其他

2018-06-01

https://v.qq.com/txp/iframe/player.html?vid=r0555jzdhig&width=500&height=375&auto=0

1.ཁ་པར་ལ་ཉན་དུས། སུ་ཡིན་ལ་མ་ལྟོས་པར། དངུལ་བྱང་གི་སྐོར་གླེང་ཡོང་མཁན་ཞིག་ཡིན་ཚེ། མཐའ་གཅིག་ཏུ་ཁ་པར་གྱི་ཁ་གཏན་དགོས།


2.ཁྱེད་ལ་བྱ་དགའ་ཐོབ་ཡོད་རབས་གླེང་ཡོང་དུས། མཐའ་གཅིག་ཏུ་ཁ་པར་གྱི་ཁ་གཏན་དགོས།


3.སྤྱི་བདེ་དང་ཞིབ་དཔྱོད་ཁང་། ཁྲིམས་ཁང་། ཁྲལ་ལེན་ཁང་སོགས་དང་། ཡང་ན་མགོ་ཁྲིད་མི་སྣ་ཞིག་ཡིན་རབས་བཤད་མཁན་ཞིག་ཡིན་ན། མཐའ་གཅིག་ཏུ་ཁ་པར་གྱི་ཁ་གཏན་དགོས། 


4.འཕྲིན་ཐུང་ཡོད་ཚད་ཀྱི་ནང་ནས། གལ་ཏེ་ཁྱོད་ལ་དྲ་གནས་ཤིག་ལ་སྦྲེལ་ཏུ་འཇུག་མཁན་ཡོད་ཚེ།  མཐའ་གཅིག་ཏུ་འཕྲིན་ཐུང་དེ་བསུབ་དགོས། 


5.སྐད་འཕྲིན་གྱི་ནང་ནས། རིན་གོང་གཅོག་ཏུ་འཇུག་མཁན་དང་། ཁུག་དམར་ལེན་དུ་འཇུག་མཁན་ལ་འཕྲད་དུས། མཐའ་གཅིག་ཏུ་དེ་དག་ལ་ཁ་ཡ་བྱེད་མི་རུང་། 


6.ཁ་པར་ཨང་གྲངས་ཀྱི་མགོ་ན་170དང་171ཡོད་པ་ཚང་མར། མཐའ་གཅིག་ཏུ་ཁ་ཡ་མ་བྱས་ན་བཟང་།


7.བརྙན་ཐུང་གང་རུང་ཞིག་ལ་ཕྱེད་ཀ་ཙམ་བལྟས་ན། ཁྱོད་ལ་བརྒྱུད་བསྐུར་བྱེད་དུ་འཇུག་མཁན་ཡོད་པ་དེ་ཚོ། མཐའ་གཅིག་ཏུ་བརྒྱུད་བསྐུར་མ་བྱེད།


     "མཐའ་གཅིག་ཏུ་"ཞེས་པ་བདུན་པོ་འདི་ལག་བསྟར་དངོས་འབབ་བྱ་ཐུབ་ན། གཞི་རྩའི་སྟེང་ཁྱེད་རང་ཁྲམ་པའི་གཡོ་འོག་ཏུ་ཚུད་མི་སྲིད། 

     དེ་བས་གནས་ཚུལ་འདི་ཉིད། རང་གི་ཤ་ཉེ་སྤུན་གྲོགས་ཡོངས་ལ་བརྒྱུད་བསྐུར་བྱས་ཏེ། ཁོང་ཚོར་གསལ་འདེབས་རེ་གནང་རོགས་ཞུ། 

https://v.qq.com/txp/iframe/player.html?vid=v0015cvdwjz&width=500&height=375&auto=0

ཡོང་ཁུངས། ཨ་མྱེས་རྨ་ཆེན་འཕྲིན་སྟེགས། 

 ཡིག་སྒྱུར།རྒན་གྱའི་ཤ་བོ་ཚེ་རིང་།

རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན། 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存