其他
སློབ་བུ་གཉིས་ཀྱིས་ཆོས་རྗེ་ཡིད་བཞིན་ནོར་བུའི་རྣམ་ཐར་ཕྱིར་དྲན།༽
གླེང་མོལ་འདི་ནི་༧ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་དངོས་སུ་ཐོབ་པའི་སློབ་མ་གཉིས་ཀྱིས་རང་རང་སྒེར་གྱི་མཇལ་ཚུལ་གྱི་ངོས་ནས་ཆོས་རྗེ་ཡིད་བཞིན་ནོར་བུའི་མཛད་འཕྲིན་གྱི་ཆ་ཤས་ཙམ་ཞིག་ཕྱིར་དྲན་ཞུས་པ་ལས། འདིས་དཔལ་བླ་རུང་དང་ཆོས་རྗེ་ཡིད་བཞིན་ནོར་བུའི་ཞལ་སློབ་བུ་ཆེན་སོགས་ཀྱི་དགོངས་ཚུལ་མཚོན་གྱི་མེད། མདོར་ན། འདི་ནི་གང་ཟག་སྒེར་གྱི་མཐོང་ཚུལ་གྱི་ངོས་ནས་བླ་མ་རྗེས་དྲན་ཞུས་པ་ཙམ་ཞིག་ཡིན་པས་དེ་བཞིན་གསན་གནང་ཡོང་བ་ཞུ།
རྫ་ཚེ་རིང་བཀྲ་ཤིས།
སློབ་བུ་གཉིས་ཀྱིས་༧ཆོས་རྗེ་ཡིད་བཞིན་ནོར་བུའི་མཛད་པ་དང་འཕྲིན་ལས་ལ་ཕྱིར་དྲན་ཞུས་པ།
གླེང་མོལ་ཞུ་ཡུལ། སྐྱབས་རྗེ་སྟངས་རིན་པོ་ཆེ། གླེང་མོལ་ཞུ་ཡུལ། རྫ་ཚེ་རིང་བཀྲ་ཤིས།
དྲི་བ་དང་པོ།
ཁྱེད་ཉིད་ཆོས་རྗེ་ཡིད་བཞིན་ནོར་བུ་དང་མཇལ་ཚུལ་དང་། ཆོས་རྗེ་མཆོག་གི་མདུན་ནས་བཀའ་ཆོས་གཙོ་བོ་གང་འདྲ་ཞུ་རྒྱུའི་གོ་སྐབས་བྱུང་ཡོད། དྲི་བ་གཉིས་པ། ༧ཆོས་རྗེ་མཆོག་ཉིད་ཁྱེད་རང་གིས་གཙོ་བོ་གནང་ནས་ཕ་ཡུལ་གྱི་དགོན་པར་གདན་ཞུས་གནང་ཡོད་ས་རེད། དེའི་སྐོར་ཅུང་ཟད་ཅིག་གསུངས་རོགས།
དྲི་བ་གསུམ་པ། ཁྱེད་འབྲུག་ནས་ཕྱིར་བོད་ལ་ཕེབས་ཏེ་ཆོས་རྗེ་མཆོག་དང་ཡང་བསྐྱར་མཇལ་སྐབས་ཁྱེད་ལ་མ་འོངས་རང་དོན་ཉམས་ལེན་དང་། གཞན་དོན་འབྲུག་ཡུལ་སོགས་སུ་བསྟན་པ་སྤེལ་ཚུལ་གང་ཅིའི་ཐད་ནས་དམིགས་བསལ་བཀའ་སློབ་དང་ལམ་སྟོན་གང་འདྲ་ཕེབས་ཡོད།
དྲི་བ་བཞི་པ། ཁྱེད་ཀྱིས་འབྲུག་ལ་འཇམ་དཔལ་ཞི་སྒྲུབ་ཀྱི་སྐོར་ལ་དམིགས་བསལ་མཛད་འཕྲིན་རྒྱས་པ་དང་། ཉམས་ལེན་གནང་མཁན་མང་པོ་ཡོང་བཞིན་ཡོད་ཚུལ་གོ་བས། དེའི་ཕྱོགས་ནས་ཅུང་ཟད་ཅིག་གསུངས་རོགས།
དྲི་བ་ལྔ་པ།སྤྱིར་ཆོས་རྗེ་ཡིད་བཞིན་ནོར་བུའི་ཕྲིན་ལས་དང་གསུང་གི་མཛད་པ་དག་ལས་ཁྱེད་ཀྱི་ངོས་ནས་འཇམ་དཔལ་ཞི་སྒྲུབ་དམིགས་བསལ་རྩལ་འདོན་གནང་བའི་རྒྱུ་མཚན་གང་ཡིན་ནམ།
དྲི་བ་དྲུག་པ། ད་ཆ་ཁྱེད་ལ་མཚོན་ན། འབྲུག་ལ་མཛད་པ་འཕྲིན་ལས་རྒྱས་པ་དང་། བསྟན་འགྲོར་ཕན་གང་ལེགས་ཡོང་བཞིན་འདུག་པ་འདི་དག་གི་རྒྱུ་རྐྱེན་རྩ་བ་གང་རེད་དགོངས་ཀྱི་ཡོད།
དྲི་བ་བདུན་པ། ཆོས་རྗེ་ཡིད་བཞིན་ནོར་བུ་འབྲུག་ལ་ཕེབས་པ་དང་། དེར་མཛད་པ་གཙོ་བོ་གང་འདྲ་བསྐྱངས་འདུག །སྤྱིར་ད་ཆ་འབྲུག་ཡུལ་དུ་༧ཆོས་རྗེ་མཆོག་དང་བླ་རུང་སྒར་གྱི་སྐོར་ལ་ཐུགས་སྣང་གནང་མཁན་གང་འདྲ་འདུག །
དྲི་བ་བརྒྱད་པ། ཁྱེད་ཀྱི་མ་འོངས་པའི་ཐུགས་རེ་གཙོ་བོ་གང་འདྲ་ཡིན། དྲ་ལམ་འདི་བརྒྱུད་ནས་ཆོས་རྗེ་ཡིད་བཞིན་ནོར་བུའི་སློབ་བརྒྱུད་དུ་གྱུར་པའི་ཆོས་གྲོགས་རྣམས་ལ་དམིགས་བསལ་ཞུ་བྱ་འདྲ་ཡོད་དམ།
འཕྲིན་སྟེགས་འདི་རུ་སྔ་འགྱུར་གྱི་མཁས་གྲུབ་སྐྱེས་ཆེན་དག་གི་གསུང་དང་། སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ།དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད་སོགས་ཆེད་སྤེལ་བྱེད་བཞིན་ཡོད་པས་གསན་གཟིགས་གནང་བར་དགའ་བསུ་ཞུ།