前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

《ངའི་སྙིང་གི་ཨ་ལོང་ཡང་ལོང》མཐར་ཕྱིན་སློབ་མར་བྲིས་པའི་སྙན་ངག

杷青 Pagchen 2022-07-26

2018ལོའི་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་སྐབས་ལྔ་པའི་མཐར་ཕྱིན་མཛད་སྒོ།

༢༠༡༨ལོའི་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་དགེ་རྒན་རྣམ་པ་དང་སྐབས་ལྔ་པའི་མཐར་ཕྱིན་སློབ་མའི་མཉམ་པར།

ངའི་སྙིང་གི་ཨ་ལོང་ཡང་ལོང་།


འཕགས་ཆེན།  (ཡུལ་ཤུལ)


ལོ་གཅིག་ནི་ཐུང་ཐུང་ཞིག་མ་རེད

ལོ་གཅིག་ནི་རིང་རིང་ཞིག་མ་རེད

རིང་ཡང་རིང་ལ་ཐུང་ཡང་ཐུང་བའི་ལོ་འདིར

ངས་སེམས་ཀྱི་འོད་ཁང་རེ་རེ་བརྩེགས

ཁྱེད་ཚོས    མེ་ལོང་གཅིག་ལ་མཉམ་དུ་བལྟས་ཏེ

སོ་སོའི་ངོ་གདོང་སོ་སོས་ཤེས་ན་བསམས


ལོ་གཅིག་གི་འཁོར་ལོའི་རྩིབས་ནས

ཁྱེད་ཚོས་ལོ་རྒྱུས་ཀྱི་གླེགས་བམ་བཀླགས

སྙན་ངག་གི་ཀུན་རྟོག་སྤྲོས

རྣམ་ཤེས་ཀྱི་གོམ་སྒྲ་ཇེ་མཐོར་སོང

ང་ཚོས་རྨི་ལམ་གྱི་བང་རིམ་ཞིག་བཞེངས་ཡོད་པ་དྲན་ནམ

ཁྱེད་ཚོ     ནམ་ཡང་ངའི་སྙིང་གི་ཨ་ལོང་ཡང་ལོང་ཡིན


དུས་ཚོད་ཀྱི་རླུང་གཡུགས་རྗེས

དེ་རིང་གི་སྐར་མདའ་རེ་རེ་ཅི་ཡང་མ་རེད

ང་ཚོས་དབུགས་འབྱིན་རྔུབ་མཉམ་དུ་བྱས་ཏེ

དེ་རིང་གི་གར་སྟེགས་གསར་པ་འདི་བརྒལ་ཐུབ་སོང


ངའི་སེམས་ཀྱི་ལོ་མ་དམར་པོ

ངས་ཁྱེད་ཚོར་རྟེན་འབྲེལ་ཞུ

རྟེན་འབྲེལ་ནི་བརྩེ་དུང་ཞིག་རེད

རྟེན་འབྲེལ་ནི་གྲ་སྒྲིག་ཅིག་རེད

རྟེན་འབྲེལ་ནི་གོ་རིམ་ཞིག་རེད

རྟེན་འབྲེལ་ནི་རེ་སྨོན་ཞིག་རེད

ང་དང་ཁྱེད་ཚོའང་རྟེན་འབྲེལ་གྱི་མཐར་ཐུག་རེད

དེ་བས་རྟེན་འབྲེལ་ཞུ


དུས་ཚོད་ཕར་ཕར་སོང་རྗེས

ང་ཚོའི་བར་ལ་ཅི་ཞིག་གིས་འབྲེལ་བ་ཡོད་པ་ཤེས་སམ

བརྗེད་རྒྱུ་མེད་པའི་འདས་དོན་ནི་ང་ཚོའི་བར་གྱི་འབྲེལ་བ་རེད

རྙིང་རྒྱུ་མེད་པའི་འཆར་ཡན་ནི་ང་ཚོའི་བར་གྱི་འབྲེལ་བ་རེད

ཕྱི་འགྱངས་མེད་པའི་གོམ་སྟབས་ནི་ང་ཚོའི་བར་གྱི་འབྲེལ་བ་རེད

འཇིགས་པ་མེད་པའི་སྙིང་སྟོབས་ནི་ང་ཚོའི་བར་གྱི་འབྲེལ་བ་རེད


ང་ནི་རྟེན་གཞི་མཁྲེགས་པོ་ཞིག

ཁྱེད་ཚོ་ནི་གོར་མའི་ནགས་ཚལ་ཞིག

ང་ཚོ་ནི   མ་འོངས་པ་ཟེར་བའི་དུས་ཚོད་ཀྱི་རུམ་ནས

བདེན་པའི་ཀ་བ་འདེགས་པའི་གྱད་མི་དེ་ཡིན་དགོས

ཤེས་རབ་ཀྱི་རལ་གྲི་ཐོགས་པའི་དཔའ་བོ་དེ་ཡིན་དགོས

རྨི་ལམ་གྱི་བདེན་པ་འཚོལ་བའི་ན་གཞོན་དེ་ཡིན་དགོས


2018/11/5ཉིན་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་ནས་བྲིས།

བཀྲ་ཤིས་བདེ་ལེགས།

 ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་སྐབས་ལྔ་པའི་མཐར་ཕྱིན་སློབ་མ་ཁྱེད་ཚོ། རྒྱལ་ཁ་དང་གཟི་བརྗིད་ངང་ནས་མཐར་ཕྱིན་པར་དགའ་བསུ་རྟེན་འབྲེལ་ཞུ།

2018

འོག་ནས་ནོན་དང་ཤེས་བྱ་གསར་པ་མང་པོ་ལ་ལྟད་མོ་ལྟ་ཐུབ།

文章有问题?点此查看未经处理的缓存