查看原文
其他

▶གཏམ་བཟང་སྟེ་ཁ་པར་སོགས་འཕྲུལ་ཆས་ཀྱིས་བོད་སྐད་བཤད་ཤེས་པར་གྱུར།

2016-11-04 Delhamo 中国藏语广播CNR

https://v.qq.com/txp/iframe/player.html?vid=i1310ftwm2x&width=500&height=375&auto=0
གློག་ཀླད་དུ་ཡོད་པའི་བོད་ཡིག་ཡིག་ཚགས་སྒྲ་འདོན་མཉེན་ཆས་ལ་བརྟེན་ནས་ཀློག་བཞིན་པའི་རྣམ་པ། 


       སྤྱི་ཟླ་༡༡ཚེས་༣ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོས་དགའ་འོས་པའི་གཏམ་བཟང་ཞིག་བསྒྲགས་ཡོད་པ་སྟེ། སློབ་ཆེན་དེ་དང་ཁོ་ཏ་ཤུན་ཧྥེ་(科大讯飞)ཞེས་པའི་བརྡ་འཕྲིན་ཚན་རྩལ་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་འབྲེལ་ངང་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་འཕྲུལ་ཆས་ཀྱིས་བོད་སྐད་གོ་བའམ་བོད་སྐད་བཤད་པའི་ལག་རྩལ་མངོན་དུ་གྱུར་ཡོད་པ་དེ་ཡིན་ལ། དེ་ཡང་དཔེར་ན་ང་ཚོའི་ཁ་པར་དུ་ཡོད་པའི་བོད་ཡིག་ཡིག་ཚགས་རྣམས་མཉེན་ཆས་ལ་བརྟེན་ནས་སྒྲ་དང་ལྡན་པར་བསྒྱུར་བ་དང་། དཔེ་ཀློག་སོགས་བྱེད་སྐབས་མིག་གིས་ལྟ་མི་དགོས་པར་རྣ་བས་ཉན་པས་ཆོག་པར་གྱུར་བ་མ་ཟད། ད་དུང་བོད་ཡིག་གིས་འཕྲིན་ཐུང་སོགས་སྐུར་སྐབས་ལག་པས་འབྲི་མི་དགོས་པར་ཁ་ཡིས་བཏོན་ན་ཁ་པར་རང་གིས་བོད་ཡིག་འབྲི་ཐུབ་པ་སོགས་ལྟ་བུ་ཡིན་ལ། དེ་ནི་བོད་སྐད་བརྡ་འཕྲིན་ཅན་ནམ་གློག་རྡུལ་ཅན་དུ་འགྱུར་བའི་ལག་རྩལ་གྱི་ཐོད་བརྒལ་ཆེན་པོ་ཞིག་དང་།  བརྡ་འཕྲིན་དུས་རབས་ནང་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཡོང་བར་མེད་དུ་མི་རུང་བའི་ལག་རྩལ་གལ་ཆེན་ཞིག་གོ།། 

བོད་ལྗོངས་སློབ་ཆེན་སོགས་ནས་འཕྲུལ་ཆས་ཀྱིས་བོད་སྐད་བཤད་པའི་ལག་རྩལ་མངོན་དུ་གྱུར་བའི་སྐོར་ཁྱབ་སྒྲོག་བྱེད་བཞིན་པ། 


    དབྱིན་སྐད་དང་འཇར་པན་གྱི་སྐད། རྒྱ་ནག་སྐད་སོགས་ལ་མཚོན་ན། ལག་རྩལ་དེ་སྔ་མོ་ནས་མངོན་དུ་གྱུར་ཡོད་པ་དང་། སྐད་རིགས་དེ་དག་གིས་ལག་རྩལ་དེ་ཁ་པར་དང་གློག་ཀླད་ཁྱབ་ཁོངས་སུ་བེད་སྤྱོད་གཏོང་བཞིན་པ་མ་ཟད། ལག་རྩལ་དེ་བཀོལ་ནས་གློག་མིའམ་འཕྲུལ་མིས་ཀྱང་སྐད་རིགས་དེ་དག་གོ་བ་དང་བཤད་ཤེས་པར་གྱུར་ཡོད། https://v.qq.com/txp/iframe/player.html?vid=r0021p965j5&width=500&height=375&auto=0

    ཨ་རིའི་ཧན་སོན་འཕྲུལ་མིའི་སྤྱི་གཉེར་ཁང་(Hanson Robotics Ltd. )གིས་བཟོས་པའི་དབྱིན་སྐད་གོ་བའི་འཕྲུལ་མི་ཞིག་ལ་གསར་འགོད་པ་ཞིག་གིས་ཚོད་ལྟའི་ཚུལ་དུ་བཅར་འདྲི་བྱས་པའི་རྣམ་པ། 

 

https://v.qq.com/txp/iframe/player.html?vid=c01592t7hr8&width=500&height=375&auto=0
འཇར་པན་གྱི་ Henn-naཞེས་པའི་མགྲོན་ཁང་གིས་འཇར་པན་གྱི་སྐད་གོ་བའི་འཕྲུལ་མི་མགྲོན་ཁང་གི་ཞབས་ཞུ་བར་བཀོལ་བཞིན་པའི་རྣམ་པ། 


རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།  

 རྩོམ་སྒྲིག་པ། བདེ་ལྷ་མོ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

འཕྲིན་སྒམ།80245381@qq.com

པོད་ཕྲན།http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

您可能也对以下帖子感兴趣

文章有问题?点此查看未经处理的缓存