其他

ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་500ཡོད་པའི་བུད་མེད་ཅིག

2017-03-27 中国藏语广播CNR

https://v.qq.com/txp/iframe/player.html?vid=w0385qruxen&width=500&height=375&auto=0

    ༼འཛམ་གླིང་ཐོག་གི་ཤ་རྒྱགས་ཤོས་བུད་མེད་ཀྱི་ལྗིད་ཚད་ཉིན་26ནང་སྤྱི་རྒྱ་120ཡང་དུ་ཕྱིན་པ།༽

      དཔྱད་གཞིའི་ཚགས་པར་དྲ་བའི་ཐོག་སྤྱི་ཟླ་3པའི་ཚེས་19ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རང་ལོ་35ཡིན་པའི་ཨེ་ཅིབ་བ་དབྱི་མན་ཨེ་ཧ་མེ་ཏེ་ཨབ་ཏུ་ལ་ཐེ་ནི་ཟིན་ཐོ་སྣ་ཚོགས་སྐྲུན་པའི་བུད་མེད་ཅིག་རེད། ཁོང་གི་གཟུགས་པོའི་རིང་ཚད་ལ་སྤྱི་ཁྲེ་1.41ལས་མེད་རུང་། གཟུགས་པོའི་ལྗིད་ཚད་སྤྱི་རྒྱ་500ཡོད་ཅིང་། འཛམ་གླིང་ཐོག་གཟུགས་པོ་ལྕི་ཤོས་ཀྱི་བུད་མེད་ཅིག་རེད། དེ་ཡང་ལྕི་དྲགས་པའི་དབང་གིས་ཁོང་འབོལ་གདན་ཉལ་ཁྲི་ཞིག་གི་ཐོག་ཉི་མ་འཁྱོལ་ཐབས་བྱེད་པ་ལས་ལོ་ངོ་15ཙམ་ཁྱིམ་ནས་ཕྱིར་ཐོན་མྱོང་མེད། ཟླ་བ་གཅིག་གི་གོང་རྒྱ་གར་འབོམ་སྦེ་རུ་བསྐྱལ་ནས་སྨན་བཅོས་བྱ་རྩིས་ཡོད་པའི་གསར་འགྱུར་ལ་ཀུན་གྱིས་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། དུས་ཐུང་གཟའ་འཁོར་བཞིའི་རྗེས་སུ། ཁོང་གིས་ཡང་ཟིན་ཐོ་གསར་པ་ཞིག་སྐྲུན་ཡོད་པ་རེད། དབྱི་མན་གྱི་གཅུང་མོ་ཧྲ་དབྱི་མས་ཁ་པར་ནང་ནས་གསར་འགོད་པར། ད་ལྟ་ཁོང་གི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་ཅིང་། ལྗིད་ཚད་སྤྱི་རྒྱ་120ཡང་དུ་ཕྱིན་ཡོད་ཅེས་གསུངས་འདུག

      སི་པན་གྱི་འཛམ་གླིང་ཚགས་པར་ཞེས་པའི་དྲ་ཚིགས་ཐོག་སྤྱི་ཟླ་3པའི་ཚེས་16ཉིན་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་མན་གཅུང་མོའི་རོགས་རམ་འོག་སྤྱི་ཟླ་2པའི་ཚེས་10ཉིན་ཨེ་ཅིབ་མཁའ་འགྲུལ་ཀུང་སིའི་བོགས་གཏོང་གནམ་གྲུ་ཞིག་ལ་བསྡད་ནས་རྒྱ་གར་འབོམ་སྦེའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་པར་བསྐྱོད་ཡོད་པ་དང་། དེ་ནི་ཧྲ་དབྱི་མས་གཅེན་མོ་འབོམ་སྦེར་འབྱོར་རྗེས་སྨྱན་སྦྱོར་ཚན་པའི་ཁ་ 38 24124 38 9323 0 0 3313 0 0:00:07 0:00:02 0:00:05 3313ར་བཅར་འདྲི་དང་ལེན་བྱེད་ཐེངས་དང་པོ་ཡིན་པ་རེད། 

      ཧྲ་དབྱི་མས། སྨན་ཁང་གི་རེ་བ་ལྟར། ད་བར་ངས་གསར་འགོད་པ་གང་རུང་གི་བཅར་འདྲི་དང་ལེན་ཞུ་མྱོང་མེད། གསར་འགོད་པ་ཚོས་ངའི་གཅེན་མོའི་ལྗིད་ཚད་མགྱོགས་པོ་དེ་འདྲ་ཡང་དུ་གཏོང་ཐུབ་པར་ཧང་སང་གནང་གི་འདུག ཁོང་གི་གཟུགས་པོའི་ནང་ནས་འཐེན་པ་ཚང་མ་གཟུགས་པོར་འདུས་པའི་བཞའ་བརླན་ཤ་སྟག་ཡིན་ཞེས་གསུངས་འདུག

      ཧྲ་དབྱི་མ་ལས་གནས་དགོངས་ཞུ་མ་བྱས་གོང་བཟོ་བསྐྲུན་པ་ཞིག་ཡིན་པ་རེད། ཟླ་བ་གཅིག་གི་གོང་། ཁོང་གིས་རང་ཉིད་ཀྱི་བུ་མོ་ཆུང་ཆུང་ཁྱིམ་དུ་བསྐྱུར་ནས་གཅེན་མོར་རོགས་པ་བྱས་ཏེ་མདུན་ལམ་རྟོགས་པར་དཀའ་བའི་འགྲུལ་བཞུད་ལམ་དུ་ཞུགས་ཡོད་པ་རེད། ཁོང་གིས་བུ་མོ་ཨ་མར་ལྟ་སྐྱོང་གནང་རོགས་ཞུས་ཡོད་ཅིང་། ངས་ཉིན་ལྟར་བུ་མོ་དང་ཁ་པར་གཏོང་གི་ཡོད། བུ་མོ་སེམས་པ་སྐྱིད་པོ་ཡོད་ས་རེད། ང་རང་སེམས་པ་དགའ་ཞིང་བློ་བདེ་པོ་འདུག འདི་གར་གཅེན་མོ་ང་གཉིས་གཅིག་པོ་སོང་ཙང་འཚོ་བ་བྲེལ་བྲེལ་འཚུབ་འཚུབ་ཡིན་པ་དང་། ཉིན་ལྟར་ང་རང་ལ་ལས་ཀ་བྱ་རྒྱུ་མང་པོ་འདུག་ཅེས་སྐད་ཆའི་ཁྲོད་ནས་སེམས་ཤུགས་བརྟན་པོའི་རྣམ་པ་ཞིག་མཐོང་ཐུབ།

      འདས་ཟིན་པའི་ལོ་སུམ་ཅུ་སོ་ལྔའི་རིང་དུས་ཚོད་མང་ཆེ་བ་ཉལ་ཁྲིའི་ཐོག་བསྐྱལ་ཡོད་པའི་དབྱི་མན་གྱི་ངོས་ནས་བཤད་ན་མིག་སྔར་གཟུགས་པོའི་ལྗིད་ཚད་ཡང་དུ་གཏོང་ཐུབ་ཡོད་པས་དབྱི་མན་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། སྤྱི་ཟླ་3པའི་ཚེས་14ཉིན་དབྱི་མན་ལ་གཤགས་བཅོས་ཐེངས་དང་པོ་བྱས་ཡོད་པ་རེད།

    བུད་མེད་དབྱི་མན་ལ་ནད་རིགས་སྣ་ཚོགས་ཀྱིས་མནར་ནས་འགུལ་སྐྱོད་མི་ཐུབ་པ།

     ལྗིད་འདེགས་འཕྲུལ་ཆས་ལ་བརྟེན་ནས་དབྱི་མན་ཁྱིམ་ནས་ཁ་བྲལ་ཏེ་རྒྱ་གར་ལ་བསྐྱོད་པ། 

ཆུང་དུས་ཀྱི་དབྱི་མན་ཨེ་ཧ་མེ་ཏེ་ཨབ་ཏུ་ལ་ཐེའི་འདྲ་པར།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 

ཡིག་སྒྱུར། མིག་དམར་རྒྱལ་པོ། 

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

འཕྲིན་སྒམ།80245381@qq.com

པོད་ཕྲན།http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

您可能也对以下帖子感兴趣

文章有问题?点此查看未经处理的缓存