རྗེ་བཙུན་མི་ལ་རས་པའི་འདས་མཆོད། (བརྙན། སྒྲ) 今天是密勒日巴尊者圆寂纪念日
Pagchen杷青
རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གློག་བརྙན། 木拉日巴故事,电影,https://v.qq.com/txp/iframe/player.html?vid=i0198ru61y8&width=500&height=375&auto=0
ཆོ་འཕྲུལ་ཟླ་བའི་ཚེས་༡༤ཉིན་མོ་ནི་ཚེ་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་བཞད་པ་རྡོ་རྗེ་སྐུ་མྱ་ངན་ལས་འདས་པའི་འདས་མཆོད་ཀྱི་ཉིན་མོ་ཡིན་པས་ང་ཚོས་རྗེས་དྲན་གྱི་ཚུལ་དུ་དགེ་ཚོགས་ལ་འབད་པར་བྱའོ། །
གདུང་དབྱངས་བླ་མ་དྲན་དྲུག་གི་མགུར་འདི་གསུངས་སོ། །
མི་ལ་རས་པ།
ཕ་དྲན་པས་གདུང་སེལ་མར་པའི་ཞབས། །
སྤྲང་གདུང་དབྱངས་ཐལ་ལོ་མར་པ་རྗེ། །
བྲག་དམར་མཆོང་ལུང་ཤར་ཕྱོགས་ན། །
ཆུ་འཛིན་སྤྲིན་དཀར་ལང་མ་ལིང་། །
སྤྲིན་དཀར་པོ་ལྡིང་བའི་འོག་ཅིག་ན། །
རྒྱབ་རི་གླང་ཆེན་འགྱིངས་དྲའི་མདུན་ཞིག་ན། །
མདུན་རི་སེང་ཆེན་འགྱིངས་འདྲའི་སྟེང་ཞིག་ན། །
གནས་ཆེན་གྲོ་བོ་ལུང་གི་དགོན་པ་ན། །
རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །
གདན་ཁྲི་སྙན་ས་ལེའི་པགས་སྟེང་ན། །
དེ་ན་སུ་བཞུགས་སུ་མི་བཞུགས། །
དེ་ན་སྒྲ་སྒྱུར་མར་པ་བཞུགས། །
དུས་ད་ལྟ་བཞུགས་ན་དགའ་བ་ལ། །
ང་མོས་གུས་ཆུང་ཡང་མཇལ་སྙིང་འདོད། །
གདུང་སེམས་ཆུང་ཡང་མཇལ་སྙིང་འདོད། །
ང་བསམ་ཞིང་མཚན་ལྡན་བླ་མ་དྲན། །
སྒོམ་ཞིང་མར་པ་ལོ་ཙྪ་དྲན། །
ཡུམ་མ་ལས་ལྷག་པའི་བདག་མེད་མ། །
དུས་ད་ལྟ་བཞུགས་ན་དགའ་བ་ལ། །
ས་བསྐོར་ཐག་རིང་ཡང་མཇལ་སྙིང་འདོད། །
ལམ་བགྲོད་པར་དཀའ་ཡང་མཇལ་སྙིང་འདོད། །
བསམ་ཞིང་མཚན་ལྡན་བླ་མ་དྲན། །
སྒོམ་ཞིང་མར་པ་ལོ་ཙཱ་དྲན། །
རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་དེ། །
དུས་ད་ལྟ་གསུངས་ན་དགའ་བ་ལ། །
ང་ཤེས་རབ་ཆུང་ཡང་འཛིན་སྙིང་འདོད། །
བློ་གྲོས་ཆུང་ཡང་སྐྱོར་སྙིང་འདོད། །
བསམ་ཞིང་མཚན་ལྡན་བླ་མ་དྲན། །
སྒོམ་ཞིང་མར་པ་ལོ་ཙྪ་དྲན། །
སྙན་བརྒྱུད་བརྡ་ཡི་དབང་བཞི་དེ། །
ད་ལྟ་བསྐུར་ན་དགའ་བ་ལ། །
ང་འབུལ་བ་ཆུང་རུང་ཞུ་སྙིང་འདོད། །
དབང་ཡོན་མེད་རུང་ཞུ་སྙིང་འདོད། །
བསམ་ཞིང་མཚན་ལྡན་བླ་མ་དྲན། །
སྒོམ་ཞིང་མར་པ་ལོ་ཙྪ་དྲན། །
ཁྲིད་ཟབ་མོ་ནཱ་རོ་ཆོས་དྲུག་དེ། །
ད་ལྟ་གསུང་ན་དགའ་བ་ལ། །
ང་སྙིང་རུས་ཆུང་རུང་ཞུ་སྙིང་འདོད། །
ང་སྒོམ་བསྲན་ཆུང་རུང་སྒོམ་སྙིང་འདོད། །
བསམ་ཞིང་མཚན་ལྡན་བླ་མ་དྲན། །
སྒོམ་ཞིང་མར་པ་ལོ་ཙྪ་དྲན། །
མཆེད་གྲོགས་དབུས་གཙང་དད་འདུས་དེ། །
ད་ལྟ་བཞུགས་ན་དགའ་བ་ལ། །
ང་ཉམས་རྟོགས་ངན་རུང་བསྡུར་སྙིང་འདོད། །
གོ་བ་ཞན་རུང་བསྡུར་སྙིང་འདོད། །
བསམ་ཞིང་མཚན་ལྡན་བླ་མ་དྲན། །
སྒོམ་ཞིང་མར་པ་ལོ་ཙྪ་དྲན། །
སྤྲང་མོས་གུས་ཀྱི་ངང་ནས་འབྲལ་མེད་ཀྱང་། །
བླ་མ་སྙིང་ནས་དྲན་པ་ཡི། །
འདོད་པས་གདུངས་ནས་བཟོད་གླགས་མེད། །
དབུགས་སྟོད་དུ་འཚངས་ནས་སྐད་མ་ཐོན། །
བུ་ཡི་གདུང་བ་སོལ་ཅིག་བཀའ་དྲིན་ཅན། །
ཞེས་གསུངས་སོ། །
དེ་རིང་ནི་བོད་ཟླ་དང་པོའི་ཚེས་ ༡༤ ཉིན་རྗེ་བཙུན་མི་ལ་རས་པའི་འདས་མཆོད་དང་། བོད་ཟླ་དང་པོའི་ཚེས་ ༡༥ ཉིན་སྒྲ་སྒྱུར་མར་པ་ལོ་ཙཱ་བའི་འདས་མཆོད་བཅས་ཡིན་པ་ལ། དགེ་བའི་ཀུན་སློང་བཟང་ནས་སེམས་ཅན་གྱི་དོན་སྒྲུབ་པ་དང་དམར་ཟས་སྤངས་ནས་དཀར་ཟས་ལ་རོལ་རྒྱུ་དང་ཀུན་གྱིས་དགེ་བའི་ལས་ལ་འབད་བརྩོན་བྱས་ན་ལེགས་པའོ།།
བྱང་ཕྱོགས་མུན་པའི་སྨག་རུམ་ན།།
གངས་ལ་ཉི་མ་ཤར་འདྲ་བའི།།
ཐོས་པ་དགའ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།
北地暗蒙处,
霜雪逢日开。
闻即喜是名,
顶礼彼座前。
མི་ལ་བཞད་པ་རྡོ་རྗེ་འདི་ཉིད་ནི་བོད་གངས་ཅན་ལྗོངས་རྣལ་འབྱོར་ཡོངས་གཙུག་རྒྱན་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་བུ་ཆེན་བཞིའི་ཡ་གྱལ་ཡིན། ཐོག་མར་ནག་པོའི་ཆོས་སྤྱད་ནས་སྡིག་པ་འབའ་ཞིག་མཛད། དེ་ནས་སྔར་བྱས་ལས་ལ་འགྱོད་ནས་མར་པའི་དྲུང་དུ་བཅར་ནས་སྒྲིབས་སྦྱོངས་མཛད། མངའ་བདག་མར་པས་ཚར་བཅད་རྗེས་འཛིན་གྱི་དཀའ་ཐུབ་དཔགས་མེད་སྟེར་རུང་བླ་མ་ལ་མོས་གུས་ལྟེམས་ཀྱང་མ་ཤོར་བས་བླ་མས་བྱིན་གྱིས་བརླབས་ནས་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། གཅིག་པུར་གངས་ཁྲོད་དང་རི་འཁྲོད་ཉུལ་ཞིང་ཟ་ཡི་དཀའ་ཐུབ་མཛད་ནས་རྩེ་་གཅིག་སྒྲུབ་ལ་གཞོལ་བས་ཕྱག་རྒྱ་ཚེན་པོ་མཆོག་གི་གོ་འཕང་བརྙེད། སྐལ་ལྡན་ལས་འཕྲོ་ཅན་ལ་ཆོས་འཁོར་བསྐོར་ཞིང་གནས་ངེས་མེད་དུ་བྱོན། སློབ་མའི་ཚོགས་དཔགས་ཏུ་མེད་པ་ལས་གྲགས་ཆེ་བ་ནི་ཉི་མ་ལྟ་བུའི་རྗེ་སྒམ་པོ་པ་དང་ཟླ་བ་ལྟ་བུའི་རས་ཆུང་པ་གཉིས་སོ། རྗེ་འདི་ཉིད་ཀྱི་རྣམ་པར་ཐར་བ་༼མི་ལའི་མགུར་འབུམ་༽ནི་དུས་ད་ལྟའང་རིས་སུ་མེད་པར་ཀུན་གྱི་འཁྲོད་ན་བྱིན་རླབས་ཀྱི་མཚན་ཁ་འབར་ཞིང་བཞུགས་སོ།
密勒日巴
密勒日巴(梵名Hāsavajra,མི་ལ་རས་པ། Milarepa,1052~1135)意译为金刚幢,全名为密勒日巴谢巴多杰(Milarepa Hsiehpa Dorje),又称喜笑金刚,是西藏最伟大的瑜珈士,玛尔巴的四大心子之一。密勒日巴生平是广为人所熟知的故事,为了报复先习黑法,后来心感懊悔,而来到大译师玛尔巴处求法,玛尔巴为了消除他放咒之罪业,令他建屋劳作,百般折难。密勒日巴以深切的虔诚心和不退的出离心,忍其所不能忍,而得到全部密法。后來,他依师所教独自住山修行,唯以野草为食,直至了悟实相的究竟本性,证得大手印。此后他云遊传法,有众多弟子,其中最有成就的两人是被喻为如“日”般的冈波巴与如“月”般的惹琼巴。他的主要教法收录在《密勒日巴十万证道歌》。
མཐུ་སློབ་ཏུ་འགྲོ་བ།
去学妖术时
མར་པ་ལོ་ཙཱ་དང་མཇལ་བ།
尊者和玛尔巴译师徒相见
དཀའ་བ་སྤྱད་པ།
除业修行。
སྲིང་མོ་དང་འཕྲད་པ།
遇见妹妹。
རས་པ་ཞི་བ་འོད་དང་མཇལ་བ།
尊者和热巴西瓦噢相见
ཁྱི་རས་པ་མགོན་པོ་རྡོ་རྗེ་དང་མཇལ་བ།
尊者和骨狗贡布多吉相遇
དུག་དྲངས་པ།
给尊者下毒