查看原文
其他

ལུག་ཚང་དཔལ་ཡོན་གྱི་གླུ། | 羊兄乐园主题歌

2016-12-06 羊兄乐园 羊兄乐园

ལུག་ཚང་དཔལ་ཡོན་གྱི་སྒྲ་ལྡན་དཔེ་ཀློག་ཁང་དང་དེ་མིན་གྱི་སྒྲ་དབྱངས་ཀྱི་ལེ་ཚན་ལོ་གཅིག་གི་གོང་ལ་སྐད་གྲགས་ཅུང་ཟད་ཡོད་ལ། ནང་དོན་ཐད་ནས་བཤད་ན་དོན་ངོ་མའི་རིག་གནས་རྒྱུད་འཛིན་དང་ཁྱབ་སྤེལ་བྱེད་བཞིན་ཡོད། འོན་ཀྱང་རང་སྒེར་གྱི་ལས་ཀ་དུས་ཚོད་ཀྱིས་རྐྱེན་པས་རྒྱུན་འཁྱོངས་བ་ཞིག་བྱུང་མ་སོང་། ད་ལྟ་འཕྲིན་སྟེགས་ནང་སྒྲ་འཇུག་ཐུབ་པའི་ནུས་པ་འདི་ཐོབ་བྱུང་བས། སྒྲ་ལྡན་དཔེ་ཀློག་ཁང་དང་དེ་མིན་གྱི་སྒྲ་དབྱངས་ཀྱི་ལེ་ཚན་ཡང་བསྐྱར་འགོ་བཙུགས་ཀྱི་ཡིན་པས་རྒྱ་ཆེ་བའི་གྲོགས་པོ་རྣམ་པས་བསམ་འཆར་གང་མང་དང་ཉན་འདོད་པའི་གླུ་དང་སྙན་ངག སྒྲུང་གཏམ་སོགས་གང་དགོས་རུང་ལུག་ཚང་ནང་དུ་ལན་བཞག་རོགས་ཞུ།

བོད་ཀྱི་གཞས་པ་དང་གཞས་མ་རྣམས་རང་རང་གི་གླུ་གཞས་ངེད་ལུག་ཚང་དཔལ་ཡོན་དུ་འགོད་འདོད་ན། རང་གི་ངོ་སྤྲོད་དང་འདྲ་པར། གླུ་གཞས། གཞས་ཚིག་སོགས་ངེད་ཡིག་སྒམ་དང་འཕྲིན་ཕྲན་བསྐུར་ཤོག

tbsheep@126.com



༄༅། །ལུག་ཚང་དཔལ་ཡོན་གྱི་གླུ། །

ཚིག་གདངས་ལེན་མཁན།  པདྨ་བསྟན་འཛིན།

羊兄乐园主题歌

词曲原唱:白玛旦增

འབའ་འབའ་འབའ་འབའ་ར་འབའ་་་་

གཡང་དཀར་ལུ་གུ

འབའ་འབའ་འབའ་འབའ་ར་འབའ་་་་

ལུག་ཚང་དཔལ་ཡོན

ལུ་གུ་གཟུགས་སྟོབས་ཆུང་ན་ཡང

རྩྭ་ཐང་སྟེང་གི་མཛེས་རྒྱན་རེད

ལུ་གུ་གོམ་སྟོབས་ཆུང་ན་ཡང

ནམ་ཡང་རྩྭ་ཐང་བསྐོར་ནས་འགྲོ

ལུ་གུ་རིལ་མ་ཆུང་ན་ཡང

སྦྲ་གུར་ནང་ལ་དྲོད་ཀྱིས་བསྐངས

ལུ་གུ་ཤ་ཤེད་རྒྱས་པའི་དུས

རྩྭ་ཐང་དང་རྩྭ་ཆུ་བརྗེད་མི་སྲིད

ཤེས་བྱ་ཡི་སྒྲོན་མེ་འདི་ནས་སྤར

ལུག་ཚང་དཔལ་ཡོན

ཤེས་བྱ་ཡི་བརྒྱུད་སྤེལ་འདི་ནས་བྱས

ལུག་ཚང་དཔལ་ཡོན

འབའ་འབའ་འབའ་འབའ་ར་འབའ་་་་

སྙན་རྩོམ་སྙན་པོ་འདི་ནས་ཀློག

འབའ་འབའ་འབའ་འབའ་ར་འབའ་་་་

གསར་འགྱུར་གསར་པ་འདི་ནས་བཤད

འབའ་འབའ་འབའ་འབའ་ར་འབའ་་་་

ཆ་འཕྲིན་གསར་པ་འདི་ནས་གླེང

འབའ་འབའ་འབའ་འབའ་ར་འབའ་་་་

དུས་རབས་གསར་པའི་ཕྱོགས་སུ་མཉམ་དུ་འགྲོ

འབའ་ར་འབའ་ར་འབའ་ར་འབའ་ར་འབའ་ར་འབའ་

གཡང་དཀར་ལུ་གུ

འབའ་ར་འབའ་ར་འབའ་ར་འབའ་ར་འབའ་ར་འབའ་

ལུག་ཚང་དཔལ་ཡོན


པདྨ་བསྟན་འཛིན།

བོད་ཀྱི་དུས་རབས་གསར་པའི་གསར་རྩོམ་རོལ་དབྱངས་བརྩམས་ལེན་མཁན་ཞིག་དང་། རྩོམ་འབྲི་དང་གཞས་རྩོམ་རྒྱུན་ལྡན་ཅན་དུ་འགྱུར་བའི་ན་གཞོན་ཞིག ༢༠༡༤ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་ཚན་ཁག་ནས་མཐར་ཕྱིན། ད་ལྟ་ལྗོངས་དྲིལ་བསྒྲགས་པུའུ་རུ་ལས་ཀ་བྱེད་བཞིན་མཆིས། ལྷ་ས་ཀ་ལ་པིང་ཀ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་ལས་ཞོར་གཞས་པ་ཞིག་ཀྱང་ཡིན།

བརྩམས་ཆོས་ཀྱི་གྲས་སུ།

༼ཤ་ཁག་ཁག གྲི་སོ་སོ།༽

༼གཞུང་ཞབས་པའི་ཡིག་ཚད།༽

༼ལྷོ་ཁར་སླེབས་སོང་།༽

༼བུ་མོ་དེས་ང་གསད་པ།༽

༼ཀླད་ཀོར་རེད༽སོགས་ཡོད།

༢༠༠༨ལོར་མཐོ་འབྲིང་སྐབས་རང་ཉིད་ཀྱི་སྦྱངས་རྩོམ་ལེགས་སྒྲིག་༼མྱུ་གུའི་རེ་སྨོན་༽ཞེས་པ་བཏོན།

ཚིག་བརྩམས་པའི་བརྩམས་ཆོས་ལ་གཞས་པ་བསྟན་ཆོས་ཨ་ཏི་ཡི་༼སའི་གོ་ལ་༽དང་༼སྤྲོ་སྣང་གི་ཕྱོགས་སུ་ཐོན་འགྲོ་༽ ༼ང་ཁྱེད་ལ་དགའ་བོད་ལྗོངས་༽སོགས་དང་དེ་བཞིན་ཚེ་ལྷ་སྐྱིད་ཀྱི་༼ལོ་གསར་༽  པ་དོན་ལགས་ཀྱི༼མིན་འདུག་༽ལ་སོགས་ཡོད།

白玛旦增:

西藏新一代原创音乐唱作人,一个写作与写歌日常化的藏族青年。2014年毕业于中央民族大学藏学研究院藏语言文学系,现在在拉萨从事宣传工作。拉萨迦陵频伽文化传媒有限责任公司签约歌手。个人代表作有《一刀两断》、《公考之歌》、《山南一日游》、《塞巴》、《等于零》等;

高中时候出版了个人诗集《禾苗的祈愿》;

作词作品有:旦曲阿帝的《地球》、《向快乐出发》、《我爱你西藏》,次拉吉的《罗萨》,巴顿的《西藏的孩子》·等。

བླ་མའི་ཞལ་ལུང་། སེམས་ཁམས་གསོ་བའི་བདུད་བརྩི།
ཁྱེད་ཉིད་ཀྱི་ནང་མི་དང་གྲོགས་པོ། ལས་རོགས་སོགས་ལ་ངོ་སྤྲོད་ཡོད་པ་ཞུ།
上师言教,净化心灵的甘露!
你的推荐会给家人、朋友与同事等带来美好的一天!

您可能也对以下帖子感兴趣

文章有问题?点此查看未经处理的缓存