其他

2018-06-01

https://v.qq.com/txp/iframe/player.html?vid=z1340uip69a&width=500&height=375&auto=0

  མཚོ་སྔོན་ཨ་ཁུ་སྟོན་པ་རིག་གནས་སྒྱུ་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་བོ་བོད་སྐད་ཡིག་དང་འབྲེལ་བའི་བྱིས་པའི་སློབ་སྦྱོང་ཡོ་བྱད་དང་རྩེད་ཆས་སོགས་གསར་སྤེལ་བྱེད་བཞིན་ཡོད་ལ། ཐེངས་འདིར་ཡང་ལོ་ན་༣ཡན་གྱི་བྱིས་པ་རྣམས་ལ་དམིགས་ནས་བོད་ཡིག་གི་སྒྲ་ལྡན་འགེལ་ཐང་༼དབྱངས་གསལ་ངོས་འཛིན༽ ཞེས་པའི་ཨམ་སྐད་ཀྱི་པར་གཞི་དངོས་སུ་པར་དུ་བསྐྲུན་ཞིང་ཁྲོམ་རར་བཀྲམ་འདུག   

  འགེལ་ཐང་འདི་ལ་ཡི་གེ་དང་། སྒྲ། འབུར་གཟུགས་རི་མོ་གསུམ་ག་ལྡན་པས་བྱིས་པའི་སློབ་སྦྱོང་གི་འདུན་པ་ཆེར་བསྐྱེད་ཐུབ་ལ་སྦྱོང་བྱའི་ཡུལ་ངེས་བདེ་བའི་ཁྱད་ཆོས་དུ་མ་ལྡན་པ་དང་། དབྱངས་གསལ་གྱི་དཔེར་བརྗོད་དུ་བཀོད་པའི་མིང་རེ་རེ་ནི་སྔར་ཡོད་ཀ་མད་དཔེ་རིས་དག་དཔྱད་གཞིར་བཟུང་ཞིང་རྣམ་དཔྱོད་ཅན་གྱི་དགེ་རྒན་དུ་མར་སློབ་སྟོན་ཞུས་ཏེ། གཅིག་ནས་གཙོ་བོར་བྱིས་པའི་འཚོ་བའི་ཁྲོད་འདྲིས་ཆེ་བ་དང་། གཉིས་ནས་མིང་གི་དོན་མཚོན་རི་མོ་དག་རང་མཚན་ཅན་ཡིན་པས་ངེས་བདེ་བ། གསུམ་ནས་མིང་དང་རི་མོ་གཉིས་ངེས་པ་ལ་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་མངོན་པར་གསལ་བ་བཅས་གནད་དུ་བཟུང་ནས་བསྒྲིགས་འདུག  

    སྤྱོད་སྟངས་ཐད་ལ། མཐེབ་དང་པོ(གློག་སྒོ)ལ་མནན་ན་ཀློག་འདོན་གྱི་སྒྲའི་གློག་སྒོ་འབྱེད་ཐུབ་ལ། གློག་སྒོ་རྒྱག་བྱེད་ཀྱི་མཐེབ་ཀྱང་འདི་ཡིན། མཐེབ་གཉིས་པ་དང་གསུམ་པ(སྒྲ+སྒྲ-)མནན་ན་གློག་འདོན་གྱི་སྒྲའི་ཤུགས་ཆེ་ཆུང་ཚོད་འཛིན་བྱེད། མཐེབ་བཞི་བའི(སློབ་སྦྱོང) ཡིག་འབྲུ་རེའི་འོག་གི་གནོན་མཐེབ་མནན་ན་ཡིག་འབྲུ་གང་དེའི་སྒྲ་འབྱིན་ཐུབ(འདིས་ཀློག་འདོན་མཐེབ་ཀུན་ལ་རིགས་སྒྲེས)། མཐེབ་ལྔ་བ( ཡིག་ཚད) མནན་ན་བྱ་རིམ་གྱི་གཏན་སྲོལ་ལྟར། ཡིག་འབྲུ་གང་ཞིག་གང་དུ་ཡོད་མེད་སོགས་ཀྱི་དྲི་བ་འདོན་པ་ལྟར་དེར་ལན་བཏབ་ནས་ཡིག་ཚད་བཏང་ཆོག  མཐེབ་དྲུག་པ(ཀློག་པ) མནན་ན་ཀ་ནས་ཨོ་བར་དབྱངས་གསལ་ཆ་ཚང་རང་འགུལ་ངང་འདོན་པས་རྗེས་ཟློས་ཀྱི་ཚུལ་དུ་བསྐྱར་སྦྱོང་བྱེད་ཆོག  མཐེབ་བདུན་པ(སྦྱོར་ཀློག) མནན་ན་རི་མོའི་འོག་གི་མིང་རྣམས་སྦྱོར་ཀློག་བྱེད་ཐུབ། གཤམ་གྱི(གླུ་དབྱངས)ཞེས་པ་མནན་ན་གསལ་བྱེད་སུམ་ཅུའི་གཞས་གཏོང་ཐུབ་པ་བཅས་སོ། །


རྩེད་ཆས་འདི་གཤམ་གྱི་འབྲེལ་ལམ་བརྒྱུད་ཉོ་ཆོག 


 སྐད་འཕྲིན་བཤེར་རིས། 

ཁ་པར་ཨང་གྲངས། 18397185003

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན། བདེ་ལྷ་མོ། 


    您可能也对以下帖子感兴趣

    文章有问题?点此查看未经处理的缓存