བོད་ཀྱི་བྱིས་པ།
འཕགས་ཆེན་གྱིས་ཚིག་བརྩམས།
ཤིང་གི་ལྷ་མོས་གྱེར་འདོན་བྱས།
བོད་ཀྱི་བྱིས་པ།
ཁྱེད་ཀྱི་མཛེས་སྡུག་གསལ་ལྷམ་མེར་ཡོད
མགོ་སྐྲ་བྱིལ་བྱིལ་མིག་ཟུང་ལྷེམ་ལྷེམ།
འཛུམ་མདངས་ཤིག་ཤིག་དགོད་སྒྲ་ལྷང་ལྷང་།
བཅོས་མིན་གྱི་གཤིས་ཀ་ལས་ཞི་འཇམ་གྱི་སྦྲང་ཆར་འབབ།
ལྷད་མེད་ཀྱི་སེམས་པ་ལ་དྭངས་གཙང་གི་ཉི་ཟེར་འཕྲོས།
ང་ནམ་ཡང་ཁྱེད་ཀྱི་སྤྱོད་ཚུལ་ལ་དགའ།
གལ་ཏེ་ང་རང་ཁྱེད་ཡིན་ན།
གལ་ཏེ་ཁྱེད་རང་ང་ཡིན་ན།
འོན་ཀྱང་ང་ཚོ་གབ་ཚིག་ཅིག་རེད།
བོད་ཀྱི་བྱིས་པ།
རྩྭ་ཐང་གི་ཞོགས་པ་ཅི་འདྲ་མཛེས་པ་ལ།
ཁྱེད་ཀྱིས་གཟིགས་དང་།
ཁྱེད་རང་འཛུམ་དུས་རྡོ་བ་རྣམས་ཀྱང་འཛུམ་བཞིན་ཡོད།
ཁྱེད་རང་ངུ་དུས་རྩི་ཤིང་དག་ཀྱང་ངུ་བཞིན་ཡོད།
ཁྱེད་ནི་མ་འོངས་པའི་ལོ་ཟླ་རེད།
ང་ནམ་ཡང་ཁྱེད་ཀྱི་འཇིག་རྟེན་ལ་དགའ།
རྩེད་ར་ཆུང་ཆུང་མ་རེད།
རྩེད་མོ་ཆེན་པོ་རེད།
ཁྱེད་ནི་ང་ཚོའི་གཏན་ཚིགས་སུ་བཀོད་ཡོད།
བོད་ཀྱི་བྱིས་པ།
ཁྱེད་ནི་བྲིས་མི་ཚར་བའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་ཡིན།
ཁྱེད་ཀྱི་ལང་ཚོ་དེ།
ཁྱེད་ཀྱི་འགན་འཁྲི་དེ།
ཁྱེད་ཀྱི་རྨི་ལམ་དེ།
གངས་རི་དང་སྦྲ་ནག་བརྒྱུད་ནས་སྨིན་དགོས།
གཙང་པོ་དང་ནས་ཞིང་བརྒལ་ནས་འབྱུང་དགོས།
སྙིང་སྟོབས་དང་ཤེས་རབ་བསྐྱེད་ནས་རྫོགས་དགོས།
དུས་ཚོད་དང་དུས་ཚོད་ཕྲད་པ་ལས།
ཡོད་ཚད་ཁྱེད་ཁོ་ན་ལ་དབང་ངེས།
2019/4/15ཉིན་ཟུར་མང་ནས་བྲིས།
1 ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་དང་པོ།
2 ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གཉིས་པ།
3 ཡུལ་ཤུལ་གྱི་སྙན་ངག་ཆེད་བསྒྲིགས། ༼ཁག་གསུམ་པ།
4 ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་སློབ་མའི་རྩོམ་ཡིག་ཆེད་བསྒྲིགས།
5 ལོ་ཉིན་ཞང་ཡུས་སློབ་འབྲིང་གི་གཙང་གསུམ་སློབ་མའི་རྩོམ་ཡིག་ཆེད་སྒྲིག
Send to Author