查看原文
其他

ཚུལ་བློ་དང་བསོད་དར་ལ་ཕུལ་བའི་ངོ་སྤྲོད་གཏམ་གྱི་སྒྱུ་མ།

2018-03-26 羊兄乐园

ཚུལ་བློ་དང་བསོད་དར་ལ་ཕུལ་བའི་ངོ་སྤྲོད་གཏམ་གྱི་སྒྱུ་མ།

རྩོམ་པ་པོ།  སད་མི།(ལྷ་ཐོག)

ཚུལ་བློ་མཆོག་དང་བསོད་དར་མཆོག་མཆོག་ཅེས་མཆོག་ཅེས་བཀུར་བ་ཡིས།།

དམན་པ་བདག་གི་ཁ་བཤད་འདིས་ས་ཆེན་འདི་ལ་རྐང་རྗེས་འཇོག།

རྟ་མགོ་ཅན་དང་ཟོག་མགོ་ཅན་དེང་གི་དྲྭ་འབུ་གཟའ་འབུ་ཚོ།།

ཟློག་ཅེས་ཟློག་ཅེས་བཏོན་པ་ཡིས་སྡེ་ཆེན་འདི་ནས་ཕུང་པར་ཅི།།


ན་ནིང་དང་ནི་ད་ལོ་སོགས་བོད་འདི་སྤྲང་བོ་མ་གྱུར་བ།།

ཚུལ་བློ་དང་ནི་བསོད་དར་གཉིས་དེ་ལས་གཞན་པ་སུ་ཡིས་དྲིན།།

སྡོམ་པ་དང་ནི་དམ་ཚིག་སོགས་ཡོད་མེད་གཉིས་ཀ་མ་ཤེས་ཐལ།།

གང་ལྟར་བོད་འདི་སྐྱོང་པ་པོ་ཚུལ་བློ་བསོད་དར་བཀའ་དྲིན་ཆེ།།


སྡོམ་པ་མི་འདུག་མི་བཤད་དེ་སྡང་སེམས་མེད་ནོ་ཁོ་ཐག་རེད།།

སངས་རྒྱས་མ་རེད་མི་ཟེར་ར་མི་ལས་ལྷག་ཙམ་ཡིན་ས་རེད།།

སངས་རྒྱས་སྟོང་ཕྲག་བྱོན་ན་ཡང་བོད་འདི་སྐྱོབ་མཁན་ཁྱེད་གཉིས་ཡིན།།

མཁས་པ་ཁྲི་འབུམ་འགྱིངས་ན་ཡང་བོད་འདིར་མཁས་པ་ཁྱེད་གཉིས་ཡིན།།


སྐྱ་བོའི་སྡེ་དང་ལོག་པའི་སྡེ་ཤེས་ཡོན་སྡེ་སོགས་མང་ན་ཡང་།།

བོད་ཀྱི་སྡེ་བ་དངོས་མ་སྟེ་རབ་བྱུང་སྡེ་འདི་བོད་ལ་མཁོ།།

གཞུང་ལུགས་བག་ཙམ་ཤེས་པ་དང་ཚིག་རྩོད་ཅུང་ཙམ་སྨྲས་པ་ཡིས།།

ནང་སེམས་ཁྲོ་བོ་མ་གྱུར་པ་ཞི་བར་བཞུགས་མཁན་ཁྱེད་གཉིས་ཡིན།།


ཁ་ལུད་སྣབས་ལུད་ཐོགས་པ་དང་གཡུས་སྐྱག་འབྱིད་པ་མི་ཤེས་པའི།།

སྐད་སྟོང་མགོ་སྟོང་ཁོག་སྟོང་འགས་འཕྱ་སྨོད་བྱས་པ་ཉམས་རེ་ང་།།

བསོད་ནམས་དར་རྒྱས་ཟེར་བ་འདི་སངས་རྒྱས་དང་ནི་རྣམ་མཁྱེན་དང་།།

གྲུབ་པ་ཐུབ་པ་མ་ཡིན་པས་རྩ་ཕྲན་ཙམ་གྱི་སྐྱོན་ལོས་ཡོད།།


རྣམ་ཤེས་དང་ནི་ཀླད་པ་དང་བསམ་ཤེས་ལ་སོགས་ཡོད་གྱུར་ན།།

རྒྱ་བླ་དང་ནི་མཁས་མཛངས་སོགས་ཚུལ་བློ་འདི་ཉིད་བོད་ཀྱི་རྟེན།།

དཔལ་འབྱོར་དང་ནི་མཛེས་མ་དང་ཤེས་ཡོན་དང་ནི་རིག་གནས་དང་།།

གང་འདོད་འཚོགས་པའི་ཚུལ་བློ་འདི་དེང་རབས་བོད་ཀྱི་གཞི་འཛིན་ཡིན།།


དགྲ་བོ་གང་ཡིན་མ་ཤེས་ཤིང་གྲོགས་པོ་གང་ཡིན་མ་གོ་བར།།

བསྟན་གཤེགས་སུ་ཡིན་མ་ཤེས་ཤིང་བསྟན་འཛིན་གང་ཡིན་མ་གོ་བར།།

ཧམ་བཤད་ལོག་བཤད་འབུམ་སྨྲས་ཀྱང་རང་ལ་ཕན་པའི་ཤིག་ཙམ་ཞིག།

རྒྱ་ཡུལ་བོད་ཡུལ་དབྱིན་ཡུལ་སོགས་གང་ལ་ཡོད་ན་དཀོན་མཆོག་ཨེན།།


བོད་ཀྱི་མཁས་དབང་གཡག་རྒོད་ཚོ་ཀླད་པ་སྟོང་རྐྱང་མིན་རྒྱུ་ན།།

གཡག་གི་རྭ་རྩེད་ངོམ་རན་ཐལ་གད་པའི་ནང་དུ་མ་འགྲེལ་རོགས།།

ཚོར་བ་དང་ནི་རེག་བྱ་སོགས་བདེ་སྡུག་ཡོད་པའི་ཁྱི་ལའང་།།

རང་གི་བདེ་སྡུག་ཁུར་ཆེན་དེ་རང་ནུས་གང་གིས་འགྲུབ་པར་བྱེད།།


རྟོགས་སད་དང་ནི་རིགས་སྨྲ་དང་སྙན་ངག་པ་ཡིས་བཤད་པ་དག།

ཧམ་བཤད་ཉོག་བཤད་རྐྱང་པ་ལས་ལག་ལེན་བཟོས་པ་གཅིག་ཀྱང་མེད།།

ཁ་བཤད་ཆུ་ཡི་ལྦུ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ཉིད།།

དེང་གི་མཁས་པའི་ཚུགས་ཀ་ཅན་སྐྱབས་ཆེན་སོགས་ཀྱི་ཆོས་ཉིད་དོ།།


གྲྭ་ལོག་དང་ནི་ཁྲེལ་མེད་དང་གནས་ལུགས་ཤེས་དང་མི་ཤེས་གཉིས།།

གང་ལྟར་ཡི་གེ་འབྲི་ཤེས་ཙང་རྣམ་རྟོག་ཨ་ལ་པ་ལ་ཉིད།།

ཨ་བྲས་སྒོ་ནས་བལྟས་པ་བཞིན་ཏུག་སེ་ཏུག་སེ་ཐོན་པས་ན།།

སྐྱག་པར་མཛུབ་བཙུགས་བྱེེད་པ་དང་ཨོང་ཤ་ལྕེ་ཡིས་ལོས་ལྡག་ཨང་།།


པད་འབྱུང་ནམ་མཁའི་ལྷ་རུ་བརྩིས་ཡིད་བཞིན་སྙིང་གི་ཐིག་ལེར་སྒོམ།།

མ་བཅོས་འབངས་ཀྱི་དད་པ་ཉིད་ད་ནི་སུ་ཡིས་འདམ་དུ་བརྫངས།།

ཡང་ཡང་སེམས་ཀྱི་སློབ་བུ་ཉིད་སྙིང་གི་པདྨོར་འཛུམ་པར་ཀྱེ།།

བདུད་དང་སྲིན་གྱིས་མ་གོས་ཤིང་དགྲ་དང་སྡང་རྣམས་གྲོགས་སུ་སྨོན།།

2018 3 25 ཉིན་མོར།



རྩོམ་ཡིག་གིས་རྩོམ་པ་པོའི་ལྟ་བ་ལས་ངེད་ལུག་ཚང་གི་ལྟ་བ་མི་མཚོན།

您可能也对以下帖子感兴趣

文章有问题?点此查看未经处理的缓存