查看原文
其他

དགའ་སྐྱེལ་སྐོར་གྱི་གསུང་ཆོས། མཁན་རིན་པོ་ཆེ་སྙན་གྲགས་ལགས།

2016-03-25 羊兄乐园 羊兄乐园

དགའ་སྐྱེལ་ཟེར་བའི་སྲོལ་འདི་ང་ཚོར་དགོས་པ་འདུག་གམ།

དགའ་ལྡན་དགོན་གྱི་མཁན་རིན་པོ་ཆེ་སྙན་གྲགས་ལགས། མི་དམངས་ཀྱི་རྨོངས་པ་སེལ་མཁན་གྱི་བོད་མི་དཀྱུས་མ་ཞིག  མི་དམངས་ལ་ཤ་ཞེན་ཆེ་བའི་མཁན་པོ་ཞིག  མི་དམངས་ཀྱི་བདེ་སྡུག་ལ་གདུང་སེམས་མཉམ་བསྐྱེད་བྱེད་མཁན་གྱི་རང་བྱུང་བླ་མ་ཞིག

WIFIཡོད་དུས་གཟིགས་རོགས་ཞུ།

མཁན་རིན་པོ་ཆེ་སྙན་གྲགས་ལགས་ཀྱི་དགའ་སྐྱེལ་སྐོར་གྱི་གསུང་ཆོས།

https://v.qq.com/txp/iframe/player.html?vid=i0190hbyge5&width=500&height=375&auto=0

དགའ་སྐྱེལ་ཟེར་བའི་ལུགས་སྲོལ་ང་ཚོར་སྔ་མ་ནས་ཡོད་དམ། དེ་བས་བག་མེད་ལོངས་སྤྱོད་ཀྱི་དགའ་སྐྱེལ་དང་ལྐོག་ཚོང་གི་ངོ་བོར་འགྱུར་ཟིན་པའི་དགའ་སྐྱེལ། མི་དང་མིའི་དབར་ལ་ཞེ་སྡང་དང་ཕྲ་དོག་སྐྱེས་ཡོང་བའི་དགའ་སྐྱེལ་ཟེར་བ་ང་ཚོར་དགོས་པ་འདུག་གམ། ཁྱེད་ཉིད་ནས་འདི་ལ་བསམ་གཞིག་ལེགས་པར་བཏང་རོགས་ཞུ།

རང་སྒེར་དང་ཁྱིམ་ཚང་ནས་འགོ་བཙུགས་ཏེ་དགའ་སྐྱེལ་ཟེར་བའི་སྲོལ་ངན་དོར་ནས། ལུགས་མཐུན་གྱི་རྟེན་འབྲེལ་ལ་རོལ་ཐུབ་ན་ཅི་མ་རུང་། དེ་བས་བསོད་ནམས་ཀྱང་ཉམས་ཀྱི་མ་རེད།


1

དགའ་སྐྱེལ་སྐོར།

དགའ་སྐྱེལ་ཞེས་པའི་ལུགས་སྲོལ་གསར་པ་འདི་དར་ནས་ལོ་ངོ་བཅུ་ཕྲག་ཙམ་ཕྱིན་པ་རེད། ལུགས་སྲོལ་འདིར་ཐད་ཀར་ཡག་པོ་མི་འདུག་གསུངས་ནས་བཀའ་ཆོས་ཁྱབ་བསྒྲགས་གནང་མཁན་དགའ་ལྡན་མཁན་རིན་པོ་ཆེ་སྙན་གྲགས་ལགས་ཁོང་ཐེངས་དང་པོ་མིན་འགྲོ་བསམ་བྱུང་། སྒྲ་ཕབ་དེ་ལག་ཏུ་སླེབས་པ་དང་ཐེངས་གཉིས་ཙམ་ཉན་པ་ཡིན། ཧ་ཅང་ཡག་པོ་འདུག །གང་ལགས་ཟེར་ན་སྤྱི་ཚོགས་ཀྱི་འགྲོ་སྟངས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་པའི་གསུང་བཤད་ཧ་ཅང་ཡག་པོ་ཞིག་རེད། སློབ་མའི་ཆེད་དུ་ཐུགས་སྤྲོ་གཏོང་གི་ཡིན་ཟེར་ཡང་དོན་ལ་ཕ་མ་ཚོས་ཕྱུག་དབུལ་དང་དབང་ཆ་དོ་མི་སྙོམ་པའི་རྣམ་པ་ངོམ་བྱེད་ལག་ཆས་ཤིག་ཏུ་ཆགས་འདུག །དེས་སློབ་མའི་གཙང་མའི་སེམས་ཀྱི་ནང་དུའང་གཙོག་པའི་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་རེད། དེར་བརྟེན་ལུགས་སྲོལ་ངན་པ་འདི་ཚོ་ལ་ཐུགས་བསམ་བཞེས་གནང་རོགས་གསུངས་འདུག །དངོས་གནས་དེ་ག་རང་རེད། དཔེ་ཡག་པོ་གསུངས་འདུག་དེ་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་སྙིང་ནས་ཞུ་གི་ཡིན་ཏོ། །


ངོས་རང་ངོས་ནས་བསམ་ཚུལ་ཞིག་ཞུ་ན། ལྷ་ས་ལ་གནས་བཅའ་ནས་ལོ་ངོ་དགུ་ཙམ་ཕྱིན་སོང་། དགའ་སྐྱེལ་ནང་ཡོང་རོགས་ཟེར་མཁན་མང་ཙམ་འདུག་ནའང་ཐེངས་གཅིག་ཀྱང་སོང་མེད། གང་ལགས་ཟེར་ན་ལུགས་སྲོལ་འདི་དང་འདི་འདྲ་བ་མི་དགོས་པ་གང་བྱུང་མང་བྱུང་དར་ཡོང་བ་ལ་དགའ་པོ་མེད། རྒྱུ་མཚན་གཅིག་ནི་ཆོས་ཕྱོགས་ཀྱི་ལས་ཀ་བྱ་བ་ཡག་པོ་ཞིག་རྩ་བ་ནས་མ་རེད། གང་ལགས་ཟེར་ན་ཆོས་ནས་བསོད་ནམས་བསགས་དགོས་འཕྲོ་བརླག་གཏོང་མི་རུང་། འགྲན་སེམས་དང་ཕྲག་ཏོག་ཁྱད་གསོད་སོགས་ཉོན་མོངས་པའི་སེམས་པ་དེ་རྣམས་ཡག་པོ་མེད་ལ་རྒྱུ་དེ་ལས་འབྲས་བུའང་སྡུག་བསྔལ་མྱོང་ཡོང་གསུངས་ཡོད་ན་འདི་ནི་ལས་ཀ་མི་དགེ་བ་ཞིག་ཡིན་པ་གསལ་པོ་རེད། ཡང་འཇིག་རྟེན་ཡ་རབས་ཀྱི་ལུགས་སྲོལ་དང་མཐུན་པ་ཞིག་ཀྱང་རྩ་བ་ནས་རེད་མི་འདུག །གང་ལགས་ཟེར་ན་མི་ཡ་རབས་བསམ་ཤེས་ལྡན་པ་ཚོས་རང་གང་འདྲ་དབང་ཆེན་དང་ཕྱུག་པོ་རྒྱགས་པ་ཆགས་ཡོད་པ་ཡིན་རུང་མི་གཞན་དབུལ་པོ་སྐྱོ་པོ་ཚོ་ལ་རོགས་སྐྱོར་དང་ཕན་འདོགས་ཅི་ནུས་ཀྱིས་སྒྲུབ་པ་ལས་ང་རྒྱལ་དང་ཁྱད་གསོད་འཕྱ་སྨོད་གཅིག་ཀྱང་བྱེད་ཀྱི་མ་རེད། ད་དུང་ཉམས་ཆུང་ཚུལ་མཐུན་གནང་གི་རེད། དེར་བརྟེན་འདི་ནི་མ་རབས་སྲོལ་ངན་ཞིག་ཡིན་པ་ཐག་ཆོད་པ་རེད་པས་ཀུན་གྱིས་སྤོངས་རོགས་ཞུའོ།།


བདག་མི་རྒན་ལྷག་བསམ་ཅན་ཞིག་ཡིན་པའི་ཁུལ་གྱིས་བོད་རང་ལ་སྔ་སྲོལ་བཟང་པོ་མ་ཉམས་པ་དང་ད་སྲོལ་ངན་པ་མ་དར་བའི་སྨོན་འདུན་ཤིས་ཚིག་དང་བཅས་དབུས་ལྷ་ལྡན་ནས་བོ་དྷི་ས་རས་ཟླ་༢ཚེས་༩ཉིན་གུས་ཕུལ།

བོད་ཀྱི་སྲོལ་རྒྱུན་བོད་ཡིག་ཡིག་གཟུགས་མཁོ་ཆས།

འབྲེལ་གཏུག་ཁ་པར། 

13908937116

འཕྲིན་ཕྲན་ཨང་གྲངས།

qiangba1988

您可能也对以下帖子感兴趣

文章有问题?点此查看未经处理的缓存