查看原文
其他

བོད་ལྗོངས་མངའ་རིས་ནས་ཀྲུང་གོའི་ཟངས་གཏེར་ཆེ་ཤོས་དེ་རྙེད་པ།

2016-03-30 Delhamo 中国藏语广播CNR

    ཀྲུང་གོའི་རྒྱལ་ཁབ་ཀྱི་མངའ་ཁུངས་ཐོན་ཁུངས་ཚགས་པར་དུ་བཀོད་པའི་གནས་ཚུལ་ལྟར་ན། ཉེ་ལམ། ཀྲུང་གོའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ནང་ཚན་ཀྲུང་གོའི་ས་གཤིས་ཚན་རིག་གླིང་གཏེར་རྫས་ཐོན་ཁུངས་ཞིབ་འཇུག་ཁང་དང་ཀྲུང་གོའི་ཧ་ཡང་ཐོན་ཁུངས་སྤྱི་གཉེར་ཁང་། བོད་ལྗོངས་ས་གཤིས་རྟོག་ཞིབ་ཁང་བཅས་ནས་མཉམ་འབྲེལ་ངང་རྩད་ཞིབ་བྱས་པ་བརྒྱུད། བོད་ལྗོངས་མངའ་རིས་སྒེར་རྩེ་རྫོང་འོ་མ་ཤང་ནས་ཀྲུང་གོའི་ད་སྔའི་ཟངས་གཏེར་ཆེ་ཤོས་ཏེ་གཏེར་འབོར་ཏུན་བྱེ་བ་ཡན་ཟིན་པའི་ཟངས་གཏེར་ཞིག་རྙེད་འདུག 


མངའ་རིས་སྒེར་རྩེ་རྫོང་འོ་མ་ཤང་དུ་ཟངས་གཏེར་རྩད་ཞིབ་བྱེད་བཞིན་པའི་རྣམ་པ།

 

   ཚོད་དཔག་ལྟར་ན། གཏེར་ཁ་དེར་ཟངས་ཏུན་བྱེ་བ་གཅིག་དང་ས་ཡ་ལྔ་ལྷག་ཡོད་པ་དང་། དེ་ནི་ད་སྔའི་བར་ཀྲུང་གོའི་ས་ཁོངས་ནས་རྙེད་པའི་ཟངས་གཏེར་ཆེ་ཤོས་དེར་གྱུར་ཡོད་ཅིང་། དེ་རྙེད་པར་ཀྲུང་གོའི་གཏེར་ལས་ལོ་རྒྱུས་ཐོག་དོན་སྙིང་ཆེན་པོ་ལྡན་ཡོད། 

ཟངས་ཀྱི་གཏེར་རྡོ། 


   ཟངས་ནི་ལྕགས་ཀྱི་རིགས་སུ་གཏོགས་ཤིང་། རང་བཞིན་མཉེན་པོ་དང་མདོག་དམར་པོའི་ཁོངས་སུ་གཏོགས། ཉེ་བའི་ལོ་ཤས་རིང་། ཟངས་ཀྱི་སྤྱོད་སྒོ་ནི་ཉིན་རེ་བཞིན་ཇེ་ཆེར་འགྱུར་བཞིན་ཡོད་ལ། དེང་རབས་ཀྱི་བཟོ་ལས་ཁྱབ་ཁོངས་སུ་ཟངས་ནི་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ལྕགས་རིགས་གལ་ཆེན་ཞིག་ཏུ་གྱུར་ཡོད། 


ཟངས་སྐུད། 


    ས་འོག་ནས་རང་བྱུང་གསེར་ལྟར་བྱུང་བའི་ཟངས་ནི་ཟངས་ཀྱི་མཆོག་དང་། ཟངས་རྡོ་བཞུས་ནས་བྱུང་བ་ཕལ་བ་ཡིན། གློག་དང་དྲོད་འདྲེན་པའི་ནུས་པ་ཆེ། ཁ་དོག་དམར་ནག་གྱོང་ལ། རྡུང་ཚེ་སྒྲ་ངན་པ་ལ་ལྕགས་ཟངས་སམ་ཕོ་ཟངས་ཟེར། དམར་ལ་མཉེན་པ་རྡུང་ཚེ་སྒྲ་བཟང་བ་ལ་གསེར་ཟངས་སམ་མོ་ཟངས་ཟེར། སྨན་དུ་ཕལ་ཆེར་ཐལ་སྨན་བྱ་དགོས། རོ་མངར། ཞུ་རྗེས་བསིལ། ནུས་པའི་གློ་རྣག་དང་། ཆུ་སེར། མཆིན་ཚད་སེལ།

  རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

གཙོ་སྒྲིག་པ། བདེ་ལྷ་མོ། 

རྩོམ་སྒྲིག་པ། བསྟན་འཛིན་ནོར་བུ། 

ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

www.tibetcnr.com

འབྲེལ་གཏུག་ཁ་པར། 01086097222

འཕྲིན་སྒམ།80245381@qq.com

པོད་ཕྲན།http://weibo.com/tibetcnr

སྐད་འཕྲིན་སྤྱི་སྟེགས།Tibetcnr

སྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

您可能也对以下帖子感兴趣

文章有问题?点此查看未经处理的缓存