前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

སྐབས་ལྔ་པའི་མཐར་ཕྱིན་སློབ་མའི་རྩོམ་ཡིག་དཔྱད་འདེམ་པ།

杷青 杷青 Pagchen 2022-07-26

     འགྲན་རྩོད་ནི་ཡར་རྒྱས་ཀྱི་སྒུལ་ཤུགས་དང་སྐུལ་འདེད་ཡིན་པས་བྱ་བ་གང་ཡིན་ཡང་མེད་དུ་མི་རུང་བ་ཞིག་རེད། དེ་ལ་ཁམས་ཟུར་མང་དུ་རྩོམ་རིག་གི་དུས་དེབ་དང་ལོ་དེབ། འཕྲིན་སྟེགས་སོགས་ཡོད་ནའང་དེ་སྔ་རྩོམ་ཡིག་འགྲན་བསྡུར་བྱེད་པའི་སྟེགས་བུ་ཆད་སྟོང་དུ་ལུས་ཡོད། དེ་བས་ཡུལ་ཟུར་མང་གི་རྩོམ་རིག་ཡར་རྒྱས་སུ་གཏོང་བ་དང་། རྩོམ་པ་པོའི་དཔུང་སྡེ་དར་འཕེལ་ཡོང་བ། རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ་དང་། ལྷག་པར་དུ་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་སློབ་མར་ཁ་ཕྱོགས་ཤིང་། སྐབས་ལྔ་པའི་མཐར་ཕྱིན་སློབ་མ་དག་ལ་དམིགས་ཏེ་ལྷུག་རྩོམ་འགྲན་བསྡུར་ཞིག་སྤེལ་བཞིན་ཡོད།


     ད་ལོའི་མཐར་ཕྱིན་སློབ་མ་ཉེར་བདུན་གྱི་ལྷུག་རྩོམ་བརྒྱད་ཅུ་འགྲན་ཞུགས་བརྩམས་ཆོས་སུ་བཙུད་པ་དང་། རྩོམ་པ་པོ་སྐོར་ཞིག་གདན་འདྲེན་ཞུས་ནས་དཔྱད་འདེམ་ནན་ཏན་བྱས་ཡོད། ཐེངས་དང་པོའི་དཔྱད་འདེམ་པ་རྩོམ་པ་པོ་མུན་གྲོལ་དང་། ཆེན་པོ། ཁམས་སྨྱོན་ཧེ་རུ་ཀ་གསུམ་གྱིས་རྩོམ་ཡིག་བརྒྱད་ཅུ་ནས་རྩོམ་ཡིག་དགུ་གདམ་གསེས་བྱས་ཟིན་ལ། ཐེངས་གཉིས་པའི་དཔྱད་འདེམ་པ་རྩོམ་པ་པོ་གངས་བུ་ཡིད་དགའ། ཁྲི་སེམས་དཔའ།  གངས་རྩེན། དཀོན་མཆོག་ཆོས་དར། སྐལ་རྒྱམ། འཕགས་ཆེན་བཅས་ཀྱིས་རྩོམ་ཡིག་དགུ་ནས་རྩོམ་ཡིག་ལྔ་དཔྱད་འདེམས་ཚུལ་བཞིན་བྱས་རྗེས་རྩོམ་པ་པོ་ལྔ་ལ་བྱ་དགའ་སྤྲད་རྒྱུའི་ཐག་ཆོད་བྱུང་ཡིན།


      མི་འགྱངས་བར2018ལོའི་ཟུར་མང་ལྔ་རིག་གཙུག་ལག་སློབ་གླིང་གི་《གསེར་གྱི་སྐར་ཚོམ》འགྲེམ་སྤེལ་དང་། སྐབས་ལྔ་པའི་མཐར་ཕྱིན་སློབ་མའི་རྩོམ་རིག་བྱ་དགའ་སྤྲོད་པའི་མཛད་སྒོ་གཉིས་མཉམ་དུ་སྤེལ་རྒྱུ་དང་། མཛད་སྒོའི་སྐབས་ཀྱི་དོན་བྱ་དག་འཕྲིན་སྟེགས་འདི་ནས་ཁྱབ་སྤེལ་ཞུ་རྒྱུ་ཡིན།

ཐེངས་དང་པོའི་རྩོམ་ཡིག་དཔྱད་འདེམ་གསལ་རྟོགས།

文章有问题?点此查看未经处理的缓存