其他

▶ཀུ་ཤུ་བརྒྱད་པ་དང་བཅུ་བ་གཉིས་འགྲེམ་བསྒྲགས་བྱས།

2017-09-13 中国藏语广播CNR

https://v.qq.com/txp/iframe/player.html?vid=w054912p5q4&width=500&height=375&auto=0
       ཨ་རིའི་སྤྱི་ཟླ9བའི་ཚེས་12ཉིན་གྱི་ཞོགས་པའི་ཆུ་ཚོད་10:00བའི་ཐོག ཀུ་ཤུ་མཐུན་གཉེར་ཁང་གིས་ཀུ་ཤུའི་ཁ་པར་བརྒྱད་པ་ཆེ་ཆུང་གཉིས་དང་བཅུ་བ། ལག་འདོགས་ཆུ་ཚོད་འཁོར་ལོ། བརྙན་འཕྲིན། ད་དུང་སྐུད་མེད་གློག་གསོག་ཆས་བཅས་ཀྱི་འགྲེམ་སྤེལ་མཛད་སྒོ་གཟབ་རྒྱས་ངང་བསྡུས།

       ཀུ་ཤུའི་ཁ་པར་བརྒྱད་པ་ཆེ་ཆུང་གཉིས་དང་བཅུ་བ་བཅས་ཀྱི་ཕྱིའི་མཛེས་ཆ་དང་ནང་གི་ཐུན་མིན་ཁྱད་ཆོས་བཅས་བརྙན་ལམ་ནས་ཤེས་པར་མཛོད།

       ཀུ་ཤུའི་ཁ་པར་བརྒྱད་པ་ཆེ་ཆུང་གཉིས་ཀྱི་ཕྱིའི་ཁ་དོག་ལ་དངུལ་མདོག་དང་གསེར་མདོག ནག་སྐྱ་བཅས་གསུམ་དང་། ཀུ་ཤུ་བཅུ་བའི་ཁ་དོག་ལ་དངུལ་མདོག་དང་ནག་སྐྱ་གཉིས་འདུག

ཀུ་ཤུའི་ཁ་པར་གསུམ་པོའི་ཤོང་ཚད་དང་རིན་གོང་། 

       ཀུ་ཤུ་བརྒྱད་པ་ཆུང་བ་ཤོང་ཚད64GBཅན་ལ་དམངས་སྒོར་5888དང་། ཤོང་ཚད256GBཅན་ལ་དམངས་སྒོར7188རེད་འདུག

       ཀུ་ཤུ་བརྒྱད་པ་ཆེ་བ་ཤོང་ཚད64GBཅན་ལ་དམངས་སྒོར6688དང་། ཤོང་ཚད256GBཅན་ལ་དམངས་སྒོར་7988རེད་འདུག

       ཀུ་ཤུ་བཅུ་བ་ཤོང་ཚད་64GBཅན་ལ་དམངས་སྒོར8388དང་། 

       ཤོང་ཚད256GBཅན་ལ་དམང་སྒོར9688རེད་འདུག

ཚོང་རར་དགྲམ་པའི་དུས་ཚོད།

      ཀུ་ཤུ་བརྒྱད་པ་ཆེ་ཆུང་གཉིས་ནི་སྤྱི་ཟླ9བའི་ཚེས15ཉིན་གྱི་ཆུ་ཚོད་གསུམ་དང་སྐར་མ་གཅིག་སྟེང་མངགས་ཉོ་བྱེད་ཐུབ་ཀྱི་འདུག་པ་དང་། ཀུ་ཤུ་བཅུ་བ་སྤྱི་ཟླ9བའི་ཚེས27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་གཅིག་གི་སྟེང་དངོས་སུ་ཚོང་རར་དགྲམ་རྒྱུ་རེད་འདུག

ཡིག་སྒྱུར། གཤོག་པ། 

རྩོམ་སྒྲིག་པ། གཤོག་པ།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

ཡིག་ཟམ། 80245381@qq.com

པོད་ཕྲན། http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

您可能也对以下帖子感兴趣

文章有问题?点此查看未经处理的缓存