དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།
སྤྲོ་གསེང་།
དེ་རིང་གི་སྤྲོ་གསེང་།
འཕགས་ཆེན། (ཡུལ་ཤུལ)
དབྱར་ཟླ་དང་པོ་འདི་ག་ལེར་ག་ལེར་འཆར་སོང་།
རྨི་ལམ་གྱི་ཁྲོད་ནས་ཕྱིར་མངོན་པའི་དེ་རིང་ནི།
ལྗང་མདོག་གིས་སྙིང་ཉེ་བའི་ཚུལ་དུ་བསུས་སོང་།
ང་ཚོ་ནི་ཉི་མའི་འོག་གི་འོད་ཟེར་ཞིག་རེད།
རི་མགོའི་ཟིལ་བ་ལག་པས་ནོམ་ཉུག་དང་།
ནགས་ཚལ་གྱི་འདབ་མ་མིག་གིས་དམུལ་དམུལ་བྱེད།
ཆ་ཡོད་རྒྱུས་ཡོད་ཀྱི་ང་ཚོས།
དྭངས་གཙང་གི་ཆུ་བོའང་རྣ་བས་ཉན་ཙམ་བྱེད།
རྩྭ་ཐང་གི་ངོས་སུ་དབང་ཤེས་རེ་རེ་བཞིན་འཇུག་ལྡང་བྱས།
སྟོད་ནས་སྤྲིན་ཞིག་ལྡིང་བས་རི་སྐྱེས་མེ་ཏོག་ལྷོད་ཤིག་ཤིག
བར་ནས་བྱ་ཞིག་གྲགས་པས་རང་བྱུང་སྣོད་བཅུད་འཇམ་ཐིང་ཐིང་།
ལྟ་ན་སྡུག་པའི་དུས་ཚོད་ཀྱི་ཁུད་དུ།
ང་ཡི་དགེ་རྒན་འཛུམ་པའི་ཚུལ་དུ་བཞུགས།
ང་ཡི་སློབ་གྲོགས་སྤྲོ་བའི་ངང་དུ་འདུ།
བལྟས་ཚོད་ཀྱིས་རྒྱང་ཐག་ཧ་ཅང་རིང་ས་ན་ཡོད་ཡོད་འདྲ་ནའང་།
གཡེར་བག་ཆེ་བའི་འཇིག་རྟེན་གྱི་སྣང་ཚུལ་འདི།
གློ་བུར་རྒྱུ་ཅན་ཞིག་གིས་སད་དུ་བཅུག་སོང་།
2019/6/15ཉིན་ཟུར་མང་ནས་བྲིས།
1 པེ་ཅིན་གྱི་སྤྲིན་དཀར། འཕགས་ཆེན་གྱི་སྙན་ངག་གསར་པ།
2 བོད་ཀྱི་བྱིས་པ། འཕགས་ཆེན་གྱི་སྙན་ངག་གསར་པ།
3 ན་གཞོན་ཚོ། རྨི་ལམ་ཞིག་འགུལ་བཞིན་འདུག འཕགས་ཆེན་གྱི་སྙན་ངག་གསར་པ།
4 ང་རང་དབྱར་རྩྭ་དགུན་འབུས་ངོ་མཚར་དུ་བཅུག་སོང་། འཕགས་ཆེན་གྱི་སྙན་ངག
5 ལམ་གྱི་འཆར་ཡན། འཕགས་ཆེན་གྱི་སྙན་ངག་གསར་པ།
6 སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།
7 རྗེ་བཙུན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས། 顶礼南无文殊菩萨
8 ༧ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་མ་དྲིན་ལན་བཤགས་མདོ་བཞུགས་སོ།།