前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2017年受难周每日默想经文(值得收藏!)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

པེ་ཅིན་གྱི་སྤྲིན་དཀར། འཕགས་ཆེན་གྱི་སྙན་ངག་གསར་པ།

杷青 杷青 Pagchen 2022-07-26

འཕགས་ཆེན། (ཡུལ་ཤུལ)


 

པེ་ཅིན་གྱི་སྤྲིན་དཀར།



སྔོན་དུས་ཀྱི་ཚོར་བ་དེ

ཞི་འཇམ་གྱི་ཤེལ་ཁྲ་ཞིག་ལྟར་ཀུན་ནས་གསལ

སེམས་འགྱུ་རེ་རེས་སྤྲིན་དཀར་དང་ཉི་འོད་བཞུ་ནུས

འཆར་སྒོ་རེ་རེས་གྲོང་ཁྱེར་དང་མི་ཚོགས་རྟོགས་ཐུབ

དེ་ལྟར་རྗེས་དཔག་དང་རེ་སྒུག་གི་མཚམས་སུ

དབུགས་བཞིན་བཏང་བའི་མི་ཚེའི་ཁ་དོག་འགྱུར་སོང

པེ་ཅིན་ཡང་དེ་ལྟར་འགྱུར་སོང

ད་ལྟའི་གསར་འགྱུར་དེས

པེ་ཅིན་ནི་ཐ་སྙད་ཀྱི་བང་རིམ་ཆེན་པོ་ཞིག་ཏུ་ཤར་གཏོང་བྱས

འཛུམ་ཀོང་གི་འཇིངས་སུ་རྒྱུ་བའི་སྤྲིན་དཀར

རེ་སྨོན་ཞིག་མངོན་པར་གསལ་བའི་ཚུལ་གྱིས

སེམས་ཀྱི་འཆར་སྒོའི་ངོགས་ནས་ལྡིང་དུས

ཡོད་ཡོད་བདེན་བདེན་གྱི་དཔལ་ཡོན་དེ་དག

དགའ་མགུ་ཆེན་པོས་གཡོ་བཞིན་འདུག

སེམས་ཀྱིས་ཟིན་ཐབས་བྲལ་བའི་ཉི་འོད་དམར་འཁྱུག་འཁྱུག་དེས

ཉིན་མོའི་ནམ་མཁའ་བློ་ཡིས་སྤྲུལ་པ་འདྲ

ཚིག་གིས་བརྗོད་པ་འདས་པའི་གློག་འོད་ཁྲ་ཤར་ཤར་དེས

མཚན་མོའི་ས་གཞི་འཕྲུལ་གྱིས་བཞེངས་པ་འདྲ

ཡིན་ནའང་པེ་ཅིན་ནི་ངའི་འཆར་ཡན་ལས་བརྒལ་ཐུབ་མི་འདུག

མ་འོངས་པའི་འཆར་བཀོད་དེ

དཔྱིད་དུས་ཀྱི་སྤྲིན་དཀར་ཞིག་ནས་མགོ་བརྩམས་ཐུབ་ན་སྙམ

ཉི་ཟླ་དང་མཉམ་པའི་དབྱར་གཞུང་བརྒལ་ནས

སྟོན་མཇུག་ཏུ་བཞད་པའི་འབྲས་བུ་ལ་སེམས་པ་སྐྱོར་ཡོད

རང་ཉིད་བོར་བའི་འཇིག་རྟེན་མང་དྲགས་སོང

མིག་ཟུང་དུ་ལྷུང་བའི་འཇིག་རྟེན་ཞིག་དང་འཕྲད་པས་ཆོག

ཡིན་ནའང་སྐབས་དེའི་སྤྲིན་དཀར་གང་དུ་ཡོད

2019/5/20ཉིན་པེ་ཅིན་ནས་བྲིས།


ནང་དོན་གསར་པ་ལ་གཟིགས།


འཛམ་གླིང་དཔེ་ཀློག་ཉིན་མོའི་ལོ་རྒྱུས་དང་དྲན་སྐུལ།  忆想世界阅读日

2 དཔེ་ཀློག་གི་བཟང་ཆ་དྲུག 阅读的六大好处

3 དཔེ་ཀློག་བྱེད་པའི་སྙིང་པོ་གང་ཡིན། 读书为了谁?

4 འཛམ་གླིང་གི་ཆེས་མཛེས་པའི་དཔེ་མཛོད་ཁང་ཁག་ཅིག

གཏམ་བཟང་། གློག་བརྙན《ལག་དམར》ཚེས26ཉིན་གཟིཊ་འབུལ། 电影《撞死了一只羊》26日影院首映

སྙན་ངག་དང་འབྲེལ་བའི་དཔེ་ཆ་གཉིས་བཀླགས་པ།

ཤེས་ཡོན་གྱིས་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ། 

དཔེ་ཆར་ཇི་ལྟར་བལྟ་བའི་སྐོར་གྱི་གླེང་མོལ།

9 ལོ་རབས་བདུན་ཅུའི་ནང་གི་ཧི་མ་ལ་ཡའི་ཕར་ཚུར། 1970年代的西藏与喜马拉地区

10  ཧ་ཝར་ཌིའི་སློབ་མས་སློབ་ཆེན་ལོ་བཞི་ཇི་ལྟར་སྐྱེལ་ལམ།

11 སྐལ་བཟང་གཡུ་སྒྲོན་གྱི་སྒོར་གཞས་གསར་པ། 格桑玉珍2019年最新歌曲 《果谐》

12 འབྲུག་མོའི་དགུ་སིང་དྲུག་འགྱུར།《珠牡九曼六变曲》  演唱:尼玛拉毛

13 སྤེན་པ་བདེ་སྐྱིད་ཀྱི་གཞས་གསར། སྙེ་མོའི་ཨ་ཇོ། 边巴德吉2019年最新歌曲

14 人类学视野下的藏族电影—《撞死了一只羊》

15 བསྟན་པ་དབང་མོའི་གཞས་གསར། མཚོ་འཕཊ་སྟོང་ཕྲག་གསུམ། 海拔三千米 (藏语) -丹巴旺姆

16 རི་མོ་བ་བསྟན་འཛིན་ནོར་བུ་དང་ཁོང་གིས་བྲིས་པའི་ཕ་ཡུལ་དོལ་པོ།

17 རྒྱལ་སྤྱིའི་རྐང་གྲུག་འགྲན་བསྡུར་ལ་ཞུཊ་པའི་བོད་རིགས་ན་གཞོན་ཐོག་མ།

文章有问题?点此查看未经处理的缓存