查看原文
其他

༸ཡིད་བཞིན་ནོར་བུའི་འདས་མཆོད་ཐེངས༡༩པའི་རྗེས་དྲན་གསུང་བཤད་ཆ་ཚང་།༽

宁玛巴 宁玛巴 2023-01-23








  བོད་རབ་རྒྱན་དགེ་བྱེད་ཆུ་སྟག་ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ནས་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ནས་འདས་མཆོད་རྗེས་དྲན་ཐེངས་བཅུ་དགུ་པའི་དུས་ཚེས་ཁྱད་པར་ཅན་འདིར། ཆོས་རྗེ་ཡིད་བཞིན་ནོར་བུའི་གསུང་ལས་སྐྱེས་པའི་མཁན་སྤྲུལ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་ལས་མཁན་སྤྲུལ་བདུན་དང་།  གཞན་ཡང་ཕྱོགས་ཀྱི་མཁན་སྤྲུལ་མཁས་དབང་འགའ་སྔ་འགྱུར་རྙིང་མའི་དྲྭ་ཚོམས་དང་སྤྱི་སྟེགས་སུ་ཆེད་ཞུས་ཀྱིས་ཕྲེང་བསྟར་གསུང་བཤད་བཀོད་སྒྲིག་གི་རིམ་པ་ནི། ཉིན་དང་པོར་མཁན་པོ་བདེ་དར་ལགས་ཀྱིས༼སྐྱབས་རྗེ་བླ་མས་ཟབ་མོ་གཏེར་གྱིས་ཞིང་འདིའི་སྐྱེས་བོ་གདུལ་ཚུལ།༽ཞེས་པའི་གསུང་བཤད་གནང་།  ཉིན་གཉིས་པར་མཁན་པོ་ཚེ་དབང་བདེ་ཆེན་ལགས་ཀྱིས༼ཆོས་རྗེ་ཡིད་བཞིན་ནོར་བུའི་འདས་མཆོད་དང་འབྲེལ་བའི་ལྕིའི་འཇའ་དམར་ཞིང་སྒྲུབ་ཆེན་མོའི་ངོ་སྤྲོད་ཉུང་བསྡུས།༽ཞེས་པའི་གསུང་བཤད་གནང་། ཉིན་གསུམ་པར་མཁན་པོ་ཨོ་རྒྱན་རིག་འཛིན་ལགས་ཀྱིས༼ཆོས་རྗེ་ཡིད་བཞིན་ནོར་བུ་དང་ཁྱབ་བདག་བླ་མ་རིན་པོ་ཆེ་རྣམ་གཉིས་ཀྱི་འབྲེལ་བ་གླེང་བ།༽ཞེས་པའི་གསང་བཤད་དང་།སྤྲུལ་འཇམ་དཔལ་རྒྱ་མཚོ་ལགས་རྣམ་གཉིས་ཀྱིས༼༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནསདཔལ་བཟང་པོ་མཆོག་ཁམས་མི་ཉག་རབ་སྒང་དང་ཐུབ་བསྟན་བཤད་སྒྲུབ་གླིང་དུ་བྱོན་ཚུལ་མཛད་བསྡུས་མཐོང་བ་དོན་ལྡན།༽ཞེས་པའི་གསུང་བཤད་གནང་།  ཉིན་བཞི་པར་མཁན་པོ་མཁྱེན་རབ་ཟླ་བ་ལགས་ཀྱིས༼ཆོས་རྗེ་བླ་མའི་མཛད་འཕྲིན་གྱི་ཆ་ཤས་ཤིག་གླེང་བ།༽ཞེས་པའི་གསུང་བཤད་གནང་།  ཉིན་ལྔ་པར་བྱང་སྲས་བློ་བཟང་ཡེ་ཤེས་ལགས་ཀྱིས༼མཛད་པའི་ཆིངས་ཆེན་དྲུག༽ཅེས་པའི་གསུང་བཤད་གནང་།  ཉིན་དྲུག་པར་སྤྲུལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས༼བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་གླེང་བ།༽ཞེས་པའི་གསུང་བཤད་གནང་།  ཉིན་བདུན་པར་མཁན་པོ་བསོད་རྒྱ་ལགས་ཀྱིས༼ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུའི་འཕྲིན་ལས་ཀྱི་ཆ་ཤས་ཙམ་གླེང་བ།༽ཞེས་པའི་གསུང་བཤད་གནང་། ཉིན་བརྒྱད་པར་གཡུ་རྔོག་དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་ལགས་ཀྱིས༼བླ་མའི་མཛད་རྣམ་དང་སློབ་མའི་རྣམ་དཔྱོད།༽ཅེས་པའི་གསུང་བཤད་གནང་།  ཉིན་དགུ་པར་དགེ་རྒན་རྡོ་རྗེ་ཚེ་སྲུང་ལགས་ཀྱིས༼ཆོས་རྗེ་ཡིད་བཞིན་ནོར་བུའི་ཐུན་མོང་གི་རྣམ་པར་ཐར་པ་ལས་འཕྲོས་ཏེ་འཆད་རྩོད་རྩོམ་གསུམ་ལ་ཐུགས་ཇི་ལྟར་མཉེས་པའི་ཚུལ་རགས་ཙམ་གླེང་བ།༽ཞེས་པའི་གསུང་བཤད་གནང་བ་བཅས་ཏེ་འདས་མཆོད་ཐེངས་བཅུ་དགུ་པར་སྔ་འགྱུར་ཞབས་ཞུ་ཚན་ཆུང་གིས་བཀོད་བསྒྲིགས་ཞུས་ནས་སྔ་འགྱུར་རྙིང་མའི་དྲྭ་ཚོམས་དང་སྤྱི་སྟེགས་སུ་སྤེལ་བའི་སྒྲ་ཟིན་ཆ་ཚང་འདིར་ཉན་གསན་བདེ་བའི་ཆེད་ཕྱོགས་གཅིག་ཏུ་བཀོད་པ་ལགས།






བོད་རབ་རྒྱན་དགེ་བྱེད་ཆུ་སྟག་ལོའི་ཡིད་བཞིན་ནོར་བུའི་འདས་མཆོད་གསུང་བཤད་ཕྱོགས་བསྡུས།




༡ མཁན་པོ་བདེ་དར།

སྐྱབས་རྗེ་བླ་མས་ཟབ་མོ་གཏེར་གྱིས་ཞིང་འདིའི་སྐྱེས་བོ་གདུལ་ཚུལ།



༢ མཁན་པོ་ཚེ་དབང་བདེ་ཆེན།

ཆོས་རྗེ་ཡིད་བཞིན་ནོར་བུའི་འདས་མཆོད་དང་འབྲེལ་བའི་ལྕིའི་འཇའ་དམར་ཞིང་སྒྲུབ་ཆེན་མོའི་

ངོ་སྤྲོད་ཉུང་བསྡུས།



༣ མཁན་པོ་ཨོ་རྒྱན་རིག་འཛིན།

ཆོས་རྗེ་ཡིད་བཞིན་ནོར་བུ་དང་ཁྱབ་བདག་བླ་མ་རིན་པོ་ཆེ་རྣམ་གཉིས་ཀྱི་འབྲེལ་བ་གླེང་བ།



༣ སྤྲུལ་འཇམ་དཔལ་རྒྱ་མཚོ།

༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནསདཔལ་བཟང་པོ་

མཆོག་ཁམས་མི་ཉག་རབ་སྒང་དང་ཐུབ་བསྟན་བཤད་སྒྲུབ་གླིང་དུ་བྱོན་ཚུལ་

མཛད་བསྡུས་མཐོང་བ་དོན་ལྡན།



༤ མཁན་པོ་མཁྱེན་རབ་ཟླ་བ།

ཆོས་རྗེ་བླ་མའི་མཛད་འཕྲིན་གྱི་ཆ་ཤས་ཤིག་གླེང་བ།



༥ བྱང་སྲས་བློ་བཟང་ཡེ་ཤེས།

མཛད་པའི་ཆིངས་ཆེན་དྲུག།



༦ སྤྲུལ་ཡེ་ཤེས་རྡོ་རྗེ།

ཆོས་རྗེ་བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་གླེང་བ།



༧ མཁན་པོ་བསོད་རྒྱ།

ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུའི་འཕྲིན་ལས་ཀྱི་ཆ་ཤས་ཙམ་གླེང་བ།



༨ གཡུ་རྔོག་དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས།

བླ་མའི་མཛད་རྣམ་དང་སློབ་མའི་རྣམ་དཔྱོད།



༩ དགེ་རྒན་རྡོ་རྗེ་ཚེ་སྲུང་།

ཆོས་རྗེ་ཡིད་བཞིན་ནོར་བུའི་ཐུན་མོང་གི་རྣམ་པར་ཐར་པ་ལས་འཕྲོས་ཏེ་འཆད་རྩོད་རྩོམ་གསུམ་ལ་ཐུགས་ཇི་ལྟར་མཉེས་པའི་ཚུལ་རགས་ཙམ་གླེང་བ།












འཕྲིན་སྟེགས་འདི་རུ་སྔ་འགྱུར་གྱི་མཁས་གྲུབ་སྐྱེས་ཆེན་དག་གི་གསུང་དང་།  སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ།དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད་སོགས་ཆེད་སྤེལ་བྱེད་བཞིན་ཡོད་པས་གསན་གཟིགས་གནང་བར་དགའ་བསུ་ཞུ།

您可能也对以下帖子感兴趣

文章有问题?点此查看未经处理的缓存