འཕགས་ཆེན་འཕྲིན་སྟེགས།
འཕགས་ཆེན། (ཡུལ་ཤུལ།)
སྙན་
ངག
བོད
སང་ཉིན་ཆར་བ་འབབ་སྲིད་དམ།
—གློག་བརྙན་《ཆུ་ལྷམ་ཆུང་ཆུང་》ལ་བལྟས་རྗེས།
དབང་གྲགས
ངའང་ཐོག་མར་བྱིས་པ་ཞིག་ཡིན
ཆུ་ལྷམ་མེད་པའི་བྱིས་པ་ཞིག་ཡིན
ཨ་ཕ་ལ་སྒུག་མྱོང་བའི་བྱིས་པ་ཞིག་ཡིན
ཆུ་རྩེད་བརྩེས་ནས་ཉི་མ་མུན་ལ་གཏུགས་མྱོང
ཆར་པས་འདོད་བློ་གཏན་ནས་བརླན་མ་མྱོང
ལྷ་མོ
ཁྱིམ་ཚང་གཅིག་གི་སྒོ་ཁ་ན
སྤྲིན་དཀར་བཞིན་འཕྱོས
སློབ་གྲྭ་གཅིག་གི་ཁོར་ཡུག་ན
དཔྱིད་ཀའི་མེ་ཏོག་བཞིན་བཞད
སྐྱོ་གདུང་གི་འདམ་ཆུ་ཁོག་ཏུ་ལྷུང་དུས
ཁྱོད་ནི་ཆུ་ལྷམ་ལྷམ་ཆུང་ཞིག་རེད
ཕ་ཡུལ་གྱི་རྐང་ལམ་བརྒལ་དུས
མིག་ཆུ་ནང་དུ་འདྲེས་པའི་རང་གཤིས་གཙང་མ་དེ
དབང་གྲགས་ལྟ་བུའི་བྱིས་པ་ཚོ་ལ་ཡོད
འཛུམ་མདངས་ནང་ནས་འབབ་པའི་བརྩེ་བ་དག་མ་དེ
ལྷ་མོ་ལྟ་བུའི་བྱིས་པ་ཚོ་ལ་ཡོད
བསླུ་བྲིད་ཀྱི་ཁ་རླངས་མ་ཐེབས་པས
གང་བྱས་སྐྱོན་གྱིས་མ་གོས
ནམ་མཁའ་མཐོན་པོ་ཡིན་ནའང
ལྷ་མདུན་ནས་བུ་རམ་ཟོས་མྱོང
རི་རབ་ལྗིད་པོ་ཡིན་ནའང
རྨི་ལམ་ལ་ཡིད་ཆེས་བྱས་མྱོང
ཆུ་ལྷམ་ཆུང་ཆུང་ལ་ལྟ་བཞིན་ལྟ་བཞིན
རང་ཉིད་ཀྱི་བྱིས་དུས་དྲན་སོང
སྐུད་པས་འཚེམ་པའི་ལྷམ་ཆ་གཅིག་དྲན་སོང
ཀྱལ་ཀ་མང་བའི་བྱིས་གཏམ་དྲན་སོང
ཚོན་གྱིས་མ་བསླད་པའི་སྟོན་ཀ་དེ
བྱིས་དུས་ཀྱི་བང་རིམ་མཐོན་པོ་ཞིག་ཏུ་ཚོར་སོང
ལྷམ་ལ་བརྩེ་བ་ཡོད་ན
འཇིག་རྟེན་རྡོག་པས་བརྫི་ཆོག
སང་ཉིན་མེད་པའི་མིག་མདུན་དུ
གནམ་ས་གཉིས་ཀ་ཤོང
དེ་རིང་ཡོད་ན
གྲིབ་མ་རྩེད་ཆས་བྱེད་ཆོག
ནམ་མཁའ་ལ་སྙིང་རྗེ་ཡོད
ལོ་ཏོག་ལ་བརྩེ་བ་ཡོད
རྩ་བ་མི་འདྲ་བའི་འཇིག་རྟེན་གྱི་སྣེ་མོ་གཉིས་སུ
སུ་ཞིག་གི་འདོད་དོན་འགྲུབ་སྲིད
དབང་གྲགས
གནམ་གཤིས་སྔོན་བརྡ་བཏང་སོང་ངམ
སྔགས་པས་ག་རེ་གནང་གིན་འདུག
སང་ཉིན་ཆར་པ་འབབ་སྲིད་དམ
ཆུ་ལྷམ་ལྷམ་ཆུང་ཆུང་དེ་ནི་ཆུ་ལྷམ་ཞིག་ཡིན་སྲིད་དམ།
2020/8/7ཉིན་ལྷ་ས་ནས་བྲིས།
མུ་མཐུད་ནས་ནང་དོན་གསར་ཤོས་ལ་གཟིགས།
1 ཕྱིར་རྟོག་དང་རྡུལ་ཚོན། འཕགས་ཆེན་གྱི་སྙན་ངག་གསར་པ།
3 འཕགས་ཆེན་གྱི་སྙན་ངག | ཉི་མ་ལྷ་ས། རོང་མོས་གྱེར།
4 ལྷ་སའི་དགོན་རྙིང་ཚལ་གུང་ཐང་དུ་བསྐྱོད་པའི་རེག་ཟིག འཕགས་ཆེན།
5 《དུས་ཚོད་སྟོང་ཚུལ་ཞིག》བཙུན་ཆུང་ཀརྨ་ཕུན་ཚོགས་རྗེས་དྲན། འཕགས་ཆེན།
6 སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།
7 དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།
一起为高考加油
Send to Author