前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

ནད། ནད། ནད། ནད། འཕགས་ཆེན།

杷青 杷青 Pagchen 2022-07-26



འཕགས་ཆེན་འཕྲིན་སྟེགས།



འཕགས་ཆེན། (ཡུལ་ཤུལ།)




ཞོར་དུ་གཞས་ལ་གསན་རོགས།

སྙན་

ངག









བོད

ནད།






རྣམ་ཤེས་ཀྱི་རྨ་ཁ་སློང་བྱེད་ནི

ནད་ཅིག་ཏན་ཏན་ཡིན་འདུག

ནད་འདིས  ལྷ་བླ་མའི་ཞལ་ངོ་གནག་ཅིང

ནད་འདིས  ཤ་ཁྲག་གི་བུ་ལོན་ཚ་འདེད་བྱེད


གཉིད་ཀྱིས་ལག་པ་རིང་པོ་བརྐྱངས་ཏེ

ནད་ཀྱིས་དྲན་གདུང་རླུང་ལ་བསྐྱོན

ནམ་མཁའི་རྨི་ལམ་གོར་མོ་དེ་འཇིག་པར་འགྱུར


ལག་འཇུ་བྱས་པའི་རོལ་དབྱངས་བཞིན

ནད་ཀྱིས་ང་ལ་གདུང་གླུ་བླངས

ངས་གླུ་ལན་ཅི་ཞིག་ཕུལ་དགོས་པའང་མ་ཤེས


འདི་ན་ཡུན་དུ་བསྡད་ན

ནད་ཀྱིས་ང་ལ་བཀོད་སྒྲིག་བྱེད་སྲིད

འོན་ཀྱང  ནད་ནི་ནད་དེ   

མིག་གི་མེ་ཏོག་ལ་བརྩེ་དུང་གི་མདའ་མོ་འཕེན་འོང


ནད་ནི་ཐུག་འཕྲད་ཅིག་ཡིན་ན

ང་ནི་གྱེས་བྲལ་ཞིག་ཡིན་ན་ཆོག

ནད་དང་ངེས་པར་འབྲལ་བ་ལ

ངས་དང་པོ་ཉིད་ནས

རང་ཉིད་ཀྱི་བག་ཆགས་མཐུག་པོ་ཞིག་དང་འབྲལ་དགོས


རྩོམ་བརྡ།


   ངེད་ཀྱི་འཕྲིན་སྟེགས་སུ་རྩོམ་ཡིག་ལེགས་པོ་རེ་བསྐུར་བར་ཞུ། དེ་ལ་ངེས་པར་འཕྲིན་སྟེགས་གཞན་ལ་མ་སྤེལ་བ་ཡིན་དགོས། 

   སྙན་ངག་སྐུར་མཁན་དག་གིས་ཆེད་དུ་སྙན་ངག་དང་མཉམ་དུ་རང་ཉིད་ཀྱི་པར་ཞིག་སྐུར་ཤོག ངོ་སྤྲོད་ཡོད་མེད་གང་ཡིན་ན་འགྲིག རྩོམ་ཡིག་བསྐུར་ཡུལ། ཡིག་སྒམ།👇🏻

2863646903@qq.com

མུ་མཐུད་ནས་ནང་དོན་གསར་ཤོས་ལ་གཟིགས།

ཕྱིར་རྟོག་དང་རྡུལ་ཚོན། འཕགས་ཆེན་གྱི་སྙན་ངག་གསར་པ།

འཕན་ཡུལ་གྱི་དམངས་གཞས་བདམས་བཀོད།

ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་ཡིན། 菩提心(心灵音乐)

རྗེ་མི་ལ་རས་པའི་མགུར་ལས་སྙིང་པོ་དམ་ཆོས་བྱེད་པར་དམ་བཅའ་བའི་གླུ།

《དུས་ཚོད་སྟོང་ཚུལ་ཞིག》བཙུན་ཆུང་ཀརྨ་ཕུན་ཚོགས་རྗེས་དྲན། འཕགས་ཆེན།

སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།

དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།

དཔེ་ཆ་ཀློག་པའི་གཞོན་ནུ་མ་ཞིག འཕགས་ཆེན་གྱི་སྙན་ངག་གསར་པ།

ལག་སྟོང་ཞིག་གིས་མནར་གཅོད་གཏོང་ཚུལ། འཕགས་ཆེན་སྙན་ངག་གསར་པ།


一起为高考加油

文章有问题?点此查看未经处理的缓存