前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

དཔེ་ཆ་ཀློག་པའི་གཞོན་ནུ་མ་ཞིག འཕགས་ཆེན་གྱི་སྙན་ངག་གསར་པ།

杷青 杷青 Pagchen 2022-07-26

དཔེ་ཆ་ཀློག་པའི་གཞོན་ནུ་མ་ཞིག

འཕགས་ཆེན། (ཡུལ་ཤུལ)



ད་རེས་གྲོང་ཁྱེར་ནང་གི་འདུ་ལོང་བར་ནས།།

ལྟད་མོ་འདྲ་མིན་བཅོ་བརྒྱད་མིག་ལ་བཤམས་ཏེ།།

མི་རིགས་དཀར་ནག་མང་པོའི་གདོང་ལ་བལྟས་པས།།

དཔེ་ཆའི་སྒང་གཤོང་ཉུལ་བའི་མི་ཞིག་ཐོགས་སོང་།།


མི་དེ་ལྷ་ཞིག་ཡིན་པའི་དག་སྣང་མ་བྱས།།

མི་དེ་འདྲེ་ཞིག་འདྲ་བའི་བག་སྐྲག་མ་བྱུང་།།

པགས་པ་གསེར་མདོག་ཅན་གྱི་ཕྱི་གླིང་པ་རེད།།

པེ་ཅིན་ཡུལ་གྱི་མེ་འཁོར་ཞིག་ཏུ་བསྡད་འདུག།


མདངས་ལྡན་སྐྲ་ཡི་ལན་བུ་རྒྱབ་ལ་འཕྱངས་པ།།

སྲབ་འཇམ་གོས་བཟང་རན་མོ་ལུས་ལ་གསོལ་ཏེ།།

རྐང་པ་གཡས་གཡོན་བསྣོལ་བའི་པུས་མོའི་ཀླད་ལ།།

ཤེས་རིག་གསེར་ཞུན་འཁྱིལ་བའི་དེབ་ཅིག་བཞག་འདུག།


དེབ་ཞེང་ཆུང་ཡང་མཐུག་པོ་མཐུག་པོ་ཞིག་རེད།།

ཤོག་ལྷེ་ཚོན་ལྡན་ཐོར་བུས་རྟགས་ཤིག་བརྒྱབ་འདུག།

ཤོག་གྲངས་བཅུ་ཕྲག་ཡན་ཞིག་བཀླགས་ནས་ཚར་འདུག།

འགྲུལ་བཞུད་ཁྲོད་ནས་དམིགས་ཀྱིས་བསལ་བ་ཞིག་ཨང་།།


ཕ་ཀི་མི་བུ་དེ་ཚོས་ཁ་པར་རྩེ་ལ།།

ཚུར་ཀའི་མགོ་ནག་ཀུན་ཀྱང་དེ་བཞིན་གཡེང་འདུག།

དཀྱིལ་ཀྱི་ན་ཆུང་མ་ཁྱོད་གོམས་གཤིས་བཟང་བས།།

སེམས་པའི་གཏིང་ནས་ཡི་རངས་ཐེངས་འགའ་ཤོར་སོང་།།


ཕལ་ཆེར་མི་རྣམས་ཆ་དང་ཟུང་དུ་འགྲོ་དུས།།

ཁྱོད་རང་ཁོ་ན་མི་སྨྲའི་བརྟུལ་ཞུགས་བཟུང་སྟེ།།

ད་ནང་གང་ནས་ཡོང་ངམ་གསར་མོ་སྣང་དྭངས།།

དོ་ནུབ་གང་དུ་འགྲོ་འམ་བུ་མོ་གཟུགས་བཟང་།།


དཔྲལ་བའི་མིག་ཟུང་ཤོག་ངོར་ཕབ་ན་འདྲེས་སམ།།

ཡིད་ཀྱི་ཤེས་པ་ནང་དུ་འཁོར་ན་བརྟན་ནམ།།

འུར་ཟིང་ཁྲོད་ནས་ཤོག་ངོས་རེ་རེ་བསྒྱུར་དུས།།

གང་ཞིག་དྲན་ནམ་གོ་རྟོགས་གསར་པ་ཅི་འདུག།


མི་ཚོགས་བརྒྱ་སྟོང་ཁྲི་འབུམ་བསྐྱོད་པའི་དབུས་ནས།།

དལ་གཅིག་ང་རང་ཁྱོད་ལ་ཧད་པ་ཚོར་རམ།།

ཁ་པར་ནག་པོས་པར་ཞིག་བསྐྱོན་པ་ཤེས་སམ།།

ཚིགས་སུ་བཅད་པའི་སྙན་ངག་བྲིས་པ་མཐོང་ངམ།།


ཁྱོད་ཀྱི་ཕ་ཡུལ་འཛམ་གླིང་ཤར་ནུབ་གང་ཡིན།།

ཁྱོད་ཀྱི་རྒྱལ་ཁབ་ཆོས་ཡོད་ཆོས་མེད་གང་ཡིན།།

ཕར་བལྟས་མངོན་པའི་བཟང་སྤྱོད་དེ་ནི་ལེགས་སོ།།

ཚུར་ལ་གསལ་བའི་སེམས་ཁམས་དེ་ཉིད་དྭངས་ཤག།


དུས་ཚོད་འཁོར་ལོ་འདི་ལ་ལག་པས་རེག་བཞིན།།

ས་ཚིགས་ཆ་ཡོད་ཆ་མེད་འགའ་ཞིག་བརྒལ་རྗེས།།

ཁ་ཚུགས་ལུས་ཚུགས་བརྟན་པའི་མགོ་སེར་མ་གང་།།

གྲོགས་མེད་ཁེར་རྐྱང་ངང་ནས་རྒྱང་ལ་ཆས་ཐལ།།


གནམ་བདེ་སྒོ་མོ་ཐང་ཆེན་གཡེར་པོ་ཆེ་ལ།།

སངས་རྒྱས་ཚེམས་གདུང་བྱིན་རླབས་ཚན་ཁ་འབར་རུང་།།

པེ་ཅིང་གྲོང་དུ་ཁྱད་མཚར་ལྟད་མོ་དག་ལས།།

ཁྱོད་རང་མཐོང་བའི་སེམས་ཚོར་ལྟ་བུ་མ་མཆིས།།

发现更多精彩

关注公众号

文章有问题?点此查看未经处理的缓存