其他

tbcnr 2018-06-01

       ཚང་མས་མཁྱེན་གསལ་ལྟར། རི་སྐྱེས་སྲོག་ཆགས་ནི་མིའི་རིགས་ཀྱི་གྲོགས་པོ་ཞིག་ཡིན་ལ་རང་བྱུང་ཁམས་ཆེན་མོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས་དེས་སྐྱེས་ཁམས་དོ་སྙོམས་ཁྲོད་གལ་ཆེའི་ནུས་པ་ཐོན་བཞིན་ཡོད།

      ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ཚལ་སྤྱི་བདེ་ཅུས་ལ་ཐེར་འདོན་ཁ་པར་ཞིག་འབྱོར་ནས་མི་ཁག་ཅིག་གིས་རི་རྩེར་ལྕགས་རྙི་བརྒྱབ་ནས་རི་སྐྱེས་སྲོག་ཆགས་འཛིན་རྩིས་བྱེད་ཀྱི་ཡོད་པའི་སྐོར་ཞིག་ཤེས་རྟོགས་ཐུབ་འདུག    

     

      དེའང་སྤྱི་ཟླ་ལྔ་པའི་ཚེས་19ཉིན་གྱི་ཉིན་གུང་གི་ཆུ་ཚོད་གསུམ་པ་ཡས་མས་ཞིག་ལ་འདམ་གཞུང་རྫོང་ཡང་པ་ཅན་མངགས་གཏོང་ཁང་ལ་གྲོང་ཚོའི་གྲོང་མིས་བརྒྱབ་ཡོང་བའི་ཁ་པར་ཞིག་འབྱོར་ཞིང་། མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་5000ཟིན་པའི་རི་རྩེ་ཞིག་ལ་དོགས་ཡོད་ཉེས་ཅན་པ་གསུམ་གྱིས་ལྕགས་རྙི་བརྒྱབ་ནས་རི་སྐྱེས་སྲོག་ཆགས་འཛིན་རྩིས་ཡོད་པའི་གནས་ཚུལ་སྙན་ཞུ་བྱས་ཡོད་པ་དང་། དེ་མ་ཐག་ནགས་ཚལ་སྤྱི་བདེ་མི་སྣས་དོགས་ཡོད་ཉེས་ཅན་པ་གསུམ་འཛིན་བཟུང་བྱས་ཡོད་པ་རེད། འདྲི་རྩད་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་པ་པ་ག་གེ་མོ་དང་། ཀུ་ག་གེ་མོ། དབང་ག་གེ་མོ་བཅས་ཀྱིས་རང་ཉིད་ཀྱི་ཉེས་དོན་གནས་ཚུལ་སྦ་གསང་མེད་པར་ཚང་མ་བཤད་ཡོད་པ་རེད། 

      ངོ་སྤྲོད་བྱས་པར་གཞིགས་ན། དོགས་ཡོད་ཉེས་ཅན་པ་དེ་དག་ས་ཆ་དེར་སླེབས་ཐེངས་དང་པོ་ཡིན་ཞིང་། རི་རྩེར་རི་སྐྱེས་སྲོགས་ཆགས་ཡོད་པའི་སྐོར་གོ་ཐོས་བྱུང་ཡོད་པས་ཁོང་ཚོས་ངན་པ་ལག་འབྲེལ་གྱིས་ལྕགས་རྙི་བརྒྱབ་ནས་རི་སྐྱེས་སྲོག་ཆགས་འཛིན་པར་གྲོས་འཆམ་བྱུང་ཡོད་མོད།  ཡིན་ནའང་དུས་ཐོག་ཏུ་གནས་ཚུལ་ཐེར་འདོན་དང་དོགས་ཡོད་ཉེས་ཅན་པ་འཛིན་བཟུང་ཐུབ་པས་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གང་ཡང་ཐེབས་མེད་པ་རེད། 


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར་བ། བསྟན་པ་ཚེ་རིང་། 

    您可能也对以下帖子感兴趣

    文章有问题?点此查看未经处理的缓存