【བརྙན】སྟོན་པའི་རྣམ་ཐར་ལེའུ་ཆ་ཚང་།|དབུས་སྐད།|ཨམ་སྐད།
INDIAN CIVILIZATION
印度文明
༄༅། །རི་བོ་ཧི་མ་ལ་ཡ་ནི་དར་དཀར་གྱི་ཡོལ་བ་དང་འདྲ་བར་ཤར་ནས་ལྷོ་རྒྱ་མཚོ་ལ་ཐུག་ཏུ་འཕྲེད་ཀྱིས་བཅད་པའི་ཕ་རོལ་གྱི་ཡུལ་ཁམས་དེ་ལ། རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་གྱིས་འདི་སྐད་དུ།“འཛམ་བུ་གླིང་གི་སའི་སྙིང་པོ། རིགས་པའི་འབྱུང་གནས། ཕྱི་ནང་སྟོན་པ་ཆེན་པོ་རྣམས་ཀྱི་ཕ་ཡུལ། སྒྲུང་དང་རྒྱལ་རབས་ཁྲི་ཁྲག་གི་བརྩམ་གཞི། བདེན་རྫུན་གྱི་ཆོས་ལུགས་སྟོང་གི་ཨ་མའི་ཁྱིམ་ལྟ་བུར་གནས་པའི་ཡུལ་”ཞེས་གསུངས་པའི་རྒྱ་གར་འཕགས་པའི་ཡུལ་གྱི་ཤེས་རིག་སྤྱི་ལ་དགའ་ཞེན་དང་དེ་ལ་ཐོས་པ་དོན་གཉེར་གྱི་བློ་གཙང་མ་ཡོད་མཁན་ཀུན་གྱི་མིག་ཡིད་རྣ་བའི་དགའ་སྟོན་དུ་འགྱུར་བའི་ལེ་ཚན་ཕྱོགས་ཆེན་པོ་གསུམ་རང་ནུས་ཀྱིས་སྤེལ་འཆར་ཡོད་དེ། ༡ ཚངས་དབྱངས་གར་གྱི་འདོད་འཇོ། ༢ དཔྱད་གླེང་གཏམ་གྱི་རོལ་མཚོ། ༣ དབྱངས་ཅན་ངག་གི་ཕོ་ཉ་བཅས་སོ། །འདི་ལ་མོས་པ་ལྡན་པ་ཀུན་གྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ་ཞུ། །
རྒྱ་གར་གློག་བརྙན།
རྒྱ་གར་ཤེས་རིག
རྒྱ་གར་གླུ་གཞས།
ཚངས་དབྱངས་གར་གྱི་འདོད་འཇོ།
ཟླ་བ།-མིག་དམར།
དཔྱད་གླེང་ཡིད་ཀྱི་རོལ་མཚོ།
ལྷག་པ།-པ་སངས།
དབྱངས་ཅན་ངག་གི་ཕོ་ཉ།
པ་སངས།-ཉི་མ།
ཐུབ་བསྟོད་གང་ཚེ་རྐང་གཉིས་མ།
གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །
དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །
དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །
རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །
ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །
བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །
ཐུབ་བསྟོད་གང་ཚེ་རྐང་གཉིས་མ།
གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །
ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །
སེར་སྐྱའི་གནས་སུ་ས་འཚོ་ཁབ་དུ་བཞེས། །
སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །
གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །
མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །
ནེེ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །
སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །
ཐུབ་བསྟོད་གང་ཚེ་རྐང་གཉིས་མ།
རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །
ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །
མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །
མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །
ཐུབ་བསྟོད་གང་ཚེ་རྐང་གཉིས་མ།
ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །
ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །
རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །
ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །
འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །
མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །
དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །
བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག།
ཅེས་པ་འདི་སློབ་དཔོན་དཔའ་བོས་མཛད་པའོ།།
扫码关注
TB赞布颇彰