查看原文
其他

ཆབ་མདོའི་སྟེང་ཆེན་ས་ཡོམ་ཁྲོད་མི་༦༠ལྷག་རྨས་པ།

2016-05-12 Sanggyi dolma 中国藏语广播CNR

 


ས་ཡོམ་ཁྲིད་བརྡིབས་པའི་ཁང་པ།


      བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བབ་བསྟུན་གཞུང་ལས་ཁང་གིས་སྤེལ་བའི་གནས་ཚུལ་གསར་ཤོས་ལྟར་ན། ད་སྔའི་བར་དུ།  སྤྱི་ཚེས་༡༡ཉིན་གྱི་ཆུ་ཚོད་༩དང་སྐར་མ་༡༥ཡི་ཐོག་བོད་ལྗོངས་ཆབ་མདོ་སྟེང་ཆེན་རྫོང་དུ་བྱུང་བའི་རིམ་པ་༥ཚེག་༥ཅན་གྱི་ས་ཡོམ་ཁྲོད།  ས་ཡོམ་གྱི་ལྟེ་བ་དགའ་ཐར་ཤང་གི་གྲོང་མི་༦༠ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། དེའི་ནང་མི་༦ལ་རྨས་སྐྱོན་ཅུང་ལྕི་མོ་ཕོག་ཡོད་པ་རེད།


སྤྱི་ཟླ་༥པའི་ཚེས་༡༡ཉིན། དྲག་ཆས་ཉེན་རྟོག་པས་སྟེང་ཆེན་རྫོང་དགའ་ཐར་ཤང་སྡེ་བའི་སྲང་ལམ་གཙང་བཤེར་བྱེད་བཞིན་པ།


སྤྱི་ཟླ་༥པའི་ཚེས་༡༡ཉིན། དྲག་ཆས་ཉེན་རྟོག་པས་སྟེང་ཆེན་རྫོང་དགའ་ཐར་ཤང་སྡེ་བའི་སྲང་ལམ་གཙང་བཤེར་བྱེད་བཞིན་པ།

    ས་ཡོམ་བྱུང་རྗེས། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཚོས་མྱུར་དུ་ནུས་ཤུགས་ཡོད་རྒུད་བཏོན་ནས། གང་ནུས་ཅི་ལྕོགས་ཀྱིས་རྨས་མ་སྐྱོབ་བཅོས་དང་དུས་ཚོད་དམ་འཛིན་གྱིས་གནོད་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་ཆས་མྱུར་བཟོ་བྱེད་པ་དང་། ཉེན་ཁ་ཡོད་པའི་ས་ཁུལ་གྱི་མང་ཚོགས་རྣམས་སྒྲིག་འཛུགས་བྱས་ནས་བདེ་འཇགས་ས་ཆར་གནས་སྤོས་ཤིང་ཉེན་ཁ་ལས་གཡོལ་བ་དང་འཚོ་བའི་ཕྱོགས་ལ་བཀོད་སྒྲིག་ཡག་པོ་བྱས་པར་མ་ཟད། ཡོམ་འཕྲོར་ལྟ་དཔྱད་ཚད་ལེན་སྔོན་བརྡ་གཟབ་ནན་ངང་ལྟ་ཞིབ་བྱས་ནས་ཡོམ་འཕྲོ་དང་ཞར་བྱུང་གནོད་འཚེས་མི་དང་རྒྱུ་ནོར་ལ་གནོད་སྐྱོན་བཟོ་བར་སྔོན་འགོག་བྱེད་དགོས་པའི་བླང་བྱ་ནན་གྱིས་བཏོན།


རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 

རྩོམ་སྒྱུར་བ། རྟ་མགྲིན།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

འཕྲིན་སྒམ།80245381@qq.com

པོད་ཕྲན།http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

您可能也对以下帖子感兴趣

文章有问题?点此查看未经处理的缓存