其他

འབྲུག་ཡུལ་གྱི་བླ་མས་ཀྲུང་གོའི་ནང་བསྟན་སྡེ་ཚན་ལ་འཚམས་འདྲི་གནང་།

2016-11-02 中国藏语广播CNR


       ཀྲུང་གོའི་ཕྱི་འབྲེལ་ཁང་གིས་གདན་ཞུས་པ་ལྟར། ཉེ་ལམ། འབྲུག་རྒྱལ་ཁབ་ཀྱི་བླ་མའམ་རྡོ་རྗེ་སློབ་དཔོན་བསམ་གཏན་མཆོག་དང་འབྲུག་ཞིང་ལས་བློན་ཆེན་ཡེ་ཤེས་རྡོ་རྗེ་བཅས་ཆོས་སྲིད་གཉིས་ཕྱོགས་ཀྱི་འབྲུག་པ་བརྒྱད་ཀྱིས་གྲུབ་པའི་འཐུས་ཚབ་ཚོགས་པ་ཞིག་ཀྲུང་གོར་ཕེབས་ཤིང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ལ་འཚམས་འདྲི་གནང་འདུག་ལ། སྤྱི་ཟླ་༡༠ཚེས་༢༩ཉིན་གྱི་དགོང་མོར།  ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་བཙུན་པ་ཞུའེ་ཁྲེང་ལགས་ནས་པེ་ཅིང་གི་ཀོང་ཅི་དགོན་པ་རུ་ཁོང་རྣམ་པར་མཇལ་འཕྲད་གནང་ཞིང་གསོལ་ཚིགས་དྲངས་པ་དང་། སྤྲོ་དགའི་ངང་ཕན་ཚུན་བསམ་བློ་བརྗེ་རེས་གནང་།   

    བཙུན་པ་ཞུའེ་ཁྲེང་ལགས་ཀྱིས་བླ་མ་གང་ཀྲུང་གོར་ཕེབས་པར་ཤིན་ཏུ་དགའ་སྤྲོ་སྐྱེས་བྱུང་ཞེས་དང་། འབྲུག་རྒྱལ་ཁབ་ནི་འཛམ་གླིང་ཡོངས་ལས་བདེ་སྐྱིད་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་དང་། དམངས་ཡོངས་བཀའ་བརྒྱུད་པར་དད་མཁན་ཡིན་ཞིང་། ཀྲུང་གོའི་བོད་རིགས་ནང་བསྟན་དད་ལྡན་པ་ཡོངས་འབྲུག་རྒྱལ་ཁབ་ལ་གནས་མཇལ་སོགས་སུ་འགྲོ་བའི་རེ་བ་ཆེ་བའི་སྐོར་སོགས་གསུངས་པ་མ་ཟད། ཀྲུང་གོའི་ནང་བསྟན་པ་ཡོངས་ཀྱི་ཚབ་ཞུས་ནས་འབྲུག་རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དང་འབྲུག་པ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། འབྲུག་འཚམས་འདྲི་ཚོགས་པ་ཉིན་ཤས་རྗེས་སུ་བོད་ལྗོངས་དང་སི་ཁྲོན་སོགས་སུ་ཕེབས་སྐབས་བྱ་བ་ཡོད་ཚད་བདེ་བླག་ཡོང་བའི་སྨོན་འདུན་ཞུས། 

        འབྲུག་ཞིང་ལས་བློན་ཆེན་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་ཚོགས་པའི་ཚབ་གནང་ནས་བཙུན་པ་ཞུའེ་ཁྲེང་ལགས་ཀྱིས་ཁོང་ཚོར་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།  ཐེངས་དང་པོར་ཀྲུང་གོའི་དགོན་པར་མཇལ་སྐལ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཞེས་དང་།  རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་དང་ཀྲུའུ་ཞི་ཞིས་ཅིན་ཕིང་རྣམ་གཉིས་ཀྱི་དབུ་ཁྲིད་འོག་དང་། རྒྱལ་ཁབ་གཉིས་ཀྱི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་འབད་པ་གནང་འོག རྒྱལ་ཁབ་གཉིས་ཀྱི་མ་འོངས་བ་སྔར་ལས་མཛེས་ཤིང་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས་རྒྱུ་དང་།  རྡོ་རྗེ་སློབ་དཔོན་བསམ་གཏན་མཆོག་གི་ཚབ་ཞུས་ནས་ཕྱོགས་གཉིས་བར་ནང་བསྟན་ཕྱོགས་ཀྱི་འབྲེལ་འདྲིས་སྔར་བས་ཟབ་མོ་ཡོང་བའི་རེ་བ་ཞུ་ཞེས་སོགས་གསུངས་འདུག


རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 

རྩོམ་སྒྲིག་པ། ཀླུ་འབུམ།   

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

འཕྲིན་སྒམ།80245381@qq.com

པོད་ཕྲན།http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

您可能也对以下帖子感兴趣

文章有问题?点此查看未经处理的缓存