前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

རྗེ་མི་ལ་རས་པའི་མགུར་ལས་སྙིང་པོ་དམ་ཆོས་བྱེད་པར་དམ་བཅའ་བའི་གླུ།

杷青 杷青 Pagchen 2022-07-26


རྗེ་བཙུན་མི་ལའི་ཞབས་ལ་གསོལ་བ་འདེབས།

རྗེ་བཙུན་མི་ལ་རས་པའི་མགུར་ལས་སྙིང་པོ་དམ་ཆོས་བྱེད་པར་དམ་བཅའ་བའི་ཕྱ་མ་ཕྱོ་ཡི་གླུ།

 

རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན།།

སྒྲ་སྒྱུར་མར་པའི་བཀའ་ལུང་བཞིན།།

ཕ་ཡུལ་བདུད་ཀྱི་བཙོན་ར་རུ།།

མི་རྟག་སྒྱུ་མའི་སློབ་དཔོན་བྱུང་།།

སློབ་དཔོན་བཟང་པོ་འདི་ཉིད་ལ།།

ངེས་ཤེས་འདྲོངས་པར་བྱིན་གྱིས་རློབས།།

སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན།།

མི་རྟག་མི་བརྟན་འགྱུར་ཞིང་འགྲོ།

སྒོས་འཁོར་བའི་ཆོས་ལ་སྙིང་པོ་མེད།།

སྙིང་པོ་མེད་པའི་བྱ་བྱེད་པས།།

སྙིང་པོ་ལྷ་ཆོས་བྱེད་དུ་འགྲོ།།

དང་པོ་ཕ་ཡོད་ཙ་ན་བུ་ང་མེད།།

བུ་ཡོད་ཙ་ན་ཕ་ཡང་མེད།།

གཉིས་ཀ་འཛོམ་རུང་སྙིང་པོ་མེད།།

བུ་ང་སྙིང་པོའི་ལྷ་ཆོས་བྱེད།།

བྲག་དཀར་རྟ་སོར་སྒོམ་དུ་འགྲོ།།

མ་ཡོད་ཙ་ན་བུ་ང་མེད།།

བུ་ངས་སླེབ་ཚེ་མ་རྒན་གུམ།།

གཉིས་ཀ་འཛོམ་རུང་སྙིང་པོ་མེད།།

བུ་ང་སྙིང་པོའི་ལྷ་ཆོས་བྱེད།།

བྲག་དཀར་རྟ་སོར་སྒོམ་དུ་འགྲོ།

སྲིང་མོ་ཡོད་ཚེ་མིང་པོ་མེད།།

མིང་པོ་སླེབས་ཚེ་སྲིང་མོ་འཁྱར།།

གཉིས་ཀ་འཛོམས་རུང་སྙིང་པོ་མེད།།

བུ་ང་སྙིང་པོའི་ལྷ་ཆོས་བྱེད།།

བྲག་དཀར་རྟ་སོར་སྒོམ་དུ་འགྲོ།

དམ་ཆོས་ཡོད་ཚེ་ཞབས་ཏོག་མེད།།

ཞབས་ཏོག་སླེབས་ཚེ་ཐིགས་པས་གདུངས།།

གཉིས་ཀ་འཛོམས་རུང་སྙིང་པོ་མེད།།

བུ་ང་སྙིང་པོའི་ལྷ་ཆོས་བྱེད།།

བྲག་དཀར་རྟ་སོར་སྒོམ་དུ་འགྲོ།

ཁང་པ་ཡོད་ཚེ་བདག་པོ་མེད།།

བདག་པོ་སླེབས་ཚེ་ཁང་པ་རལ།།

གཉིས་ཀ་འཛོམས་རུང་སྙིང་པོ་མེད།།

བུ་ང་སྙིང་པོའི་ལྷ་ཆོས་བྱེད།།

བྲག་དཀར་རྟ་སོར་སྒོམ་དུ་འགྲོ།

བཤོས་ཞིང་ཡོད་ཚེ་བདག་པོ་མེད།།

བདག་པོ་སླེབ་ཚེ་འཇག་སྐྱས་འཕྱུར།།

གཉིས་ཀ་འཛོམ་རུང་སྙིང་པོ་མེད།།

བདག་པོ་སྙིང་པོའི་ལྷ་ཆོས་བྱེད།།

བྲག་དཀར་རྟ་སོར་སྒོམ་དུ་འགྲོ།

ཕ་ཡུལ་ཕ་ཁང་ཕ་ཞིང་སོགས།།

འཁོར་བ་སྙིང་པོ་མེད་པའི་ཆོས།།

སྙིང་མེད་སེམས་ཅན་སུ་དགའ་ཁྱེར།།

རྣལ་འབྱོར་ཐར་པ་སྒྲུབ་ཏུ་འགྲོ།།

ཕ་དྲིན་ཅན་མར་པ་ལོ་ཙཱ་བ།།

སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས།།

མུ་མཐུད་ནས་ནང་དོན་གསར་ཤོས་ལ་གཟིགས།

འགྱུར་བརྒྱ་རྩ་བརྒྱད་ཀྱི་དེབ་གསར༼འབྲུག་སྒྲ༽འགྲེམས་སྤེལ་ཁྱབ་བསྒྲཊ།

“འབྲུག་སྒྲ་”ཞེས་པའི་བོད་འགྱུར་པར་སྐྲུན་ལས་བརྩམས་པའི་བསྒྲགས་གཏམ།

༧ཆོས་རྒྱམ་དྲུང་པའི་རྣམ་ཐར། བརྙན།邱阳创巴仁波切的时代与生命

ཕྱིར་རྟོག་དང་རྡུལ་ཚོན། འཕགས་ཆེན་གྱི་སྙན་ངག་གསར་པ།

《དུས་ཚོད་སྟོང་ཚུལ་ཞིག》བཙུན་ཆུང་ཀརྨ་ཕུན་ཚོགས་རྗེས་དྲན། འཕགས་ཆེན།

སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།

དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།

དཔེ་ཆ་ཀློག་པའི་གཞོན་ནུ་མ་ཞིག འཕགས་ཆེན་གྱི་སྙན་ངག་གསར་པ།

ལག་སྟོང་ཞིག་གིས་མནར་གཅོད་གཏོང་ཚུལ། འཕགས་ཆེན་སྙན་ངག་གསར་པ།

གཤམ་གྱི་རི་མོ་དང་མེ་ཏོག་སྟེང་ལན་རེ་ནོན་མཛོད།

文章有问题?点此查看未经处理的缓存