查看原文
其他

2018-05-30

 

      གངས་ཅན་བརྡ་དག་སྙིང་པོའི་གངྒ་མ།  རྣམ་དཔྱོད་རལ་བའི་ཀློང་དུ་སིམ་གྱུར་པ། སླར་ཡང་བློ་གསལ་སྐལ་ལྡན་ཤིང་རྟའི་ཆེད། རྣམ་དག་རིག་པའི་སྦར་མོས་མངོན་པར་བཙིར།  ཞེས་མཁས་པའི་དབང་པོ་པྲ་ཏི་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པ་ཞེས་བྱ་བའི་རྣམ་བཤད་ཀུན་ཏུ་བཟང་པོའི་དགོངས་པ་རབ་ཏུ་གསལ་བར་བྱེད་པའི་རྒྱན་ཞེས་བྱ་བ་འདི་ཉིད་འགྲེལ་བ་གཞན་ལས་ཁྱད་པར་དུ་འཕགས་པ་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་སྔོན་བྱོན་མཁས་པ་དུ་མས་བཞེད་འདུག་གཤིས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་བོད་སྐད་འཕྲིན་ལམ་གྱིས་རྒྱ་ཆེའི་གསན་མཁན་བློ་གསལ་དོན་གཉེར་ཅན་དག་ལ་ཆེད་དུ་དམིགས་ནས་དགེ་བའི་བཤེས་གཉེན་རྒན་གཡུལ་རྒྱལ་ལགས་མཆོག་གདན་ཞུས་ཀྱིས་འཆད་འཁྲིད་སྒྲ་འཇུག་བྱས་པ་དག་རིམ་བཞིན་སྐད་འཕྲིན་སྤྱི་སྟེགས་བརྒྱུད་རྒྱ་ཆེའི་གསན་གྲོགས་རྣམ་པར་འབུལ་བཞིན་ཡོད་པས་གསན་གནང་ཡོད་པ་ཞུ།

 རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

ཡིག་ཟམ། 80245381@qq.com

པོད་ཕྲན། http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

    您可能也对以下帖子感兴趣

    文章有问题?点此查看未经处理的缓存