་ཚོགས་འགན་སྲུང་བྱེད་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་སོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་སོང་བ་བཅས་བྱུང་ཡོད། ལོ་འདིར་ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་མདུན་ལམ་གསར་པར་དམིགས་ནས་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཡོད། ས་ཁུལ(གྲོང་ཁྱེར)བདུན་གྱི་སྐྱེ་ཁམས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ཀྱི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དང་། རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་རྒྱ་ཁྱོན་ཆེ་རུ་དང་སྤུས་ཚད་མཐོ་རུ་ཕྱིན་པ། ལྷ་ས་སྐྱིད་ཆུའི་འགྲམ་གྱི་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་ལྷོ་རིའི་སྤྱི་གླིང་ནས་འདབ་ཆགས་མང་པོ་འཕུར་ལྡིང་བྱེད་བཞིན་པའི་ལྷ་ཀླུ་འདམ་ར་བར་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྤྱི་ལེ་160ལྷག་ཙམ་གྱིསྔོ་ལྗང་བར་ཁྱམསབར། བོད་བྱང་ཐང་གིསྲོག་ཆགས་ཀྱི་དགའ་ཚལབར་ལེ་དབར་ཁྲི་ཡི་གངས་ལྗོངས་ས་མཐོའི་ས་གཞི་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། བོད་ལྗོངས་ནི་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད། ལོ་འདིར་ང་ཚོས་ལག་གདང་སྦྲེལ་ནས་འབད་འཐབ་བྱས་ཏེ་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་གསར་པ་བཏིང་ཡོད། མཐའ་མཚམས་ས་ཁུལ་གྱི་ཆུ་གློག་ལམ་གསུམ་དང་འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་རྒྱུན་མཐུད་མགྱོགས་སུ་བཏང་བ། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ལྟེ་གནས་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་མཐའ་མཚམས་རྫོང(གྲོང་ཁྱེར)21ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ། མཐའ་མཚམས་མི་སེར་གྱི་ཡོང་འབབ་བརྟན་པོའི་ངང་མཐོ་རུ་ཕྱིན་པ། མཐའ་མཚམས་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་ཀྱི་སེམས་པ་དང་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་བརྟེན་ནས་མེས་རྒྱལ་མཐའ་མཚམས་ཀྱི་ཡུལ་ཀླུང་སྲུང་སྐྱོང་བྱེད་བཞིན་ཡོད། ལོ་འདིར་ང་ཚོས་ནན་ཏན་གྱི་སྒོ་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་རྣམ་པ་གསར་པ་བཏོད་ཡོད། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་རྒྱུན་མཐུད་ངང་སྤེལ་བ། ཏང་སྲོལ་དང་སྲིད་སྲོལ་གསར་རྐྱང་དུ་གྱུར་པ། སྤྱི་ཚོགས་ཀྱི་གོམས་སྲོལ་ལེགས་སུ་ཕྱིན་པ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད།    
    ལས་སླ་པོར་ཐོབ་པ་ཞིག་མིན་པའི་གཡུར་ཟའི་གྲུབ་འབྲས་ཀྱི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད་ལ། དེ་ནི་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་རང་འགན་ཐེག་པ་ཁུར་ལེན་དང་གསར་གཏོད་ཡར་བརྩོན་བྱས་པའི་འབྲས་བུ་དང་། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། བློ་གྲོས་ལྡན་པ་བཅས་ཀྱི་གངས་ལྗོངས་བུ་ཕྲུག་ཚོས་དཀའ་སྤྱད་འབད་འཐབ་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱས་པའི་འབྲས་བུ་དང་། ཁ་གཏད་བོད་སྐྱོར་ཚན་པ་དང་བོད་སྡོད་དཔུང་སྡེའི་དཔོན་དམག་ཚོས་རྒྱབ་སྐྱོར་ཤུགས་ཆེན་དང་བརྩེ་སེམས་ཟབ་མོས་རོགས་རམ་བྱས་པའི་འབྲས་བུ་རེད། སྐབས་འདིར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འཐབ་ཕྱོགས་ཁག་ཏུ་འབད་འཐབ་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྲོགས་པོ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་གི་ཡིན།
    2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངལོ་ལྔ་ཚན་བཅུ་བཞི་པའིའཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་འབད་འབུངས་ཀྱི་ལོ་ཞིག་ཀྱང་ཡིན་པས་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་ཀའི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། གཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། འདུ་ཤེས་བཞིཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞིབརྟན་དུ་གཏོང་བ། སྲུང་སྐྱོང་གཉིསཐུབ་པ་བཅས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟརདོན་ཆེན་བཞིརདམིགས་པ་དངའཛུགས་གཏོད་བཞིརཤུགས་བརྒྱབ་སྟེ་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན། རང་འགན་ནན་སྒྲུབ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་བྱ་སྤྱོད་དངོས་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་ཕྱག་རྟགས་འབུལ་དགོས།
    རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་སྙིང་དབུས་ནས་ཞུ་གི་ཡིན།    ལྗོངས་ཡོངས་ཀྱི་མི་དམངས་རྣམས་བདེ་སྐྱིད་ཁམས་བཟང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་སྙིང་དབུས་ནས་ཞུ་གི་ཡིན།
ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།2024ལོའི་ཟླ་2ཚེས་8ཉིན།





འོས་སྦྱོར།

▶ ལོ་གསར་པར་ཁྱེད་ལ་རེ་བ་གང་ཡོད། 🤗🤗

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་གནམ་གཤིས།༄༅། །ལོ་གསར།



རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། ཆོས་བཟང་།ལག་བསྟར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com


继续滑动看下一个

འདིར་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ལ་བཏང་བའི་ཡི་གེ་ཞིག་འདུག

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存