ཐེངས་དང་པོའི་རྩོམ་ཡིག་དཔྱད་འདེམ་གསལ་རྟོགས།
འགྲན་རྩོད་ནི་ཡར་རྒྱས་ཀྱི་སྒུལ་ཤུགས་དང་སྐུལ་འདེད་ཡིན་པས་བྱ་བ་གང་ཡིན་ཡང་མེད་དུ་མི་རུང་བ་ཞིག་རེད། དེ་ལ་ཁམས་ཟུར་མང་དུ་རྩོམ་རིག་གི་དུས་དེབ་དང་ལོ་དེབ། འཕྲིན་སྟེགས་སོགས་ཡོད་ནའང་དེ་སྔ་རྩོམ་ཡིག་འགྲན་བསྡུར་བྱེད་པའི་སྟེགས་བུ་ཆད་སྟོང་དུ་ལུས་ཡོད། དེ་བས་ཡུལ་ཟུར་མང་གི་རྩོམ་རིག་ཡར་རྒྱས་སུ་གཏོང་བ་དང་། རྩོམ་པ་པོའི་དཔུང་སྡེ་དར་འཕེལ་ཡོང་བ། རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ་དང་། ལྷག་པར་དུ་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་སློབ་མར་ཁ་ཕྱོགས་ཤིང་། སྐབས་ལྔ་པའི་མཐར་ཕྱིན་སློབ་མ་དག་ལ་དམིགས་ཏེ་ལྷུག་རྩོམ་འགྲན་བསྡུར་ཞིག་སྤེལ་བཞིན་ཡོད།
ད་ལོའི་མཐར་ཕྱིན་སློབ་མ་ཉེར་བདུན་གྱི་ལྷུག་རྩོམ་བརྒྱད་ཅུ་འགྲན་ཞུགས་བརྩམས་ཆོས་སུ་བཙུད་པ་དང་། རྩོམ་པ་པོ་སྐོར་ཞིག་གདན་འདྲེན་ཞུས་ནས་དཔྱད་འདེམ་ནན་ཏན་གྱིས་བྱེད་བཞིན་ཡོད། ཐེངས་དང་པོའི་དཔྱད་འདེམ་པ་གསུམ་གྱིས་རྩོམ་ཡིག་བརྒྱད་བཅུ་ནས་རྩོམ་ཡིག་དགུ་གདམ་གསེས་བྱས་ཟིན་ལ། ཐེངས་གཉིས་པའི་དཔྱད་འདེམ་པ་རྣམ་པས་དཔྱད་འདེམས་བྱེད་བཞིན་པའི་སྒང་ཡིན། དེ་རྗེས་རྩོམ་པ་པོ་སོ་སོའི་བརྩམས་ཆོས་བཞི་ལ་བྱ་དགའ་སྤྲོད་རྒྱུ་ཡིན།
འགྲན་བསྡུར་བྱེད་པའི་བྱ་འགུལ་དང་ལས་ཀ་དག་ཚགས་སུ་ཚུད་རྗེས2018ལོའི《གསེར་གྱི་སྐར་ཚོམ》འགྲེམ་སྤེལ་དང་། སྐབས་ལྔ་པའི་མཐར་ཕྱིན་སློབ་མའི་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་གཉིས་མཉམ་དུ་སྤེལ་རྒྱུ་ཡིན།
1《སེམས་འདི་ལྕགས་གོང་ཞིག་ཡིན་ན》《ཞེན་ཆགས》འཕགས་ཆེན་གྱི་སྙན་ངག་གསར་པ།
2《ངའི་སྙིང་གི་ཨ་ལོང་ཡང་ལོང》མཐར་ཕྱིན་སློབ་མར་བྲིས་པའི་སྙན་ངག འཕགས་ཆེན།
3 གྱེར་འདོན།༽ དཔལ་ལྷ་མོ་ལ་ཕུལ་བའི་སྙན་ངག འཕགས་ཆེན།