《དུས་ཚོད་སྟོང་ཚུལ་ཞིག》བཙུན་ཆུང་ཀརྨ་ཕུན་ཚོགས་རྗེས་དྲན། འཕགས་ཆེན།
འཕགས་ཆེན་འཕྲིན་སྟེགས།
སྙན་
ངག
བོད
དུས་ཚོད་སྟོང་ཚུལ་ཞིག
སློབ་བུ་ཀརྨ་ཕུན་ཚོགས་སྐུ་གཤེགས་ནས་ལོ་འཁོར་གཅིག་ལོན་པའི་རྗེས་དྲན་དུ།
འཕགས་ཆེན། (ཡུལ་ཤུལ)
ཁ་སང་གི་དུས་ཚོད་སྦོས་སོང་བ་མ་རེད
དེ་རིང་གི་དུས་ཚོད་སྟོང་སོང་བས་རེད
གང་ན་ཡོད
ངས་དུས་ཡུན་རིང་པོ་ཞིག་ལ་བཙལ་བ་ཡིན
དུས་ཚོད་བརྩིས་ནའང
དུས་ཚོད་ཅིག་ཆད་འདུག
དུས་ཚོད་འགྲོ་གིན་འགྲོ་གིན
དུས་ཚོད་ཅིག་འཁོར་ཡོང་ནའང
དུས་ཚོད་དེ་སྔོན་གྱི་དུས་ཚོད་དེ་མ་རེད
དུས་ཚོད་སྟོང་ཚུལ་དེས
གཉུག་མའི་རང་གཤིས་ཤིག དྭངས་མའི་འཛུམ་ཞལ་ཞིག
ང་དང་ཆད་སྟོང་དུ་ལུས་ཡོད་པ་མ་ཡིན་ནམ
མདོ་མེད་ཀྱི་གྲོང་ཁྱེར་འདི་ནས
འུ་གཉིས་ཀྱི་གངས་རི་དེ་དྲན་སོང
འོ་ཡ
སྐབས་འདིར་ཕྱི་དྲན་ཞིག་བྱས་ན
ལོ་ངོ་གཉིས་ཀྱི་ཡར་སྔོན་དེར
ཀ་དག་ཀློང་ཡངས་ཀྱི་མ་ཡུམ་སློབ་གྲྭ་དེ་ནས
ཁྱེད་ཚོས་ང་ལ་ཅེར་ཡོད་པ་དེ་དྲན་སོང
ངས་ཁྱེད་ཚོར་བཤད་པ་དག་དྲན་སོང
དེ་ཅི་ཡིན་ནམ
ད་དུང་མང་པོ་ཞིག་དྲན་སླ་མོ་རེད
ན་ནིང་ད་ཚོད་ནི་མཇུག་མཐའི་ཐུག་འཕྲད་ཅིག་རེད
ཕྱིར་ཉིན་ཁྱེད་རང་བུད་སོང་བ་མ་ཡིན་ནམ
དེ་ནས་བཟུང་སྟེ་ངས་ཁྱེད་རང་མཐོང་མ་སོང
ང་རྗེས་སུ་སྡོད་དགོས་དོན་ག་རེ་རེད
ངའི་སྙིང་ཉེ་བ་མང་པོ་ཞིག་ཀྱང་སྔོན་དུ་བུད་སོང
ང་ཤུལ་དུ་བསྐྱུར་དོན་ག་རེ་ཡིན་ནམ
ཁྱེད་རང་བུད་སོང་ནའང
སློབ་གྲོགས་ཚང་མ་རྗེས་ལ་ཡོད
ངས་ཁྱེད་ཚོའི་བར་གྱི་ནམ་མཁའ་དེ་བརྗེད་མེད
ནམ་མཁའ་དེར
རླུང་དམར་འུར་འུར་ལྡང་བ་དང སྤྲིན་དཀར་ལང་ལོང་གཡོ་བ
འཇའ་འོད་ཀོར་ཀོར་འཕྲོ་བ་མཐོང་བཞིན་ཡོད
ངས་བརྩེ་སེམས་ཀྱི་མདུད་པ་བཀྲོལ་མེད
ཕྱི་ཐག་གི་སྐུད་པ་བཅད་མེད
རེད
ངས་ཁྱོད་ལ་བཤད
ད་ལོ་ངས་འགྲུལ་བཞུད་ཅིག་འགོ་བརྩམས་པ་ཡིན
བར་ཆད་མང་པོ་འདུག
ལམ་འགྲོ་ཡག་པོ་བྱུང་མ་སོང
ད་ལྟ་ང་གཅིག་པུར་བསྡད་ཡོད
ངས་ཁྱེད་ཚོ་དྲན་བཞིན་ཡོད
ཁྱེད་རང་སོང་ནས་ལོ་གཅིག་རེད་འདུག
ཁོ་ཚོ་མ་མཇལ་ནས་ཟླ་བ་ལྔ་རེད་སོང
2020/6/15ཉིན་༼བོད་ཀྱི་བྲོ་བ་༽ཞེས་པའི་ཁོ་ཧྥེ་ཁང་ཞིག་ནས་བྲིས།
གཤམ་ནས་ཁོང་གིབརྩམས་ཆོས་ལ་གཟིགས་པར་ཞུ།
རྩོམ་བརྡ།
ངེད་ཀྱི་འཕྲིན་སྟེགས་སུ་རྩོམ་ཡིག་ལེགས་པོ་རེ་བསྐུར་བར་ཞུ། དེ་ལ་ངེས་པར་འཕྲིན་སྟེགས་གཞན་ལ་མ་སྤེལ་བ་ཡིན་དགོས།
སྙན་ངག་སྐུར་མཁན་དག་གིས་ཆེད་དུ་སྙན་ངག་དང་མཉམ་དུ་རང་ཉིད་ཀྱི་པར་ཞིག་སྐུར་ཤོག ངོ་སྤྲོད་ཡོད་མེད་གང་ཡིན་ན་འགྲིག རྩོམ་ཡིག་བསྐུར་ཡུལ། ཡིག་སྒམ།👇🏻
2863646903@qq.com
一起为高考加油