དོ་ནུབ། རྨི་ལམ་མེད་པར་ཤོག འཕགས་ཆེན།
འཕགས་ཆེན་འཕྲིན་སྟེགས།
འཕགས་ཆེན། (ཡུལ་ཤུལ།)
སྙན་
ངག
བོད
དོ་ནུབ། རྨི་ལམ་མེད་པར་ཤོག
ད་ལྟ་ཉི་ནུབ་ཀྱི་རྩྭ་ཐང་ངོས་སུ
རང་བྱུང་གི་ཤུར་སྒྲ་དཀོན་པ་བཞིན
གྲོང་ཁྱེར་གྱི་འུར་ཟིང་ནང་དུ
ཉི་ཟེར་དང་ཟླ་འོད་འདྲེས་པའི་དབྱངས་རྟ་ཙམ་ཡང་མི་འདུག
དོ་ནུབ་ཀྱི་མཚན་མོ་འདི་ནི
གངས་རིའི་ང་རྒྱལ་གཅོག་པའི་གླུ་ལེན་མཁན་དེ་རེད
ལང་ཚོའི་གླུ་སྒྲ་བཅོམ་པའི་རྨི་ལམ་དཀྲོག་མཁན་དེ་རེད
སྲང་ལམ་ཕྲ་མོ་དག་ནས་མཆེད་པའི
གཉོམ་ཞིང་སྙི་བའི་མཚན་མོ་སྟེ
ཚུལ་འཆོས་ཀྱི་མཆོར་རྒྱན་སྤྲས་པའི་མཚན་མོ་སྟེ
དོ་ནུབ་ཀྱི་མཚན་མོ་ནི
བསླུ་བྲིད་ཀྱི་བར་མཚམས་ཤིག
འཁོར་བ་ཡི་ཐ་སྙད་ཅིག
མུན་པའི་ནང་གི་རྨི་ལམ་དེ
ནམ་མཁར་འཇའ་ཚོན་ཤར་བ་འདྲ
སོག་མ་ཆུ་ཁར་འཕྱོ་བ་འདྲ
ཁེར་རྐྱང་གི་རྨི་ལམ་ནི
རྒྱ་མཚོའི་ནང་གི་ནོར་བུ་འདྲ
ཨ་ཆེན་ཐང་གི་འབྲོང་རྒོད་འདྲ
ཡོད་ཚད་གཉིད་ཀྱིས་འཐིབས་པའི་ཚེ
ང་ནི་གངས་རི་བརྒལ་བའི་ཁེར་རྐྱང་ཞིག
དོ་ནུབ་ཀྱི་མཚན་མོ་འདིར
ང་ལ་རྨི་ལམ་མེད་པར་ཤོག
མེ་ལྕེ་དང་གཙང་པོ་ལྟ་བུའི་སང་ཉིན
ཞོགས་པའི་སྐར་རྒྱན་བཞིན
ང་ནི་མི་ཚོགས་ཀྱི་ཕ་རོལ་ཏུ་སད་ཐུབ་པར་སྨོན།
2020/5/30ཉིན་བྲིས།
རྩོམ་བརྡ།
ངེད་ཀྱི་འཕྲིན་སྟེགས་སུ་རྩོམ་ཡིག་ལེགས་པོ་རེ་བསྐུར་བར་ཞུ། དེ་ལ་ངེས་པར་འཕྲིན་སྟེགས་གཞན་ལ་མ་སྤེལ་བ་ཡིན་དགོས།
སྙན་ངག་སྐུར་མཁན་དག་གིས་ཆེད་དུ་སྙན་ངག་དང་མཉམ་དུ་རང་ཉིད་ཀྱི་པར་ཞིག་སྐུར་ཤོག ངོ་སྤྲོད་ཡོད་མེད་གང་ཡིན་ན་འགྲིག རྩོམ་ཡིག་བསྐུར་ཡུལ། ཡིག་སྒམ།👇🏻
2863646903@qq.com
一起为高考加油