ཝུའུ་ཧན། འབྲི་ཆུའི་འགོ་ཁུངས་ནས་འཕྲིན་ཞིག་བསྐུར་ཡོད།武汉,一封来自长江源头的信
双语朗诵
རྩོམ་པ་པོ། འཕགས་ཆེན།
1990ལོར་མཚོ་སྔོན་ཡུལ་ཤུལ་ཟུར་མང་སྐྱོ་ཉིན་ཡུལ་དུ་སྐྱེས། 2002ལོར་ཟུར་མང་དགོན་པར་ཞུགས་ཤིང་བསྡུས་རྟགས་དང་བརྡ་སྤྲོད་སྐོར་ནས་འགོ་བརྩམས་ཏེ་ནང་བསྟན་རིག་གཞུང་སྐོར་ལ་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁུར་དུ་བླངས།
གྱེར་འདོན་པ། ཚེ་རིང་བདེ་སྐྱིད།
ད་སྐབས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཆེད་ལས་བོད་རིག་པའི་རྩོམ་རིག་ལ་སློབ་གཉེར་བྱེད་ཀྱིན་ཡོད།
ཝུའུ་ཧན། འབྲི་ཆུའི་འགོ་ཁུངས་ནས་འཕྲིན་ཞིག་བསྐུར་ཡོད།
འཕགས་ཆེན། (ཡུལ་ཤུལ)
༡
གཏམ་ངན་དང་རིམས་ནད་རྒྱང་ནས་སླེབས་སོང་།
གཏམ་ངན་དང་རིམས་ནད་ཟུར་དུ་ཐོན་སོང་།
ནད་ངན་དང་གཏམ་ངན་གྱིས།
མི་ཚོགས་ཀྱི་འདུ་འཛི་ཆེ་བའི་གྲོང་ཁྱེར་ཞིག་བརྫད་སོང་།
གྲོང་ཁྱེར་དེའི་མིང་ལ་ཝུའུ་ཧན་(武汉)ཟེར།
ངས་ཐོག་མར་གསར་འགྱུར་ལས་ཐོས་ཤིང་།
ས་ཁྲའི་ངོས་ནས་མཐོང་བ་ཡིན།
ཟིན་བྲིས་ནང་དུ་ཡང་ཡང་བྲིས་ཡོད།
ཁྱོད་ནི་བྲིས་ན་མི་ཚར་བའི་ཐ་སྙད་ཀྱི་ཕུང་པོ་ཞིག་རེད།
༢
མེ་ཏོག་གི་གླིང་ཀ་ན།
དྭངས་གཙང་གི་གཞིས་ཁྱིམ་ན།
དཔལ་ཡོན་ལྡན་པའི་གྲོང་ཁྱེར་ཞིག་ཏུ།
ཏོག་དབྱིབས་ཀྱི་ནད་དུག་བུ་ཡུག་བཞིན་འཚུབ།
མེ་ཏོག་རེ་རེ་སད་ཀྱིས་ཁྱེར་བ་བཞིན།
ཝུའུ་ཧན་གྱི་མི་རྣམས་འཇིགས་སྣང་ཁྲོད་དུ་འཕངས།
གློ་བུར་བའི་མཐོང་སྣང་ཞིག་གིས།
ངའི་སྙིང་ཆུང་འདི་ཇི་ལྟར་མནན་ཡང་འཕགས་བྱུང་།
ངས་ཐོག་མར་ཝུའུ་ཧན་ལ་ཅི་ཞིག་བཤད་དགོས་པའང་མ་ཤེས།
༣
ཝུའུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གསར་པ་དེ།
གློ་རྒྱག་སུ་ཞིག་གིས་བོས་པའི་མགྲོན་པོ་བཞིན།
འཛམ་གླིང་གི་ཡུལ་གྲུ་མང་པོར་འགྲོ་བཞིན་འདུག
མིའི་རིགས་ལ་མནར་གཅོད་གཏོང་བཞིན་འདུག
འོན་ཀྱང་། ང་ཚོས་ཝུའུ་ཧན་ལ་འཁང་ར་དང་ལེ་བདའ་མི་བྱེད།
སྐྱོ་གདུང་གི་མིག་ཆུ་འབྱིད་རོགས་བྱེད།
འཇིགས་སྐྲག་གི་སྡུག་བསྔལ་སེལ་རོགས་བྱེད།
རེ་ཆད་ཀྱི་དབུགས་ངལ་གསོ་རོགས་བྱེད།
༤
ཝུའུ་ཧན།
མི་ལ་ལས་ཁྱོད་ལ་གཏམ་ངན་གྱི་ཁ་ཆུ་བཏབ།
མི་ལ་ལས་ཁྱོད་ལ་ཞེ་སྡང་གི་མིག་ལོག་འཕངས།
ཡིན་ནའང་ཁྱོད་ལ་སྡོང་གྲོགས་བྱེད་མཁན་དག་གིས།
གཞན་ཕན་གྱི་བྱམས་སེམས་ནམ་མཁའ་ལྟར་བསྐྱེད།
ལྷག་བསམ་གྱི་སྐད་ཆ་ཆར་བཞིན་བབས།
ཞལ་འདེབས་ཀྱི་སྒོར་མོ་ཕོངས་མེད་དུ་བསྐུར།
ཐ་ན་ཁྱོད་ཀྱི་ཕྱོགས་སུ་ལག་པ་དྲོན་མོ་ཙམ་ཡང་བསྲིངས་ཅི་ཐུབ་བྱས།
ད་དུང་། གདོང་མཆོང་གི་དཔའ་བོ་ནད་འགོག་གི་གཡུལ་ས་རུ་ཆས།
༥
འཇིག་རྟེན་གྱི་གཏམ་རྒྱུད་ཁུར་བའི་གསར་འགོད་པས།
དྲྭ་ལམ་ནས་ཁྱོད་རང་ཡང་ཡང་གླེང་གིན་འདུག
རྣམ་ཤེས་རྨས་མ་ཞིག་གི་སྡུག་ཡུས་བསྟན་སོང་།
ཤི་གསོན་མང་པོའི་རེ་སྨོན་དང་བྱམས་བརྩེ་བཤད་སོང་།
དཀའ་ཁག་གདོང་དུ་ལེན་པའི་དཔའ་བོ་ཚོའི་སྙིང་སྟོབས་བསྒྲགས་སོང་།
ས་ཁྲའི་ངོས་སུ་ཁྱོད་རང་ཧ་ཅང་དམར་ནག་ཏུ་གྱུར།
ཡིན་ནའང་ཕམ་ཁ་ནི་རྒྱལ་ཁའི་དྲན་སྐུལ་ཡིན།
ད་ནི་ནད་ངན་ཕམ་པར་བྱོས།
སྐྱོ་གདུང་གི་རླུང་དམར་ལྡང་མཚམས་བཞག་སྟེ།
མ་འོངས་པའི་ཆེད་དུ་སྟོབས་ཤུགས་སྐྱེད་རོགས།
༦
ནད་ངན་ལ་བྱམས་བརྩེ་མེད།
ང་ཚོས་མུ་མཐུད་ནས་དོགས་ཟོན་དང་འགོག་རྒོལ་བྱེད
ཤིན་ཏུ་ཉམ་ཐག་པའི་དུད་འགྲོ་ལ་ལེ་ཁག་མི་དཀྲི།
ང་ཚོས་ནམ་ཡང་བཟོད་སྒོམ་བྱེད།
བདེ་སྐྱིད་ཀྱི་ཆེད་དུ།
འཆམ་མཐུན་གྱི་ཆེད་དུ།
ཕན་ཚུན་འཚེ་མེད་ཞི་བའི་ངང་དུ་མཉམ་གནས་བྱེད།
༧
ང་ཚོ་ཇི་ལྟར་དཀའ་ཁག་ལ་འཕྲད་ཀྱང་།
ནད་དུག་གི་གཡུལ་ས་ནས་ཐར་དགོས།
ཚེ་སྲོག་གི་འཇིགས་ཉེན་ལས་གཡོལ་དགོས།
སྙིང་སྟོབས་ཆེན་པོས། འཇིག་རྟེན་ལ་གཙང་ཁྲུས་བྱེད་དགོས།
དག་ཞིང་ལྟ་བུའི་ཁྱིམ་རྒྱུད་འདི་སྲུང་སྐྱོང་བྱེད་དགོས།
ང་ཚོ་ནི་འཇིག་རྟེན་འདིའི་ཆ་ཤས་ཡིན།
ཝུའུ་ཧན་ཤུགས་རྒྱོབ། ནམ་ཡང་སེམས་ཞུམ་མི་རུང་།
༨
ཝ་ཡེ། སྙིང་རྗེ་བྲལ་བའི་ནད་ངན།
ང་ཚོ་མི་ཡི་རིགས་རྡུལ་དུ་བརླག་འདོད་དམ།
འཇིག་རྟེན་འདི་དམྱལ་ཁམས་སུ་བསྒྱུར་འདོད་དམ།
ང་ཚོ་ལ་བདེ་སྡུག་སྟོན་པའི་དཀོན་མཆོག་ཡོད།
བླང་དོར་འབྱེད་པའི་ཤེས་རབ་ཡོད།
སྐྱིད་སྡུག་མཉམ་འཁུར་བྱེད་པའི་གྲོགས་པོ་ཡོད།
ཀྱེ། གནམ་སྔོན་པོ།
དཔྱིད་དཔལ་གྱི་འོད་སྣང་ཞིག་གིས།
ནད་ངན་གྱིས་གཙེས་པའི་དགུན་ཁ་འདི་རྒྱང་ལ་སྐྲོད་རོགས།
2020/2/5/ཉིན་ཡུལ་ཤུལ་ནས་བྲིས།
朗诵者:才仁巴毛,
玉树电视台著名主持人
武汉,一封来自长江源头的信
杷青 著 | 岗路巴 译
1
谣言与疫疠从远方飘来
谣言与疫疠降临于身旁
恶疾与噩耗
污染了一座人群喧闹的城市
那座城市称为“武汉”
第一次从新闻里听到
也是从地图上寻见
一次次写入笔记中
你是一串永远写不尽的词汇
2
在花园里
在纯净的家园中
在一座富饶的城市里
一朵朵鲜花被白霜摧毁
把武汉人民陷入了恐慌
忽然间,一番观瞻
我的心灵已经难以平复
我也不知该向武汉说些什么
3
从武汉飘来的新型冠状病毒
仿佛是一位不速之客
奔赴世界各地
残害无数众生
可是,我们对武汉没有任何埋怨与责怪
一起拾抹悲痛的泪水
一起驱逐无尽的恐慌
一起呼吸绝望的哀叹
4
武汉
有的人向你掉去噩耗的唾沫
有的人向你抛去憎恶的眄视
但是,与你共渡难关的人们
利众的仁慈蓝天般广阔
真挚的心声雨水般飘落
捐献出了无穷的财富
只为向你伸出一只温暖的手
此外,英勇壮士前往抗疫的阵地
5
那些带着新异故事的记者
在网上一次次讲述你的事
诉说一个受伤灵魂的悲催
说起许多生死的祈愿与慈悲
赞扬勇闯艰难的英雄之豪情
在地图上你渐渐变成深红色
但是,挫败永远是胜利的警钟
而今,务必要战胜恶疾
悲伤的狂风也不再扬起
向未来张开勇敢的手臂吧
6
恶疾是无情的
我们要继续警惕和抗击
绝不会归罪于那些悲惨的禽兽
我们始终要宽容
为了幸福
为了和谐
相互要平安共处
7
无论遭遇多少的艰辛
要摆脱病毒的阵地
要远离生命的惊恐
要勇敢洗涤茫茫世俗
要守护天堂般的家园
我们是这个世界一部分
武汉加油,绝不能胆怯
8
哎,无情的病毒
想要葬送我们人类吗
想把世界变成地狱吗
我们有亲授教诲的尊师
有分辨取舍的智慧
有同甘共苦的伙伴
啊,湛蓝的天空
春天的光芒
请把染上恶疾的冬天
永远地驱逐吧