查看原文
其他

སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།

01

སྦི་རག་ཡག་ཉེས་འབྱེད་སྟངས།    གཅིག ཐུམ་སྒྲིལ་ལ་ལྟ་དགོས། སྤུས་ཚད་ཞན་པའི་སྦི་རག་གི་ཐུམ་སྒྲིལ་རྩུབ་ཤས་ཆེ་ལ།  ཚོང་རྟགས་ཀྱི་ཤོག་བུའི་སྤུས་ཚད་ཀྱང་ཞན་པོ་ཡོད་པས། འཛད་སྤྱོད་པས་དང་ཐོག་གང་དེར་ཞིབ་ཚགས་ལྟ་དགོས།     གཉིས། དཔང་ཡིག་ལ་ལྟ་དགོས། ནང་འདྲེན་བྱས་པའི་སྦི་རག་ཡིན་ཕྱིན། འགག་སྒོའི་ནད་ཡམས་བརྟག་དཔྱད་ཚད་ལེན་བྱས་པའི་དཔང་ཡིག་དང་བཟའ་བཅའི་འཕྲོད་བསྟེན་གྱི་དཔང་ཡིག་ཡོད་པས།  གང་དེ་ཡོད་མེད་ལ་ཞིབ་ཚགས་ལྟ་དགོས།     གསུམ། སྦི་རག་གི་ཤེལ་དམ་ནང་དུ་ལྟ་དགོས། སྦི་རག་གི་ཤེལ་དམ་ནང་དུ་ཉོག་སྙིགས་དང་དངོས་པོ་གཞན་ཡོད་མེད་ལྟ་དགོས།     བཞི། དྲི་མ་སྣོམ་དགོས། སྤུས་ཚད་ལེགས་པའི་སྦི་རག་ནས་གྲོའི་མཆེ་བ་དང་སྦི་རག་མེ་ཏོག་གི་དྲི་ཞིམ་འཐུལ་ཡོང་གི་ཡོད། གལ་ཏེ་སྦི་རག་ཁ་ཕྱེ་ནས་དྲི་མ་སྣོམ་སྐབས་སྐྱུར་དྲིའམ་དྲི་མ་གཞན་ཁ་ན། དེ་ནི་སྦི་རག་སྤུས་ཞན་ནམ་དུས་ཚོད་ཡོལ་བའི་སྦི་རག་ཡིན་པས་འཐུང་མི་ཉན།02

ཆང་ནད་སེལ་ཐབས།

    གཅིག ཆུ་གྲང་མོས་མགོ་བོ་འཁྲུད་དགོས།

    གཉིས། ཆུ་ཁོལ་མང་ཙམ་འཐུང་དགོས། 

    གསུམ། དང་ག་འབྱེད་པ་དང་ལུས་ལ་འཕྲོད་པའི་ཟས་བསྟེན་དགོས།

    བཞི། ཚལ་རིགས་མང་ཙམ་ཟ་དགོས། 

    ལྔ། ཆང་ནད་ཆང་གིས་སེལ་ཞེས་པའི་དཔེ་ལྟར་ཆང་ཉུང་ཙམ་ཞིག་བསྟེན་ན་གནོད་པ་མེད།


འོས་སྦྱོར།

▶ ཤིས་ཚིག་ནོར་བུ་དགའ་འཁྱིལ།

▶ ཡུལ་ལུང་མང་པོའི་ཚབ་ཞུས་ནས། སྨོན་འདུན་བཟང་པོ་ཁྱེད་ལ་ཕུལ།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་གནམ་གཤིས།




རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཞོན་པ།ལག་བསྟར་རྩོམ་སྒྲིག་པ། ཚེ་རྡོར།


རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།xzrbzwmt@163.com



继续滑动看下一个

སྦི་རག་ཡག་ཉེས་འབྱེད་སྟངས་དང་ཆང་ནད་སེལ་ཐབས།

向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存