其他

2018-06-01

    སྤྱི་ལོ་༢༠༡༨ལོའི་ལོ་སྟོད་ཀྱི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསན་པ་པོའི་འདོད་བློ་ཚིམ་ཚད་བརྟག་དཔྱད་བྱེད་པའི་བྱེད་སྒོའི་ནང་བྱ་དགའ་ཐོབ་མཁན་གྱི་མིང་ཐོ།

     རྒྱ་ཆེའི་གསན་གྲོགས་ཚོའི་ཤུགས་ཆེའི་རྒྱབ་སྐྱོར་འོག  སྤྱི་ལོ་༢༠༡༨ལོའི་ལོ་སྟོད་ཀྱི་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསན་པ་པོའི་འདོད་བློ་ཚིམ་ཚད་བརྟག་དཔྱད་བྱེད་པའི་བྱ་དགའ་ཡོད་པའི་བྱེད་སྒོ་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད།

སྐུ་ཉིད་ནས་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད། ད་ཆ་བརྟག་དཔྱད་དྲི་གཞིའི་ལན་འདེབས་ནང་ཞུགས་མཁན་གྱི་གསན་པ་པོའི་ཁྲོད་ནས་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་མི་༥༼མི་རེར་དངུལ་སྨར་སྒོར་༥༠༠འབུལ་རྒྱུ༽ དང་། བྱ་དགའ་རིམ་པ་གཉིས་པ་ཐོབ་མཁན་མི་༡༠ ༼མི་རེར་དངུལ་སྨར་སྒོར་༢༠༠འབུལ་རྒྱུ༽ བྱ་དགའ་རིམ་པ་གསུམ་པ་ཐོབ་མཁན་མི་༡༥ ༼མི་རེར་དངུལ་སྨར་སྒོར་༡༠༠འབུལ་རྒྱུ༽ བཅས་དཔྱད་འདེམས་བྱས་ཡོད།

    ང་ཚོས་འཕྲིན་ཐུང་བརྒྱུད་ནས་བྱ་དགའ་ཐོབ་མཁན་ལ་བརྡ་ཐོ་གཏོང་རྒྱུ་ཡིན་པས། སྐུ་ཉིད་ལ་འཕྲིན་ཐུང་འབྱོར་ཚེ་ང་ཚོའི་རེ་བ་ལྟར་འབྲེལ་ཡོད་ཀྱི་ཆ་འཕྲིན་མཁོ་འདོན་གནང་རོགས།

     གལ་ཆེའི་གསལ་འདེབས། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱིས་བྱ་དགའ་ཐོབ་མཁན་ནས་བྱ་དགའི་འགྲོ་ལུགས་གཉེར་བའི་འགྲོ་གྲོན་ཟེར་བ་སོགས་དངུལ་སྐར་གཅིག་ཀྱང་བསྡུ་མི་སྲིད། མཇུག་ཏུ་སླར་ཡང་སྐུ་ཉིད་ནས་ངེད་ལས་ཁུངས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

      བྱ་དགའ་ཐོབ་མཁན་གྱི་མིང་ཐོར་གཟིགས་སའི་དྲ་ཚིགས་http://m.cnr.cn/2018myd/འདི་ཡིན་ལ། གཤམ་གྱི་阅读原文ཞེས་པ་མནན་ན་ཡང་དེར་གཟིགས་ཐུབ།

    您可能也对以下帖子感兴趣

    文章有问题?点此查看未经处理的缓存