查看原文
其他

儿童接种新冠疫苗注意事项(汉藏双语)

西藏日报 2021-12-15

The following article is from 城关健康人生 Author 城关疾控

来源:城关健康人生

家长关注的3-11岁人群新冠病毒疫苗接种相关问题解答(1-10)

ཁྱིམ་བདག་ཚོས་དོ་ཁུར་བྱེད་བཞིན་པའི་ལོ3ནས11བར་གྱི་བྱིས་པར་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་པའི་འབྲེལ་ཡོད་དོགས་གནད་ཀྱི་འགྲེལ་བཤད།(༡-༡༠)


根据国家和自治区的统一部署,西藏已启动3-11岁人群新冠病毒疫苗接种工作,现就大家关心的相关问题进行解答。
རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལྟར་ད་ལྟ་བོད་ལྗོངས་སུ་ལོ3ནས11བར་གྱི་མི་ཚོགས་ལ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། དེ་རིང་ང་ཚོས་ཚང་མས་དོ་ཁུར་བྱེད་པའི་འབྲེལ་ཡོད་གནད་དོན་ཁག་ལ་འགྲེལ་བཤད་རྒྱག་རྒྱུ་གཤམ་གསལ།

01

有必要开展3-11岁人群新冠病毒疫苗的接种吗?

ལོ3ནས11བར་གྱི་མི་ཚོགས་ལ་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་དགོས་པ་ཡོད་དམ།


答:总体来说,很有必要。

དྲིས་ལན། སྤྱིའི་ཆ་ནས་བཤད་ན། དགོས་མཁོ་ཤིན་ཏུ་ཆེ།


从个人角度考虑:

མི་སྒེར་གྱི་ངོས་ནས་བསམ་བློ་བཏང་ན།


儿童的防疫意识相对薄弱,他们也很难保持安全的社交距离。

བྱིས་པ་ཚོའི་རིམས་འགོག་གི་འདུ་ཤེས་ཅུང་ཞན་པ་དང་། ཁོ་ཚོས་ཀྱང་བདེ་འཇགས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་རྒྱུན་འཁྱོངས་བྱེད་རྒྱུའང་ཧ་ཅང་དཀའ།


如果儿童的日常接触者的疫苗接种史和活动史不详,而儿童本身也要经常出入人员密集或者密闭场所(如商场、超市、游乐场、培训机构等),那么存在较高感染风险,有必要及时接种。

གལ་ཏེ་བྱིས་པའི་རྒྱུན་ལྡན་གྱི་འབྲེལ་གཏུག་བྱེད་མཁན་གྱི་རིམས་འགོག་སྨན་ཁབ་བརྒྱབ་མེད་ལོ་རྒྱུས་དང་བྱ་འགུལ་གྱི་ལོ་རྒྱུས་གསལ་བོ་མེད་པ་དང་། བྱིས་པ་རང་ཉིད་ནས་ཀྱང་རྟག་ཏུ་ཚོང་ཁང་ཆེ་མོ་དང་། སྒོ་རྩིས་ཚོང་ཁང་། རྩེད་ར། གསོ་སྐྱོང་སྦྱོང་བརྡར་ཚན་པ་སོགས་མི་ཚོགས་འགྲོ་འོང་མང་བའམ་མཁའ་རླུང་འགྲོ་རྒྱུག་དཀའ་བའི་གནས་ཡུལ་དུ་ཕྱིན་སོང་ན། ཏོག་གསར་ནད་དུག་འགོས་པའི་ཉེན་ཁ་ཆེན་པོ་ཡོད་པས། དུས་ཐོག་ཏུ་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་དགོས་པ་ཆེན་པོ་ཡོད།


从群体角度考虑:

མི་ཚོགས་ཀྱི་ཕྱོགས་ནས་བསམ་བློ་བཏང་ན།


儿童和成年人一样,都是构建免疫屏障的重点人群。学校属于人口密集场所,一旦有输入性疫情发生,极易造成快速扩散。

བྱིས་པ་ནི་ནར་སོན་པའི་མི་དང་འདྲ་བར་ཚང་མ་ནི་རིམས་འགོག་སྲུང་ཆུ་རགས་རྒྱག་མཁན་གྱི་མི་ཚོགས་གཙོ་བོ་ཡིན། སློབ་གྲྭ་ནི་མི་ཚོགས་འདུ་ཚོགས་མང་བའི་ཁོངས་སུ་གཏོགས་པས། གལ་ཏེ་སློབ་གྲྭའི་ནང་རིམས་ནད་ནད་པ་འཛུལ་སོང་ན། མགྱོགས་མྱུར་ངང་ཁྱབ་འགྱེད་ཧ་ཅང་འབྱུང་སླ་བ་ཞིག་རེད།།


接种疫苗可以有效阻断新冠病毒的传播,保障儿童学习、生活正常运转。

རིམས་འགོག་སྨན་ཁབ་བརྒྱབ་ཚེ་ཏོག་གསར་ནད་དུག་གསར་མི་འགོ་བར་ནུས་པ་ཆེན་པོ་ཐོན་པ་དང་། བྱིས་པའི་སློབ་སྦྱོང་དང་འཚོ་བ་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་རྒྱུར་འགན་ལེན་ཡང་བྱེད་ཐུབ།

02

3-11岁人群接种新冠病毒疫苗是否安全?

ལོ3ནས11བར་གྱི་མི་ཚོགས་ཀྱིས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་བརྒྱབ་ན་བདེ་འཇགས་ཡིན་ནམ།


答:总体来说,非常安全。

དྲིས་ལན། སྤྱིའི་ཆ་ནས་བཤད་ན། ཧ་ཅང་བདེ་འཇགས་ཡིན།


根据目前的临床试验安全性数据,3-17岁儿童和青少年接种后最常见的反应,为注射部位疼痛和红肿,少数人可能出现发热、乏力、恶心、头疼、肌肉酸痛等。

མིག་སྔའི་སྨན་བཅོས་ལག་ལེན་དངོས་ཀྱི་བདེ་འཇགས་རང་བཞིན་གྱི་ཚོད་ལྟ་བྱས་པའི་གཞི་གྲངས་ལྟར་ན། ལོ3ནས17བར་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་རྒྱུན་མཐོང་གི་མི་བདེ་བའི་ཚོར་སྣང་ནི་སྨན་ཁབ་རྒྱག་སའི་གནས་ན་བ་དང་སྐྲངས་པ། མི་ཉུང་ཤས་ཤིག་ལ་ཚ་བ་རྒྱག་པ་དང་ཤུགས་མེད་པ། སྐྱུགས་མེར་ལངས་པ། མགོ་ན་བ། ཤ་གནད་ན་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད།


家长们不用特别担心,这些仅仅是“反应”,而不是“疾病”,没有健康损害,一般无需特殊处理,可以自行缓解。如果孩子接种后出现了让你担心的症状,请及时就诊,由医生判断是接种反应还是正巧得了病(也就是偶合症)。

དེར་ཁྱིམ་བདག་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། དེ་དག་ནི་རིམས་འགོག་སྨན་ཁབ་བརྒྱབ་རྗེས་ཀྱི་ཚོར་སྣང་ཡིན་པ་ལས་ནད་གཞི་མིན་པ་མ་ཟད། བདེ་ཐང་ལ་གནོད་སྐྱོན་ཡང་མེད། སྤྱིར་བཏང་བྱས་ན་དམིགས་བསལ་གྱི་ཐག་གཅོད་བྱ་མི་དགོས། གལ་ཏེ་ཕྲུ་གུར་སྨན་ཁབ་བརྒྱབ་རྗེས་ཁྱེད་རང་ལ་སེམས་ཁྲལ་ཆེ་བའི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། སྨན་པས་ནད་རྟགས་དེ་རིམས་འགོག་སྨན་ཁབ་བརྒྱབ་པའི་ཡིན་ནམ། ཡང་ན་ཏག་ཏག་ནད་གཞི་གཞན་དང་སྟབས་འཁེལ་བ་ཡིན་མིན་དབྱེ་འབྱེད་བྱེད་སྲིད།


可以想象,一个4周岁的孩子,如果按程序接种了所有的免费疫苗和自费疫苗,那么一共会接种将近30剂疫苗。这么多厂家、种类、工艺和成分的疫苗,几乎覆盖了新冠灭活疫苗中的所有辅料和佐剂成分(如铝佐剂(氢氧化铝)、磷酸盐(磷酸氢二钠和/或磷酸二氢钠)等)。

གལ་ཏེ་ལོ4ལ་སོན་པའི་བྱིས་པ་ཞིག་གིས་གོ་རིམ་ལྟར་རིན་པ་མི་དགོས་པའི་འཆར་འགོད་རིམས་འགོག་སྨན་ཁབ་དང་རང་ཉིད་ཀྱིས་རིན་པ་སྤྲོད་དགོས་པའི་འཆར་འགོད་མིན་པའི་རིམས་འགོག་སྨན་ཁབ་བརྒྱབ་ན། ཁྱོན་བསྡོམས་རིམས་འགོག་སྨན་ཁབ་ཁ་གྲངས30ལ་ཉེ་བ་རྒྱག་སྲིད། བཟོ་གྲྭ་དང་། སྣ་ཁ། བཟོ་རྩལ། གྲུབ་ཆ་མང་པོ་དེ་དག་གིས་བཟོས་པའི་རིམས་འགོག་སྨན་ཁབ་ནང་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ནང་གི་རྒྱུ་ཆ་དང་རོགས་རྫས་གྱི་གྲུབ་ཆ་ཧ་ལམ་ཆ་ཚང་ཚུད་ཡོད།


如果孩子在小时候接种各种疫苗后,在留观的30分钟内没有出现严重的过敏反应(如喉头水肿、血管神经性水肿、呼吸困难等),则完全不用担心“对疫苗成分过敏”这个事情,也完全可以放心接种新冠灭活疫苗。

གལ་ཏེ་ཕྲུ་གུར་ཆུང་དུས་ནས་རིམས་འགོག་སྨན་ཁབ་སྣ་ཚོགས་བརྒྱབ་རྗེས་ཀྱི་སྐར་མ30ཡི་ནང་མ་འཕྲོད་པའི་སྣང་ཚུལ་ཚབས་ཆེན། དཔེར་ན་ཨོལ་མགོ་སྦོས་སྐྲངས་དང་། ཁྲག་རྩའི་དབང་རྩ་རང་བཞིན་སྦོས་སྐྲངས། འབྱིན་རྔུབ་དཀའ་བའམ་དབུགས་གཏོང་དཀའ་བ་སོགས་བྱུང་མེད་ན། རིམས་འགོག་སྨན་ཁབ་ཀྱི་གྲུབ་ཆ་མ་འཕྲོད་པའི་གནས་ཚུལ་ལ་སེམས་ཁྲལ་བྱེད་མི་དགོས།


可能有的家长会担心,3-11岁儿童的接种剂量(0.5ml/剂)和成年人一样,孩子会不会不耐受?

ཁྱིམ་བདག་ལ་ལས་ལོ3ནས11བར་གྱི་བྱིས་པའི་སྨན་ཁབ་རྒྱག་ཚད0.5mlམི་དར་མ་དང་འདྲ་བས་དེ་བྱིས་པ་ཚོས་ཁྱོག་ཐུབ་བམ་བསམ་པའི་སེམས་ཁྲལ་ཡང་ཡོང་སྲིད།


其实,婴幼儿在2月龄、3月龄时各类疫苗的接种剂量也为0.5ml/剂甚至1.0ml/剂。新冠疫苗的常见不良反应发生情况与已广泛应用的儿童各类疫苗类似,并没有“更高”。

དོན་དངོས་ཐོག་ཕྲུ་གུ་དམར་འབྱར་ཟླ་བ2དང་ཟླ་བ3ལ་སླེབས་སྐབས་རིམས་འགོག་སྨན་ཁབ་རྒྱག་པའི་ཚད་ནི0.5ml/lདང་། ཐ་ན1.0ml/lཡང་རྒྱག་སྲིད། ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་ཀྱི་རྒྱུན་མཐོང་གི་སྣང་ཚུལ་མི་ལེགས་པ་དང་རྒྱ་ཁྱབ་ངང་སྤྱོད་བཞིན་པའི་བྱིས་པའི་རིམས་འགོག་སྨན་ཁབ་གཞན་དང་འདྲ་བ་ལས་དེ་དག་ལས་མཐོ་བ་རྩ་བ་མེད།


相关国产新冠疫苗在国外开展的三期临床试验中,研究入组年龄已经放低至6月龄以上。

རང་རྒྱལ་གྱིས་བཟོས་པའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཕྱི་རྒྱལ་དུ་དུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་སྐབས་ལོ་ཚད་ཟླ6ཡན་གྱི་བྱིས་པ་ཞིབ་འཇུག་ཚོགས་ཆུང་ནང་ཚུད་ཡོད།

03

3-11岁人群接种的是什么新冠病毒疫苗? 

ལོ3ནས11བར་གྱི་མི་ཚོགས་ལ་རྒྱག་བཞིན་པའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ཅི་ཞིག་ཡིན་ནམ། 


答:新冠灭活疫苗。

འདྲི་ལན། ཏོག་གསར་ནད་དུག་གི་དུས་ནུས་བསད་པའམ་གསོན་བསད་རིམས་འགོག་སྨན་ཁབ་རེད།


根据国家要求,当前拟为3至11岁儿童接种的新冠疫苗均为“灭活疫苗”(其他工艺疫苗暂未批准为该年龄组使用),与12岁以上青少年以及成年人使用的新冠灭活疫苗的成分、剂量完全一致。

རྒྱལ་ཁབ་ཀྱི་བླང་བྱ་ལྟར། མིག་སྔར་ལོ3ནས11བར་གྱི་བྱིས་པར་བརྒྱབ་རྒྱུའི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་ནི་གསོན་བསད་རིམས་འགོག་སྨན་ཁབ་ཁོ་ན་ཡིན། དེ་མིན་བཟོ་རྩལ་གྱི་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་གནས་སྐབས་ལོ་ཚད་དེ་དག་ལ་བེད་སྤྱོད་གཏོང་བའི་ཆོག་མཆན་སྤྲད་མེད། ལོ12ཡན་གྱི་གཞོན་ནུ་ལོ་ཆུང་དང་དེ་བཞིན་མི་དར་མས་རྒྱག་བཞིན་པའི་ཏོག་གསར་ནད་དུག་གི་གསོན་བསད་རིམས་འགོག་སྨན་ཁབ་ཀྱི་གྲུབ་ཆ་དང་སྦྱོར་ཚད་དང་ལོ3ནས11བར་ལ་རྒྱག་པའི་རིམས་འགོག་སྨན་ཁབ་རྦད་དེ་གཅིག་མཚུངས་ཡིན།


共有三个厂家的产品:北京生物、武汉生物、北京科兴。西藏接种的是北京科兴新冠灭活疫苗。

ཁྱོན་བསྡོམས་བཟོ་གྲྭ་གསུམ་གྱི་ཐོན་རྫས་ཡོད་ཅིང་། དེ་དག་ནི་པེ་ཅིན་གྱི་སྐྱེ་དངོས་དང་། ཝུའུ་ཧན་གྱི་སྐྱེ་དངོས། པེ་ཅིན་གྱི་པེ་ཅིང་ཁོའོ་ཤིང་བཅས་རེད། བོད་ལྗོངས་སུ་རྒྱག་བཞིན་པ་ནི་པེ་ཅིང་ཁོའོ་ཤིང་གི་ཏོག་གསར་ནད་དུག་གསོན་བསད་རིམས་འགོག་སྨན་ཁབ་རེད།

04

目前,3-11岁人群接种免疫程序是怎样的?

མིག་སྔར། ལོ3ནས11བར་གྱི་མི་ཚོགས་ཀྱི་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པའི་གོ་རིམ་ཇི་ལྟར་ཡིན་ནམ།


答:接种2针剂,第一针剂与第二针剂间隔21-56天。

འདྲི་ལན། བྱིས་པར་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་གཉིས་རྒྱག་དགོས་པ་དང་། རིམས་འགོག་ཁབ་སྨན་དང་པོ་དང་གཉིས་པའི་བར་ཉིན༢༡ནས༥༦འཇོག་དགོས།

05

新冠病毒疫苗和其他疫苗或者生物制品有什么间隔要求呢?

ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་དང་རིམས་འགོག་སྨན་ཁབ་གཞན་དག ཡང་ན་སྐྱེ་དངོས་གྲུབ་རྫས་དང་བར་མཚམས་དུས་ཚོད་ག་ཚོད་འཇོག་དགོས་མིན་ལ་བླང་བྱ་གང་འདྲ་ཡོད་དམ།


答:(1)其他疫苗

འདྲི་ལན། རིམས་འགོག་སྨན་ཁབ་གཞན་དག


根据目前的规定,新冠疫苗原则上不能与其他疫苗同时接种,且和其他疫苗需间隔至少14天分别接种。

མིག་སྔའི་གཏན་འཁེལ་ལྟར་ན། ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་དང་རིམས་འགོག་སྨན་ཁབ་གཞན་དག་དུས་གཅིག་ནང་མཉམ་དུ་རྒྱག་མི་ཆོག་པར་མ་ཟད། རིམས་འགོག་སྨན་ཁབ་གཞན་པ་དང་བར་ཐག་ཉུང་མཐར་ཡང་ཉིན14འཇོག་དགོས།


但如遇犬咬伤或外伤等情况,需紧急接种狂犬病疫苗、破伤风疫苗或注射免疫球蛋白时,可不考虑该时间间隔。

འོན་ཀྱང་གལ་ཏེ་ཁྱིས་རྨུགས་པའམ་ཕྱི་རྨས་སོགས་ཀྱི་གནས་ཚུལ་བྱུང་ན། མགྱོགས་མྱུར་ངང་ཁྱི་སྨྱོན་ནད་ཀྱི་རིམས་འགོག་སྨན་ཁབ་དང་། འཛུམ་བུ་ལྟག་དགྱེ་རིམས་འགོག་སྨན་ཁབ་ཡང་ན་རིམས་འགོག་སྤྲི་དཀར་རྒྱག་དགོས། དུས་ཚོད་ཀྱི་བར་མཚམས་ལ་བསམ་བློ་གཏོང་དགོས་མེད།


(2)结核菌素试验

འདུས་འདྲིལ་གཅོང་ནད་འབུ་ཕྲ་འགོས་མིན་གྱི་ཚོད་ལྟ།


根据中国疾控中心相关文件,如果孩子刚刚做过结核菌素皮肤试验(PPD试验),建议至少间隔7天以上再接种新冠灭活疫苗。

ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་འབྲེལ་ཡོད་ཡིག་ཆར་གཞིགས་ན། གལ་ཏེ་ཕྲུ་གུས་འདུས་འདྲིལ་གཅོང་ནད་འབུ་ཕྲ་འགོས་མིན་གྱི་ཚོད་ལྟ(PPD)བྱས་མ་ཐག་ཡིན་ན། ཉུང་མཐར་ཡང་ཉིན་བདུན་ཡན་འགོར་རྗེས་གཞི་ནས་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་གྲོས་འགོ་འདོན་ཡོད།


(3)新冠核酸检测

ཏོག་གསར་ནད་དུག་གི་ཉིང་སྐྱུར་ཞིབ་བཤེར་བྱེད་པ།


由于新冠灭活疫苗和疫苗接种现场环境中会存在相对完整但不会复制的病毒核酸片段,为避免核酸检测假阳性结果,部分地区疾控中心建议:在接种新冠疫苗24小时后才能做核酸检测。

ཏོག་གསར་ནད་དུག་གི་གསོན་བསད་རིམས་འགོག་སྨན་ཁབ་དང་རིམས་འགོག་སྨན་ཁབ་རྒྱག་པའི་ཁོར་ཡུག་ཁྲོད་ཆ་ཚང་བའི་ནད་དུག་གི་ཉིང་སྐྱུར་གྱི་དུམ་ཚན་ཡོད་པས། ཉིང་སྐྱུར་ཞིབ་བཤེར་འཇལ་གདགས་གཤིས་རྫུན་མའི་མཇུག་འབྲས་མི་ཐོན་པའི་ཆེད། ས་ཁུལ་ཁ་ཤས་ཀྱི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཏོག་གསར་ནད་དུག་རིམས་འགོག་རིམས་འགོག་སྨན་ཁབ་ཆུ་ཚོད24བརྒྱབ་རྗེས་གཞི་ནས་ཉིང་སྐྱུར་གྱི་ཞིབ་དཔྱད་བྱེད་ཆོག་པའི་གྲོས་འགོ་བཏོན་ཡོད།

06

哪些儿童不建议接种新冠疫苗呢?

བྱིས་པ་གང་དག་ལ་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་མི་རྒྱག་རྒྱུའི་བསམ་འཆར་འདོན་ཡོད་དམ།


新冠疫苗通常的接种禁忌包括:

སྤྱིར་བཏང་བྱས་ན་གཤམ་གསལ་གྱི་གནས་ཚུལ་དེ་དག་ཡོད་ན་ཏོག་གསར་ནད་དུག་རིམས་འགོག་སྨན་ཁབ་རྒྱག་མི་རུང་།

1. 对疫苗的活性成分、任何一种非活性成分、生产工艺中使用的物质过敏者,或以前接种同类疫苗时出现过敏者;

རིམས་འགོག་སྨན་ཁབ་ཀྱི་གསོན་ཤུགས་གྲུབ་ཆ་དང་། གསོན་ཤུགས་མ་ཡིན་པའི་གྲུབ་ཆ་གང་རུང་ཞིག ཐོན་སྐྱེད་བཟོ་རྩལ་ཁྲོད་བེད་སྤྱོད་པའི་དངོས་པོ་མི་འཕྲོད་པའམ་ཚོར་ལོག་བྱུང་མཁན། ཡང་ན་སྔོན་ཆད་རིགས་མཐུན་གྱི་རིམས་འགོག་སྨན་ཁབ་རྒྱག་སྐབས་མི་འཕྲོད་པའམ་ཚོར་ལོག་བྱུང་མཁན།


2. 既往发生过疫苗严重过敏反应者(如急性过敏反应、血管神经性水肿、呼吸困难等);

དེ་སྔོན་རིམས་འགོག་སྨན་ཁབ་རྒྱག་སྐབས་གློ་བུར་དུ་ཚོར་ཐལ་འགྱུར་འབྱུང་དང་། ཁྲག་རྩའི་དབང་རྩ་རང་བཞིན་གྱི་སྐྲངས་སྦོས། འབྱིན་རྔུབ་དཀའ་བའམ་དབུགས་གཏོང་དཀའ་བ་སོགས་ཚབས་ཆེན་གྱིས་མི་འཕྲོད་པའི་གནས་ཚུལ་བྱུང་མཁན།


3. 患有未控制的癲痫和其他严重神经系统疾病者(如横贯性脊髓炎、格林巴利综合症、脱髓鞘疾病等);

ཚོད་འཛིན་མི་ཐུབ་པའམ་ཇེ་སྡུག་ཏུ་འགྲོ་བའི་བརྒྱལ་གཟེར་དང་། དབང་རྩའི་མ་ལག་གི་ནད་གཞན་དག་དཔེར་ན། འཕྲེད་བརྒལ་རང་བཞིན་གྱི་རྒྱུངས་པའི་གཉེན་ཚད་དང་། ཀེ་ལིན་པ་ལིའི་ཟེར་བའི་ཕྱོགས་བསྡུས་ནད། རྒྱུངས་ཤུན་འབུད་པའི་ནད་སོགས་ཕོག་པའི་ལོ་རྒྱུས་ཡོད་མཁན།


4. 正在发热者,或患急性疾病,或慢性疾病的急性发作期,或未控制的严重慢性病患者;

ཚ་བ་རྒྱག་བཞིན་པའི་མི་དང་། དོས་དྲག་རང་བཞིན་གྱི་ནད་གཞི་ལྕི་པོ་ཕོག་པ། དལ་བའི་རང་བཞིན་གྱི་ནད་གཞི་དོས་དྲག་རང་བཞིན་གྱི་དུས་རིམ་དུ་གྱུར་བའི་མི་ཚོགས།


5. 说明书所列其他禁忌事项。

གསལ་བཤད་ཡི་གེའི་ནང་བཀོད་པའི་རྒྱག་མི་རུང་བའི་གནས་ཚུལ་གཞན་དག་བཅས་ཡིན།


所以,如果接种前几天或当天有发热、咳嗽、腹泻等身体不适症状,建议暂缓接种,等症状基本消失后再预约接种。

དེར་བརྟེན། གལ་ཏེ་ཉིན་འགའི་སྔོན་ནམ་ཡང་ན་ཉིན་དེར། ཚ་བ་རྒྱག་པ་དང་། གློ་ལུ་བ། ཁོག་པ་བཤལ་བ་སོགས་ཀྱི་ལུས་ཁམས་མི་བདེ་བའི་ནད་རྟགས་ཡོད་ན། གནས་སྐབས་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་མི་རྒྱག་པ་དང་། ནད་རྟགས་མེད་པར་གྱུར་རྗེས་རྒྱག་ཆོག


此外,所谓的“过敏性体质”(例如过敏性鼻炎、哮喘患者)不是疫苗接种禁忌。除非对疫苗成分严重过敏,以前因接种疫苗发生严重的过敏反应(如喉头水肿、过敏性休克等),则不建议继续接种同种疫苗。

གཞན་ཡང་ཚོར་ལོག་རང་བཞིན་གྱི་གཟུགས་གཞི་ཟེར་བ་དཔེར་ན། ཚོར་ལོག་རང་བཞིན་གྱི་སྣའི་གཉན་ཚད་དང་དབུགས་འཚང་ནད་སོགས་ནི་རིམས་འགོག་སྨན་ཁབ་རྒྱག་པའི་འཛེམ་བྱ་མིན། དེ་སྔོན་ཨོལ་མགོ་སྦོས་སྐྲངས་དང་ཚོར་ལོག་རང་བཞིན་གྱི་དྲན་པ་ཐོར་བ་སོགས་རིམས་འགོག་སྨན་ཁབ་ཀྱི་གྲུབ་ཆ་མ་འཕྲོད་པའམ་ཚོར་ལོག་གི་གནས་ཚུལ་ཚབས་ཆེན་བྱུང་ན་མུ་མཐུད་དུ་རིགས་གཅིག་པའི་རིམས་འགོག་སྨན་ཁབ་རྒྱག་མི་རུང་།

07

3-11岁儿童需要接种第三针疫苗吗?

ལོ3ནས11བར་གྱི་བྱིས་པར་རིམས་འགོག་སྨན་ཁབ་གསུམ་པ་རྒྱག་དགོས་སམ།


答:需要进一步的数据分析和论证,国家还没有相关的部署。

འདྲི་ལན། མུ་མཐུད་གཞི་འཛིན་གྲངས་ཀར་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་དགོས་པ་དང་། དེའི་ཐད་རྒྱལ་ཁབ་ལ་ད་དུང་འབྲེལ་ཡོད་ཀྱི་བཀོད་སྒྲིག་བྱས་མེད།

08

孩子有过敏性鼻炎,可以接种新冠疫苗吗?

ཕྲུ་གུར་ཚོར་ལོག་གི་སྣའི་གཉན་ཚད་ཡོད་ན་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ན་ཆོག་གམ། 


过敏性鼻炎急性发作期建议暂缓接种;处于稳定期,可以接种。

འདྲི་ལན། ཚོར་ལོག་རང་བཞིན་གྱི་སྣའི་གཉན་ཚད་དོས་དྲག་རང་བཞིན་གྱི་དུས་སུ་རིམས་འགོག་སྨན་ཁབ་གནས་སྐབས་སུ་མི་རྒྱག་རྒྱུའི་གྲོས་འགོ་འདོན་ཡོད་པ་དང་། བརྟན་འཇགས་ཀྱི་དུས་སུ་རིམས་འགོག་སྨན་ཁབ་རྒྱག་ཆོག

09

孩子有点感冒、咳嗽等症状,可以接种吗?

བྱིས་པར་ཆམ་པ་ཕོག་པ་དང་གློ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་ཚེ་རིམས་འགོག་སྨན་ཁབ་བརྒྱབ་ན་ཆོག་གམ།


答:建议在健康状态良好的情况下接种疫苗。

འདྲི་ལན། ཕྲུ་གུ་བདེ་ཐང་གི་གནས་བབ་བཟང་བའི་གནས་ཚུལ་འོག་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་གྲོས་འགོ་འདོན་ཡོད།

10

有哮喘的孩子可以打吗?

དབུགས་འཚང་བའི་ནད་ཡོད་པའི་ཕྲུ་གུས་རིམས་འགོག་སྨན་ཁབ་རྒྱག་ཆོག་གམ།


答:哮喘急性发作期,建议暂缓接种;处于稳定期,可以接种。

འདྲི་ལན། དབུགས་འཚང་བའི་ནད་བྱུང་བའི་དོས་དྲག་རང་བཞིན་ནམ་ན་བའི་སྐབས་སུ། རིམས་འགོག་སྨན་ཁབ་མི་རྒྱག་རྒྱུའི་གྲོས་འགོ་འདོན་ཡོད་པ་དང་། བརྟན་འཇགས་ཀྱི་དུས་སུ་རིམས་འགོག་སྨན་ཁབ་རྒྱག་ཆོག



还有这些信息值得关注!



中国共产党第十九届中央委员会第六次全体会议公报


西藏1人当选、9人获得提名!第八届全国道德模范名单公布


西藏6村镇全国示范!快看有你家乡没?

拉萨电子驾照来啦!



主编:张姝

编辑:索朗央宗 陶玥 

: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存