其他

▪འཛམ་གླིང་སྟེང་ཆེས་འཇིགས་སུ་རུང་བའི་ནད་རིགས་དགུ།

2017-12-05 中国藏语广播CNR

       1.དབང་རྩའི་ཚིན་སྐྲན།(神经纤维瘤)

       ནད་རིགས་འདི་ནི་མཐོང་དཀོན་པའི་གཉན་ནད་ཅིག་ཡིན་ལ། དེ་ནི་རིགས་རྒྱུད་ལས་ཆད་པ་ཞིག་ཡིན། ནད་པའི་དབང་རྩ་དང་ལྷག་པར་ཀླད་པའི་ནང་ལྷན་སྐྱེས་ནས་ཡོད་པའི་སྐྲན་འགྱུར་སླ་བའི་མ་རྒྱུ་ཞིག་ཡིན། ནད་རིགས་འདི་ལུས་པོ་ཞ་སྐུམ་དུ་གྱུར་བའི་ཡུའེ་སེ་ཧྥུ•མེ་ལི་ཁེས་མྱངས་པའི་སྡུག་བསྔལ་དང་གཅིག་མཚུངས་ཡིན།

        2.སྐྱེས་འཚར་ཞན་པའི་རུས་མང་ཚི་སྣ་ཅན།(多骨纤维性发育不良)

        སྐྱེས་འཚར་ཞན་པའི་རུས་མང་ཚི་སྣ་ཅན་གྱི་ནད་དེ་ནི་རུས་རྐང་གཅིག་ན་བ་མ་ཡིན་པས་སྡུག་བསྔལ་ཆེན་པོ་སྐྱེས་པ་ཡིན། རྒྱུ་མཚན་ནི་མ་གཞི་རུས་སྐྱེ་ཡི་གནས་སུ་ཚི་སྣ་ཅན་དུ་འགྱུར་ཏེ་སྔར་ཡོད་ཀྱི་རུས་པར་རུས་འགྱུར་བྱུང་བའམ་རུས་ཆག་ཏུ་འགྲོ། མཐོང་དཀོན་པའི་ནད་རིགས་འདི་ལུས་ཕུང་གི་རུས་གནས་གང་རུང་དུ་སྐྱེས་སྲིད་མོད།  ཕལ་ཆེ་བ་ཀླད་རུས་དང་རྩིབས་མ།  དཔུང་བ།  ཚང་རུས། བརླ། རྐང་ངར་སོགས་སུ་སྐྱེ་སླ།

        3.སྤུ་མང་བའི་ནད།(多毛症)

        རྒྱུན་པར་སྤྱང་མིའི་ནད་དམ་སྤུ་མང་ནད་དུ་འབོད་པ་ནི་ལུས་ཧྲིལ་བོར་སྤུས་ཁྱབ་པ་ཞིག་ཡིན།  ནད་འདི་ལྷན་སྐྱེས་སམ་ཕྱིའི་ནད་རྟགས་ཤིག་ཡིན་སྲིད་སྙམ།

        4.ལྤགས་རྭ།(皮角)

        དེ་ནི་མཐོང་དཀོན་པའི་སྐྲན་ནད་ཅིག་ཡིན། རྒྱང་རིང་ནས་བལྟས་ན་བྱུར་སྡོང་ངམ་ཤིང་སྡོང་ཞིག་དང་འདྲ། ད་ལྟའི་ཆར་ནད་རིགས་དེ་ལ་རིམ་པ་གསུམ་དུ་བགོས་ཡོད་དེ། ཚབས་ཆུང་བ་དང་ཚབས་ཆེན།  སྐྲན་འགྱུར་མ་བྱུང་བའི་སྔོན་གྱི་རྣམ་པ་བཅས་སོ།།

        5.ཁྲག་རྩའི་སྐྲན་ནད།(血管瘤)

        ནད་རིགས་འདིར་སྐྱོན་ཅུང་ཆེན་པོ་མེད་པར་སྣང་ལ།  ལུས་ཕུང་ལ་གནོད་པ་མེད་པས་དུས་ཀྱི་དབང་གིས་རང་དགར་གྱིས་མེད་པར་འགྱུར་སྲིད་མོད།  ཡིན་ནའང་།  ཕུའུ་ཐའོ་ཡའི་ནད་པ་ཞིག་དེ་ལས་བརྒལ།  རྒྱུ་མཚན་ནི་ཁོའི་ངོ་གདོང་དུ་ཁྲག་རྩ་ཆེ་ཆུང་མང་བོ་ཁྱབ་པ་དང་དེ་ལས་ཁྲག་སྐྲན་ཡང་ཇེ་ཆེར་གྱུར་ནས་ཕྱིས་སུ་བཅོས་ཐབས་མེད་པའི་གནས་སུ་ལྷུང་།

        6.ཡན་ལག་མང་བའི་འགྱུར་ནད།(多肢畸形)

         ནད་པ་དེ་རིགས་ཕར་བལྟས་ན་འབུ་སྡོམ་དང་འདྲ་བར་ལུས་ཕུང་གི་མི་འདྲ་བའི་གནས་ནས་ཡན་ལག་མི་འདྲ་བ་སྐྱེས་ཀྱི་ཡོད།

        7.ཤ་རུལ་འདྲུལ་བའི་ཁ་ཚད།(坏疽性口炎)

        ཤ་རུལ་འདྲུལ་བའི་ཁ་ཚད་ནི་ཚབས་ཧ་ཅང་ཆེ་བའི་སོ་རྨ་ཞིག་ཡིན་པ་དང་། ནད་འགྱུར་བྱུང་ན་ཁ་ངོ་ནས་ཤ་རུལ་ཏེ་ཤ་རུལ་འདྲུལ་བའི་ཁ་ཚད་དུ་འགྱུར། ནད་དེའི་རིགས་ཕལ་ཆེར་བྱིས་པ་ལོ་༡-༦བར་ལ་བྱུང་བ་ཡིན།

        8.ལྤགས་སྐྲན་སྐྱེས་པ།(疣状表皮发育异常)

        དེ་ནི་གཟུགས་མེད་ཚོས་ལེན་རྒྱུད་རྒྱུ་དོ་མཉམ་མ་བྱུང་བར་འབྱུང་བའི་ནད་རིགས་ཤིག་ཡིན་པ་དང་། མཛེར་དབྱིབས་ཕྱི་ལྤགས་མི་ལེགས་པའི་ནད་པར་བལྟས་ཚོད་ལ་ཤིང་སྡོང་རྩུབ་མོ་ཞིག་དང་འདྲ་བས་མི་རྣམས་ཀྱིས་ནད་པར་ཤིང་མི་ཞེས་འབོད་དོ།།

        9.མཛུབ་སྐྲན་གཉན་ནད།(巨指症)

        ནད་དེ་རྐང་པའི་མཛུབ་མོ་དང་ལག་པའི་མཛུབ་མོའི་རུས་པ་ཆེར་སྐྱེས་ནས་བྱུང་བ་ཞིག་ཡིན་པ་དང་། ནད་པ་དེ་རིགས་རུས་སྐྱེས་ཡ་མ་གཟུགས་སུ་འགྱུར་བས་ལྟ་མི་བཟོད་པའི་ཆེར་བསྐྱེད་པ་ཡིན།

ཡོང་ཁུངས། ཞུའེ་ཡིང་སྤྲོ་སྐྱིད་གླིང་།

ཡིག་སྒྱུར། གཙང་སྨྱོན།

རྩོམ་སྒྲིག་པ། སྒྲོལ་མ། བསོད་ཚེ།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

ཡིག་ཟམ། 80245381@qq.com

པོད་ཕྲན། http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

    您可能也对以下帖子感兴趣

    文章有问题?点此查看未经处理的缓存