其他

▶མཛེས་མའི་འབྱུང་བོ་རོ་ལངས་འདྲ་བའི་བཟོ་ལྟར་ལྟོས།

2017-12-06 中国藏语广播CNR

https://v.qq.com/txp/iframe/player.html?vid=n0514hzj0vh&width=500&height=375&auto=0
        དབྱིན་ཇིའི་《ཉི་མའི་ཚགས་པར།》སྟེང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་རན་ཐེ་ཧེ་རན་གྱི་བུ་མོ་ལོ19ཅན།  མིང་ལ་ས་ཧ་ཐ་པར་(SaharTabar)ཟེར་བ་ཞིག་གིས་མིང་དུ་གྲགས་པའི་གློག་བརྙན་འཁྲབ་སྟོན་པ་ཨན་ཅི་ལི་ན་ཀྲའོ་ལའེ་ལ་དད་མོས་ཡོད་པས། རང་གི་བྱད་བཞིན་ཡང་མོ་དང་འདྲ་བ་ཞིག་བཟོ་བཅོས་བྱེད་འདོད་དེ་སྔ་གཞུག་ཏུ་བྱད་བཞིན་མཛེས་བཅོས་ཀྱི་གཤགས་བཅོས་ཐེངས50ལྷག་བྱས་པ་དང་། ལུས་ཀྱི་ལྗིད་ཚད་རྒྱ་མ་80ཡི་ཇེ་ཡང་དུ་བཏང་། མཇུག་མཐར་ཡིད་སྐྱོ་བ་ཞིག་ལ་མོའི་བྱེད་སྟངས་དེས་རང་ཉིད་མི་མིན་འདྲེ་མིན་ཞིག་ཏུ་བཏང་ནས་འཁྲབ་སྟོན་པ་གྲགས་ཅན་ཕར་ཞོག འབྱུང་བོ་རོ་ལངས་འདྲ་བ་ཞིག་ཏུ་གྱུར།

        བྱད་བཞིན་མཛེས་བཅོས་ཀྱི་གཤགས་བཅོས་མ་བྱས་གོང་གི་ས་ཧ་ཐ་པར་(SaharTabar)གྱི་འདྲ་པར། ངོ་མ་མཛེས་མ་ཞིག་འདུག

        མོར་བྱད་བཞིན་ཁྱད་པར་བ་ཞིག་ཡོད་པས་དྲ་བ་instagramཐོག་ནས་མིང་དུ་གྲགས། མོས་སྦྱར་ཡིག་30མ་གཏོགས་བསྐུར་མེད་ཅིང་། རྒྱབ་སྐྱོར་བྱེད་མཁན་ཁྲི་51སླེབས་འདུག

        Everipediaཡིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ས་ཧ་ཐ་པར་(SaharTabar)ཡི་སྔ་རྗེས་སུ་སྣ་གནས་ཀྱི་དབྱིབས་དང་། སྐྱི་པགས་འཐེན་པ་སོགས་ཀྱི་གཤགས་བཅོས་བྱས་མཐར། ད་གཟོད་མིག་སྔའི་བཟོ་ལྟ་དེ་འདྲ་ཞིག་ཏུ་གྱུར་བ་རེད་ཅེས་བཤད།

        གཤམ་གྱི་འདྲ་པར་འདི་དག་ནི་མོའི་ད་ལྟའི་བཟོ་ལྟ་རེད། འབྱུང་བོ་རོ་ལངས་འདྲ་བར་ཆགས་འདུག ཨ་ཁ་ཁ། འདི་མི་ཞིག་ཡིན་ནམ།


ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

རྩོམ་སྒྲིག་པ། རྟ་མགྲིན། སྒྲོལ་མ།

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

ཡིག་ཟམ། 80245381@qq.com

པོད་ཕྲན། http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

    您可能也对以下帖子感兴趣

    文章有问题?点此查看未经处理的缓存