前外交部副部长傅莹:一旦中美闹翻,有没有国家会站在中国一边

终于找到了高清版《人间中毒》,各种姿势的图,都能看

去泰国看了一场“成人秀”,画面尴尬到让人窒息.....

Weixin Official Accounts Platform

2021年推特网黄粉丝排名Top10 (文末福利)

生成图片,分享到微信朋友圈

自由微信安卓APP发布,立即下载! | 提交文章网址
查看原文

འཕགས་ཆེན་གྱི་སྙན་ངག | ཉི་མ་ལྷ་ས། རོང་མོས་གྱེར།

杷青 杷青 Pagchen 2022-07-26



འཕགས་ཆེན་འཕྲིན་སྟེགས།



འཕགས་ཆེན། (ཡུལ་ཤུལ།)




གྱེར་འདོན་ལ་གསན་རོགས།

སྙན་

ངག









བོད

ཉི་མ་ལྷ་ས།





རྩོམ་པ་པོ། འཕགས་ཆེན། གྱེར་འདོན་པ། རོང་མོ།


ཉི་མ་ལྷ་ས

ང་ཁྱེད་ཀྱི་ཉི་འོད་འོག་ཏུ་ཐེངས་བཞི་ལ་ལོག

དང་པོ་དང་གསུམ་པ་ནི་ཀོང་པོ་བརྒྱུད་དེ་རླངས་འཁོར་དུ

ཆབ་མདོ་དང་ཉིང་ཁྲི་ནས་ཁྱོད་རང་བརྗེད་མ་མྱོང

གཉིས་པ་ནི་གཏེར་ལེན་ཁ་བརྒྱུད་དེ་མེ་འཁོར་དུ

ཟི་ལིང་དང་ནག་ཆུ་ནས་ཁྱེད་རང་སྨད་མ་མྱོང

བཞི་པ་འདི་ཁྲིང་ཏུའུ་བརྒྱུད་དེ་གནམ་གྲུ་རུ

མཁའ་དབྱིངས་ནས་ཁྱེད་རང་བོར་མ་མྱོང


ཉི་མ་ལྷ་ས

དབུས་ལམ་བརྒལ་ནས་ཁྱེད་ཀྱི་པང་དུ་ལོག་དུས

དབུས་ལམ་ནི་རིང་ཡང་རིང་ལ་ཐུང་ཡང་ཐུང

དབུས་ལམ་ནི་མང་ཡང་མང་ལ་ཉུང་ཡང་ཉུང

ནམ་མཁའ་ལའང་དབུས་ལམ་འདུག

དབུས་ལམ་འདི་མཐོན་པོ་ཞེ་དྲགས་རེད

སྤྲིན་དཀར་གྱི་གོང་དང་རི་བོའི་ཀླད་ན་འདུག

ཉི་མ་ལྷ་ས

དབྱར་ཟླ་བདུན་པའི་མཛེས་སྡུག་མཐོང་སོང

ཉི་འོད་འཕྲོ་ཡུན་རིང་ཤོས་དེ་ཤེས་སོང

འོན་ཀྱང

འབྲི་འཕྲོར་ལུས་པའི་སྙན་ངག་དེ་ཇི་ལྟར་འབྲི

མྱོང་མ་ཐུབ་པའི་འཚོ་བ་དེ་ཇི་ལྟར་རོལ

བཤད་མ་ཚར་བའི་གཏད་རྒྱུད་དེ་ཇི་ལྟར་འཚོལ

ཉི་མ་ལྷ་ས

ཁྱོད་ནི་ང་རང་ག་ལེར་འགྲོ་ས་དེ་ཡིན

ཁྱོད་ནི་ང་རང་མྱུར་དུ་འཕུར་ས་དེའང་ཡིན

ཁྱོད་ནི་ང་རང་གཉིད་ས་དེ་ཡིན

ཁྱོད་ནི་ང་རང་སད་ས་དེའང་ཡིན

འུ་གཉིས་བར་ལ་འགྲེལ་བཤད་ཅི་ཡང་མི་དགོས

ང་ཁྱོད་ཀྱི་གམ་དུ་ཡོང་ཐེངས་རེར

ངས་ཕ་ཡུལ་ཟེར་བའི་ལུང་ཁུག་དེའང་བརྗེད་ན་ཆོག

ཉི་མ་ལྷ་ས

ང་ཁྱོད་ཀྱི་ནམ་མཁའ་བརྒལ་ནས་ཡོང

ས་གཞི་བདས་ཏེ་ཐོན

ངའི་སེམས་ཀྱི་ན་ཟུག་ཡོད་ཚད་སེལ་རོགས

ངའི་ལུས་ཀྱི་ངལ་དུབ་ཡོད་ཚད་དོར་རོགས

ངའི་རྨི་ལམ་འདི་སྐྱིད་ཆུ་ཡིས་འཁྲུ་རོགས

ངའི་སྤོབས་པ་འདི་ཉི་འོད་ཀྱིས་སྲོ་རོགས


ཉི་མ་ལྷ་ས

དེ་རིང་ཇོ་བོ་མཇལ་དུས

ང་ལ་དཀོན་མཆོག་གཞན་ཞིག་ཡོད་པ་མ་དྲན

ཁར་ཉིན་པོ་ཏ་ལ་བསྐོར་དུས

ང་ནི་ཁེར་རྐྱང་ཡིན་པའང་བརྗེད་སོང

ངའི་འཆར་ཡན་གྱི་ཁྱབ་ཁོངས་དེ

ངའི་ཚོར་བའི་གཏིང་མཐའ་དེ

ཁྱོད་ལ་འགྲེལ་བཤད་བྱེད་ཐབས་མི་འདུག

འོན་ཀྱང་ངས་ཡོད་ཚད་ཁྱེར་ནས་ཐོན་ཡོད

ཉི་མ་ལྷ་ས

ནམ་མཁའ་ལ་ཉི་མ་ཤར་བ་ལྟར

གསལ་ལྷང་ངེར་ཡོད་པ་ནི

ཕོ་བྲང་པོ་ཏ་ལྷ་ཁང་རེད

ཇོ་བོ་ཡིད་བཞིན་ནོར་བུ་རེད

ཁྱོད་ཀྱི་གཟུགས་ཅན་དང་གཟུགས་མེད་ཡོད་ཚད་རེད

ང་དེ་རིང་ཁྱོད་ཀྱི་པང་དུ་ཡོད

གཏན་ནས་གཏན་དུ

ཁྱོད་ཀྱིས་ང་ལ་བར་ཐག་འཇོག་སྲིད་དམ

ངས་ཁྱོད་ལ་རྒྱབ་འགལ་བྱེད་སྲིད་དམ


2020/7/29ཉིན་ལྷ་ས་ནས་བྲིས།


   

རོང་མོ། (གཞིས་ཀ་རྩེ།)

མུ་མཐུད་ནས་ནང་དོན་གསར་ཤོས་ལ་གཟིགས།

ཕྱིར་རྟོག་དང་རྡུལ་ཚོན། འཕགས་ཆེན་གྱི་སྙན་ངག་གསར་པ།

ནད།  ནད། ནད། ནད།  འཕགས་ཆེན།

ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས་པ་ཡིན། 菩提心(心灵音乐)

རྗེ་མི་ལ་རས་པའི་མགུར་ལས་སྙིང་པོ་དམ་ཆོས་བྱེད་པར་དམ་བཅའ་བའི་གླུ།

《དུས་ཚོད་སྟོང་ཚུལ་ཞིག》བཙུན་ཆུང་ཀརྨ་ཕུན་ཚོགས་རྗེས་དྲན། འཕགས་ཆེན།

སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།

དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།

དཔེ་ཆ་ཀློག་པའི་གཞོན་ནུ་མ་ཞིག འཕགས་ཆེན་གྱི་སྙན་ངག་གསར་པ།

ལག་སྟོང་ཞིག་གིས་མནར་གཅོད་གཏོང་ཚུལ། འཕགས་ཆེན་སྙན་ངག་གསར་པ།


一起为高考加油

文章有问题?点此查看未经处理的缓存