查看原文
其他

བོད་ཀྱི་གསོ་རིག་མཁས་དབང་རྒན་དབྱངས་དགའ་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

羊兄乐园 羊兄乐园 2022-12-20

1966-2022

༼པར་དྲ་ཐོག་ནས་བླངས༽

དབྱངས་དགའ། ༼1966-2022༽བོད་ལྗོངས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ལོངས་སུ་སྤྱོད་པའི་མཁས་པ། རྒྱལ་ཁབ་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱི་དཔྱད་བསྡུར་ཆེད་མཁས་པ། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལས་དོན་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། བོད་ལྗོངས་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་ལག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ། བོད་ལྗོངས་སྨན་རྩིས་ཁང་གི་གདན་ཞུས་ཞིབ་འཇུག་པ་བཅས་ཡིན།    ངེས་པ་དོན་གྱི་མཁས་པ་ཆེན་པོ་ཁྲོ་རུ་ཚེ་རྣམ་དང་། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་མཆོག་ཚུལ་ཁྲིམས་རྒྱལ་མཚན་སོགས་དགེ་རྒན་དུ་བཀུར་ནས། བོད་ཀྱི་བཅུ་ཕྲག་རིག་པའི་གནས་ལ་སློབ་གཉེར་གང་ལེགས་གནང་སྟེ། 2003ལོར་བོད་ཀྱི་གསོ་རིག་རབ་འབྱམས་པའི་སློབ་གནས་ཐོབ། 2010ལོར་ཨ་མེ་རི་ཀའི་ཧཱ་ཝེར་དྷི་སློབ་གྲྭ་ཆེན་མོ་རུ་འབུམ་རམས་པའི་སློབ་གནས་ཐོབ།    སྔ་རྗེས་སུ་ཨ་མེ་རི་ཀའི་ཧཱ་ཝེར་དྷི་སློབ་གྲྭ་ཆེན་མོའི་གདན་ཞུས་མཁས་དབང་དང་། འཆད་ཁྲིད་དགེ་རྒན། མཛུབ་ཁྲིད་སློབ་དཔོན། ཨ་མེ་རི་ཀའི་མིས་ཤིས་ཀན་སློབ་ཆེན་གྱི་བཤད་ཁྲིད་སློབ་དཔོན་སོགས་གནང་མྱོང་། 2017ལོར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བོད་ཀྱི་གསོ་བ་རིག་པ་སྙན་ཞུ་འབུལ་བའི་ལས་ཀར་ཞུགས་པ་དང་། རྒྱལ་ཁབ་རང་བྱུང་ཐེབས་རྩ་ཡིས་གཙོས་པའི་ཚད་མཐོའི་ཚན་ཞིབ་རྣམ་གྲངས་དུ་མ་ལེགས་གྲུབ་བྱུང་།    ཁོང་གིས་བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་བོད་ཀྱི་གསོ་བ་རིག་པ་དང་། གསོ་རིག་ལོ་རྒྱུས། གསོ་རིག་དཔེ་རྙིང་སོགས་ལ་ལོ་མང་རིང་ཉམས་ཞིབ་གནང་སྟེ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད།

央噶,西藏藏医药大学教授,博士、博士生导师。主要社会兼职:西藏自治区古籍保护工作专家委员会副主任,西藏自治区藏医药标准化技术委员会委员,西南民族大学客座教授、西藏藏医院客座研究院。

师从措如·才郎和次称坚赞两位大师,曾系统学习藏医为主的藏族十明学。2003年获藏医学硕士学位,2010年5月获美国哈佛大学博士学位。先后担任哈佛大学访问学者、讲师和指导教授,密西根大学讲师等职。2017年,参与了藏医药申报联合国人类非物质文化遗产名录工作。主持和参与了国家自然科学基金等多项重大科研项目。

主要研究领域包括藏医药史研究,藏医药理论研究,藏医与其他世界传统医学的关系研究。


ཁོང་གི་

དཔེ་དེབ།




ཁོང་གི་

འཆད་ཁྲིད་

གཅེས་བཏུས།


དཀར་ཆག

༡༽བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཐབས་ལམ་དང་བརྒྱུད་རིམ།

༢༽གསོ་རིག་དཔེ་རྙིང་བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ལ་དཔྱད་པའི་འཆད་འཁྲིད་ཀྱི་བརྙན།

༣༽ལག་ལེན་པོད་ཆུང་རྩ་འགྲེལ་ལ་དཔྱད་པ།

༤༽གསོ་རིག་བདག་དབང་དང་ཏོག་དབྱིབས་ནད་དུག་སྐོར་གླེང་བ།


བོད་ལུགས་གསོ་རིག་གི་ཚན་རིག་ཞིབ་འཇུག་ཐབས་ལམ་དང་བརྒྱུད་རིམ།

འཆད་ཁྲིད་གནང་ཡུལ།  ལྷ་སའི་བདུད་རྩི་བ་གམ། དུས་ཚོད།  སྤྱི་ལོ་༢༠༢༡.༡༡.༢༦

འཆད་ཁྲིད་པ།  རྒན་དབྱངས་དགའ།

༡༽

༢༽

༣༽

༤༽

༥༽


གསོ་རིག་དཔེ་རྙིང་བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ལ་དཔྱད་པའི་འཆད་འཁྲིད་ཀྱི་བརྙན།

བོད་ལུགས་གསོ་རིག་ཀུན་བཏོད་ར་བའི་སློབ་དཔོན། དགེ་རྒན་ཆེན་མོ་དབྱངས་དགས།

འཆད་འཁྲིད་འདིའི་ནང་བོད་བཙན་པོའི་དུས་སུ་བྱུང་བའི་གསོ་དཔྱད་ཀྱི་གཞུང་རྙིང་མ་བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་དེ་ནི་འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་ནམ་མེས་ཨག་ཚོམས་ཀྱི་སྐུ་དུས་སུ་བྱུང་བ་དང་མཛད་པ་པོར་འཆད་ཚུལ་མང་ཡང་དེ་ནི་བོད་སྐད་ཐོག་ཏུ་བརྩམས་པའི་བསྟན་བཅོས་ཀྱི་གཞུང་རྙིང་ཞིག་ཡིན་པ་དང་ཁྱད་པར་དཔེ་ཆ་དེའི་ནང་གི་བརྡ་རྙིང་ལ་བརྟག་ནས་དཔེ་ཆ་དེ་བྱུང་བའི་དུས་ཚོད་ལ་དཔྱད་པ་དང་། དེ་བཞིན་འཆད་ཉན་གྱི་བརྒྱུད་པའི་ཐད་གཙོ་བོ་བྲང་ཏིའི་བརྒྱུད་པ་ལ་བརྟེན་པ་དང་མཐར་དུས་རབས་བཅུ་བདུན་ཙམ་ནས་འཆད་ཉན་གྱི་བརྒྱུད་པ་ཆད་པ་བཅས་བསྒྲུབས་ཡོད་པ་དང་། དེ་བཞིན་མཇུག་ཏུ་གཞུང་འདི་དང་རྒྱུད་བཞིའི་ནང་དོན་དབར་འདྲ་བའི་ཆ་དང་མི་འདྲ་བའི་ཆ་གང་ཡོད་པ་དཔྱད་པ་བརྒྱུད་བྱང་ཁོག་དམར་བྱང་གསལ་བའི་སྒྲོན་མེ་ནི་རྒྱུད་བཞིའི་ལེའུ་སྤྱི་དང་ཁྱད་པར་བྱང་ཁོག་སྟོད་གསོ་བའི་སྐབས་ཀྱི་རྒྱབ་རྟེན་ཡིག་ཆ་གལ་ཆེན་ཡིན་པ་བསྒྲུབས་ཡོད།


ལག་ལེན་པོད་ཆུང་རྩ་འགྲེལ་ལ་དཔྱད་པ།

རྒན་དབྱངས་དགའ།


གསོ་རིག་བདག་དབང་དང་ཏོག་དབྱིབས་ནད་དུག་སྐོར་གླེང་བ།

རྒན་དབྱངས་དགའ།

འགན་སེལ་ཡི་གེ|免责声明
རྩོམ་ཡིག་གིས་རྩོམ་པ་པོའི་ལྟ་བ་ལས་ལུག་ཚང་དཔལ་ཡོན་གྱི་ལྟ་བ་མི་མཚོན།本文由作者投稿,不代表平台的观点和立场。


རྩོམ་སྒྲིག Ns

འཕྲིན་ཕྲན། sonOfLhayak

ཡིག་ཟམ། nyisyi@icloud.com


Copyright © 2013-2022 ལུག་ཚང་དཔལ་ཡོན།

您可能也对以下帖子感兴趣

文章有问题?点此查看未经处理的缓存