查看原文
其他

玉树市新冠肺炎疫情防控处置工作指挥部关于玉树市全域内实施静态管理的通告(2022年第65号)

玉树市新冠肺炎疫情防控处置工作指挥部关于玉树市全域内实施

静态管理的通告

(2022年第65号)

广大市民朋友:

为更好的开展疫情防控工作,及时阻断传播风险,确保人民群众生命健康安全,根据《中华人民共和国传染病防治法》《突发公共卫生事件应对条例》等法律法规,经玉树市疫情防控处置工作指挥部分析研判,决定于2022年10月29日10:00至11月1日10:00在玉树市全域内实施静态管理,现将相关要求通告如下:一、全体市民应严格遵守静态管理规定,除核酸检测、就医等特殊需求外,非必要不出门、不聚集、不进入公共场所(公共区域)。各社区(村)要合理安排居民外出采购时间,引导居民错峰就近采购生活物资,每两天安排一人外出采购一次,小区居民每次外出采购时间不超过2小时。二、机关事业单位保持正常运转,倡导居家办公、远程办公、在单位(经营场所)住宿,控制到办公场所工作人数,减少相互间接触,做好通风、消毒等工作。三、严格公共场所管控。静态管理期间,全市除医疗机构、保障基本民生单位外,所有公共场所暂停运营。四、严格特殊机构管理。全市养老院、儿童福利院等机构实行封闭式管理;民间信仰场所、宗教活动场所等暂停开放;行政服务中心、社会治理中心、信访接待等实行线上办公。五、严格市际交通卡口查控。非必要不出玉,非必要不来玉,除保生活、保生产、保抗疫等车辆外,其他车辆原则上不进不出。六、严格禁止聚集性活动。展会、促销会、交流会、论坛和广场舞等所有聚集性活动一律暂停,严禁家庭、朋友聚会聚餐。七、静态管理期间暂停公交、出租汽车运行。疫情防控、紧急就医、生活保障、新闻媒体等相关车辆正常通行,其它车辆须持市疫情防控处置工作指挥部统一下发的通行凭证上路行驶,无通行凭证车辆严禁上路。八、静态管理期间广大市民如有就医等特殊需求,可向居住地所在社区(村)进行报备,经社区(村)请示上级部门后方可外出,如遇紧急情况可拨打110报警电话寻求帮助。九、对静态管理措施落实情况进行24小时巡查检查,实行街道、小区、楼栋、单元和各类店铺全覆盖,严厉打击静态管理期间私自流动、私自营业、私自用车、私自出行等行为,对违反静态管理要求的相关人员,将依法依规从严查处,构成犯罪的依法追究刑事责任。请广大市民朋友充分理解,积极配合,不要紧张恐慌,不传谣、不造谣、不信谣,做好个人防护和健康监测,遵守疫情防控要求。让我们众志成城,齐心协力创造安全健康的生活环境,早日取得疫情防控工作全面胜利!特此通告。玉树市新型冠状病毒肺炎疫情防控处置工作指挥部

2022年10月29日

ཡུས་ཧྲུའུ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་གྲོང་ཁྱེར་གྱི་ཁོངས་ཡོངས་ལ་འགུལ་མེད་དོ་དམ་བྱེད་རྒྱུའི་སྐོར་གྱི་བརྡ་ཁྱབ། 

2022ལོའི་ཨང་65པ།

རྒྱ་ཆེ་བའི་མང་ཚོགས་རྣམ་པ།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་ལས་ལེགས་པར་སྤེལ་བ་དང་ཁྱབ་སྤེལ་ཉེན་ཁ་དུས་ཐོག་ཏུ་འགོག་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམས》དང《གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་ནས། ཡུས་ཧྲུའུ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། 2022ལོའི་ཟླ་10ཚེས་29ཉིན་གྱི་སྔ་དྲོ་ཆུ་ཚོད་10པ་ནས་ཟླ་11ཚེས་1ཉིན་གྱི་ཆུ་ཚོད་10བར་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཡོངས་ལ་འགུལ་མེད་དོ་དམ་བྱ་རྒྱུའི་གཏན་འབེབས་བྱེད་རྒྱུ་རེད། འབྲེལ་ཡོད་བླང་བྱ་བརྡ་ཁྱབ་བཏང་བ་གཤམ་གསལ། 

གཅིག གྲོང་མི་ཡོངས་ཀྱིས་འགུལ་མེད་དོ་དམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱེད་དགོས་ཤིང་། ཉིང་སྐྱུར་གྱི་ཞིབ་དཔྱད་དང་སྨན་བཅོས་སོགས་དམིགས་བསལ་གྱི་དགོས་མཁོ་མ་གཏོགས་ངེས་པར་དུ་ཕྱིར་འགྲོ་བ་དང་གཅིག་སྡུད་མི་བྱེད་པ། སྤྱི་པའི་ཁྱབ་ཁོངས་སུ་མི་ཚུད་པ་བཅས་བྱེད་དགོས། སྡེ་ཁུལ་(གྲོང་ཚོ་)ཁག་གིས་གྲོང་མི་ཕྱི་ལ་ཉོ་སྒྲུབ་བྱེད་པའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་དེ། གྲོང་མིས་ཉེ་འགྲམ་དུ་འཚོ་བའི་དངོས་ཟོག་ཉོ་སྒྲུབ་བྱེད་པར་སྐྱོད་རྒྱུ་ཁྲིད་སྟོན་བྱེད་དགོས། ཉིན་གཉིས་རེར་མི་གཅིག་ཕྱི་ཕྱོགས་སུ་ཉོ་སྒྲུབ་བྱེད་པར་བསྐྱོད་རྒྱུའི་བཀོད་སྒྲིག་བྱེད་དགོས་པ་དང་།སྡེ་ཁུལ་གྱི་གྲོང་མི་ཕྱི་ལ་ཐེངས་རེར་ཉོ་སྒྲུབ་བྱེད་པའི་དུས་ཚོད་ཆུ་ཚོད་གཉིས་ལས་མི་བརྒལ་བར་བྱེད་དགོས། 

གཉིས། ལས་ཁུངས་ཁག་རྒྱུན་ལྡན་ལྟར་འཁོར་སྐྱོད་རྒྱུན་འཁྱོངས་དང་རང་ཁྱིམ་དུ་གཞུང་དོན་སྒྲུབ་པ་དང་། རིང་ས་ནས་གཞུང་དོན་སྒྲུབ་པ། ལས་ཁུངས་ལ་ཡོང་མཁན་ལས་ཁུངས་དུ་ཞག་སྡོད་བྱེད་པར་བཅས་སྤེལ་དགོས། གཞུང་དོན་སྒྲུབ་ཡུལ་དུ་ལས་ཀ་བྱེད་པའི་མི་གྲངས་ཚོད་འཛིན་བྱ་དགོས་ཤིང་། ཕན་ཚུན་འབྲེལ་གཏུག་བྱེད་ཚུལ་ཉུང་དུ་གཏོང་དགོས་ལ། རླུང་རྒྱུག་པ་དང་དུག་སེལ་བ་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། 

གསུམ། སྤྱི་པའི་འདུ་གནས་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་དགོས། འགུལ་མེད་དོ་དམ་སྡོད་རིང་གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་དང་གཞི་རྩའི་དམངས་འཚོའི་ཚན་པ་འགན་ལེན་བྱེད་པ་ཕུད། སྤྱི་པའི་འདུ་གནས་ཚང་མ་གནས་སྐབས་གཉེར་སྐྱོང་བྱེད་མཚམས་བཞག་དགོས།

བཞི། དམིགས་བསལ་ལས་ཁུངས་ལ་དོ་དམ་ནན་པོ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་རྒན་གསོ་ཁང་དང་བྱིས་པའི་ཕན་བདེ་ཁང་སོགས་སྒྲིག་གཞིར་བཀག་སྡོམ་རྣམ་པའི་དོ་དམ་ལག་ལེན་བསྟར་དགོས། དམངས་ཁྲོད་ཀྱི་ཆོས་དད་བྱེད་ས་དང་ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་གནས་སྐབས་སྒོ་འབྱེད་བྱེད་མཚམས་འཇོག་དགོས། སྲིད་འཛིན་ཞབས་ཞུ་ལྟེ་གནས་དང་སྤྱི་ཚོགས་བཅོས་སྐྱོང་ལྟེ་གནས། ཡིག་སྐུར་ངོ་བཅར་སྣེ་ལེན་སོགས་ཀྱི་ཐད་ལ་དྲ་ཐོག་ནས་གཞུང་དོན་བསྒྲུབ་དགོས། 

ལྔ། གྲོང་ཁྱེར་དབར་གྱི་འགྲིམ་འགྲུལ་འགག་སྒོར་ཞིབ་བཤེར་ཚོད་འཛིན་ནན་པོ་བྱེད་དགོས། དགོས་པ་མེད་ན་ཡུས་ཧྲུའུ་མི་ཐོན་པ་དང་། དགོས་པ་མེད་ན་ཡུས་ཧྲུའུ་ལས་ཕྱི་ལ་མི་འགྲོ་བ། འཚོ་བ་འགན་ལེན་དང་ཐོན་སྐྱེད་འགན་ལེན། རིམས་ནད་སྔོན་འགོག་འགན་ལེན་སོགས་ཀྱི་རླངས་འཁོར་ཕུད། རླངས་འཁོར་གཞན་དག་རྩ་དོན་ཐོག་ནང་འདྲེན་བྱེད་མི་ཆོག 

དྲུག མཉམ་རུབ་རང་བཞིན་གྱི་བྱེད་སྒོ་བཀག་འགོག་ནན་པོ་བྱེད་དགོས། འགྲེམས་ཚོགས་དང་བྲིན་ཚོང་འདུ་ཚོགས། སྤེལ་རེས་ཚོགས་འདུ། གླེང་སྟེགས།ཐང་ཆེན་ཞབས་བྲོ་སོགས་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཚང་མ་གནས་སྐབས་མཚམས་འཇོག་བྱེད་དགོས། ཁྱིམ་ཚང་དང་གྲོགས་པོ་འདུ་འཛོམས་གཏན་ནས་བྱ་མི་ཆོག། 

བདུན། འགུལ་མེད་དོ་དམ་བྱེད་རིང་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར། དྲ་ཐོག་རླངས་འཁོར་བཅས་གནས་སྐབས་འཁོར་སྐྱོད་བྱེད་མཚམས་འཇོག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཛ་དྲག་སྨན་བཅོས། འཚོ་བ་འགན་ལེན། གསར་འགྱུར་སྨྱན་སྦྱོར་སོགས་འབྲེལ་ཡོད་རླངས་འཁོར་རྒྱུན་གཏན་བཞིན་འགྲོ་སྐྱོད་བྱེད་ཆོག རླངས་འཁོར་གཞན་དག་འགྲོ་དགོས་ན་ངེས་པར་དུ་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་གཅིག་གྱུར་ཐོག་གཤམ་སྤེལ་བྱས་པའི་འགྲོ་སྐྱོད་ལག་ཁྱེར་འཁྱེར་ནས་འགྲོ་སྐྱོད་བྱེད་དགོས། འགྲོ་སྐྱོད་ལག་ཁྱེར་མེད་པའི་རླངས་འཁོར་ལམ་ཐོག་བསྐྱོད་རྒྱུ་གཏན་འགོག་བྱེད་དགོས། 

བརྒྱད། འགུལ་མེད་དོ་དམ་དུས་སྐབས་སུ་རྒྱ་ཆེའི་གྲོང་མི་རྣམས་ལ་སྨན་པ་བསྟེན་པ་སོགས་དམིགས་བསལ་གྱི་དགོས་མཁོ་ཡོད་ན། སྡོད་སའི་སྡེ་ཁུལ་(གྲོང་ཚོ་)ལ་སྙན་སེང་ཐོ་འགོད་བྱས་ཆོག་ཅིང་། སྡེ་ཁུལ་(གྲོང་ཚོ་)གྱིས་གོང་རིམ་སྡེ་ཁག་ལ་དགོངས་སྐོར་ཞུས་རྗེས་ད་གཟོད་ཕྱི་རུ་ཕྱིན་ཆོག གལ་ཏེ་ཛ་དྲག་ཆེ་བའི་གནས་ཚུལ་དང་འཕྲད་ན་110ལ་ཁ་པར་བརྒྱབ་ནས་རོགས་བྱེད་དུ་འཇུག་དགོས། 

དགུ། འགུལ་མེད་དོ་དམ་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཆུ་ཚོད་24རིང་སྐོར་ཞིབ་དང་ཞིབ་བཤེར་བྱེད་རྒྱུ་ཡིན། སྲང་ལམ་དང་ཁུལ་ཆུང་། ཐོག་ཁང་། སྡེ་ཚན། ཚོང་ཁང་སྣ་ཚོགས་བཅས་ཁྱོན་ཡོངས་ལ་ཁྱབ་པ་བྱས་ནས་འགུལ་མེད་དོ་དམ་བྱེད་རིང་རང་དགར་འགྲོ་སྐྱོད་དང་རང་དགར་གཉེར་སྐྱོང་། རང་དགར་རླངས་འཁོར་སྤྱོད་པ། རང་དགར་འགྲོ་སྐྱོད་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་སྟེ་འགུལ་མེད་དོ་དམ་གྱི་བླང་བྱ་ལས་འགལ་བའི་འབྲེལ་ཡོད་མི་སྣར་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། 

རྒྱ་ཆེའི་གྲོང་མི་དང་གྲོགས་པོ་ཚོས་བསམ་ཤེས་གང་ལེགས་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་དངངས་སྐྲག་དང་འཇིགས་སྣང་མི་ཡོང་བ་དང་། དཀྲོག་གཏམ་མི་ཤོད་པ། དཀྲོག་གཏམ་མི་ཉན་པ་བཅས་བྱས་ནས་མི་སྒེར་གྱི་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ཞུ་དགོས། ང་ཚོས་དམངས་སེམས་གཅིག་ཏུ་བསྒྲིལ་ནས་བདེ་འཇགས་དང་བདེ་ཐང་གི་འཚོ་བའི་ཁོར་ཡུག་གཏོད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས། 

ཡུས་ཧྲུའུ་གྲོང་ཁྱེར་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ། 2022ལོའི་ཟླ་10པའི་ཚེས་29ཉིན།

审     核丨巴德扎西

编     辑丨尼玛旦周 

转载本平台内容须注明来源@玉树市融媒体中心

服务应用


学習玉树

新时代文明实践

融媒体资讯

书记市长信箱

往期回顾


您可能也对以下帖子感兴趣

文章有问题?点此查看未经处理的缓存