འཕགས་ཆེན་འཕྲིན་སྟེགས།
སྙན་
ངག
1
ལྷ་ཡི་ཕོ་ཉ་ཞིག་ལ་མྱ་ངན་ཞུ་བ།
ཏོག་དབྱིབས་ནད་དུག་འགོག་རྒོལ་ཁྲོད་སྐུ་གཤེགས་པའི་ལྷ་རྗེ་ལི་ཝུན་ལིའང་(李文亮)ལ་རྗེས་དྲན་དུ།
འཕགས་ཆེན། (ཡུལ་ཤུལ)
མགོ་ཐོག་གི་ནམ་མཁའ་ལ་ལྟ་དུས།
ཉི་ཟླའང་མོག་མོག་པོ།
རྐང་འོག་གི་ས་གཞི་ལ་ལྟ་དུས།
རྩི་ཤིང་ཡང་སྐྱ་ཐིང་ཐིང་།
གློ་བུར་སུ་ཞིག་བུད་སོང་།
གོས་དཀར་གྱོན་པའི་དཔའ་བོ་ཞིག་བུད་སོང
ནད་ཡམས་ལ་རྒོལ་བའི་ཕོ་ཉ་ཞིག་བུད་སོང་།
ཆེས་མཐའ་མའི་སྐད་ཆ་དེ་བཤད་རྗེས།
ཆེས་མཐའ་མའི་དབུགས་རིང་དེ་བཏང་རྗེས།
རྨི་ལམ་ཅི་ཙམ་ལྷག་ཡོད།
སྨྲེང་སེམས་ཅི་ཙམ་ཁྱེར་ཡོད།
ཁྱོད་ནི་ཅི་འདྲའི་འགྲོ་མགྱོགས་པ་ལ་ཨང་།
ཁྱོད་རང་སོང་རྗེས།
ད་དུང་འཆི་བ་ཡོང་གིན་འདུག
གསར་འགྱུར་ཡོང་གིན་འདུག
ནད་ངན་དང་འགྲོགས་ནས་ཡོང་གིན་འདུག
ངས་ད་ལྟ་ཉི་འོད་འཇམ་པོ་ཞིག་ལ་སྒུག་ཡོད།
ས་ཁྲ་དཀར་པོ་ཞིག་ལ་སྒུག་ཡོད།
ཁྱོད་རང་གླེང་དུས།
ཁ་བ་མར་མར་འབབ་ཚུལ་དྲན་སོང་།
སྤྲིན་དཀར་ཡར་ཡར་ལྡིང་ཚུལ་དྲན་སོང་།
ཁྱོད་རང་འགྲོ་དུས།
ལྷིང་འཇགས་ཀྱི་ནམ་མཁའ་དྲན་སོང་།
ཁྱོད་རང་མེད་དུས།
འཆར་ལ་ཉེ་བའི་དགའ་རོགས་དུས་ཆེན་དེ་དྲན་སོང་།
མཚམས་འདི་ནས།
ངས་ད་དུང་གསར་འགྱུར་ཞིག་གོ་ཐུབ་ན་བསམ།
མི་ཚོགས་འདུ་འཛོམས་ཆོག་པའི་གསར་འགྱུར་ཞིག་གོ་ཐུབ་ན་བསམ།
2020/2/7ཉིན་ཡུལ་ཤུལ་ནས་བྲིས།
2
悼念一位天使
为追悼疫情中离世的医生―李文亮
杷青 著 | 仁增玛 译
看着头顶上的天空
日光朦胧
看着脚下的土地
贫瘠荒凉
突然是谁走了
一个身穿白衣的英雄
一个与病魔斗争的天使
说了最后一句话
叹最后一口气
留下了多少梦
带走了多少哀痛
您走的如此匆忙
您走后
死亡还在来临
新闻不止
随着病毒一同降临
此刻,我在等待一抹暖阳
等待着一张白色地图
提到您
想起漫天雪花
乌云密布的一幕
您走时
想到平静的天空
您不在时
想到即将迎来的情人节
这一刻
我还在期盼一个新闻
一个可以集聚人群的新闻
2020/2/7日 写于玉树
一起为高考加油
Send to Author