其他

tbcnr 2018-06-01
  

     ཨ་རིའི་རྒྱལ་དོན་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས་29 ཉིན། ཐེ་རོན་ཕུ་སྲིད་གཞུང་གིས་ཀྲུང་གོའི་སྤྱི་དམངས་ཁག་ཅིག་ལ་སྤྲད་པའི་ལམ་ཡིག་གི་གོ་ཆོད་དུས་ཚོད་ཐུང་དུ་གཏོང་འཆར་ཡོད་པ་བསྟན་ཡོད།

      ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་ཇུས་དེ་ནི་ཟླ་6ཚེས་11ཉིན་ནས་བཟུང་ལག་ལེན་བསྟར་བྱ་རྒྱུ་ཡིན་འདུག ཨ་རིའི་རྒྱལ་དོན་ཁང་གིས་སྲིད་ཇུས་གསར་པ་ལྟར་ན་ཨ་རིའི་གཞུང་ཚབ་ཁང་གི་དཔོན་རིགས་ཀྱིས་སྔོན་ཆད་སྣང་བཞིན་དུས་ཡུན་རིང་ཤོས་ཀྱི་ལམ་ཡིག་སྤྲོད་རྒྱུ་མིན་པ་དང་། གང་ཐུབ་ཀྱིས་ལམ་ཡིག་གི་གོ་ཆོད་དུས་ཚོད་ཐུང་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད། ཨ་རིའི་རྒྱལ་དོན་ཁང་གིས་ཞིབ་ཕྲའི་གནས་ཚུལ་འདོན་སྤྲོད་བྱས་མེད་མོད། ཡིན་ནའང་ཨ་རིའི་དཔོན་རིགས་ཤིག་གིས་ཨ་རིའི་གཞུང་ཚབ་དོན་གཅོད་ཁང་གི་མཛུབ་སྟོན་ལྟར། འཕྲུལ་མི་དང་མཁའ་འགྲུལ། འཇིག་རྟེན་འཕུར་སྐྱོད་དང་ཚན་རྩལ་བཟོ་སྐྲུན་སོགས་ཆེད་ལས་སྦྱོང་མཁན་གྱི་ཀྲུང་གོའི་སློབ་མའི་ལམ་ཡིག་གི་གོ་ཆོད་དུས་ཡུན་ལོ་གཅིག་ཏུ་གཏོང་རྒྱུ་ཡིན་པ་བསྟན་ཡོད། གནས་ཚུལ་སྤེལ་བར་གཞིགས་ན། གོང་གསལ་གྱི་ཆེད་ལས་ཚང་མ་“ ཀྲུང་གོའི་བཟོ་སྐྲུན་2025 ” འཆར་གཞིའི་སྔོན་ལ་འཕེལ་རྒྱས་གཏོང་རྒྱུའི་ཁྱབ་ཁོངས་ཀྱི་ཡིན་པ་རེད།

 

    གཞན་ཡང་། ཨ་རིའི་ཚོང་དོན་པུའུ་ཡིས་མཐོ་རིམ་ཞིབ་བཤེར་དགོས་པའི་ཁེ་ལས་ཀྱི་ཞིབ་ཐོ་ཞིག་བསྒྲིགས་ཡོད་ཅིང་། གལ་ཏེ་ཀྲུང་གོའི་སྤྱི་དམངས་ཁེ་ལས་དེ་དག་ཏུ་ཞུགས་ནས་ཞིབ་འཇུག་གམ་དོ་དམ་ལས་ཀ་གཉེར་ན། ཨ་རིའི་སྡེ་ཁག་མང་པོའི་ཆོག་མཆན་ཐོབ་པའི་རྗེས་ད་གཟོད་ལམ་ཡིག་འཐོབ་ཐུབ་པ་རེད། ཨ་རིའི་དཔོན་རིགས་ཤིག་གིས་སྔོན་དཔག་བྱས་ན་ལམ་ཡིག་དེ་རིགས་རེ་ཞུ་བྱེད་པར་རེ་རེ་ལ་ཡང་ཟླ་འགའི་དུས་ཚོད་དགོས་སྲིད་པ་བཤད་ཡོད་པ་དང་། ཨ་མེ་རི་ཁའི་རྒྱལ་དོན་ཁང་གིས་ཨ་རིའི་ལམ་ཡིག་རེ་ཞུའི་གོ་རིམ་ཉིད་འགྱུར་མི་སྲིད་པ་བསྟན་ཡོད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存